མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༠༨ ལོར་བོད་མི་ ༦༢༧ལས་བཙན་བྱོལ་དུ་འབྱོར་མེད།

བོད་ཀྱི་དུས་བབ།
༢༠༠༩/༠༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་ལོ་ ༢༠༠༨ ལོའི་སྤྱི་ཟླ་ ༣ པ་ནས་སྤྱི་ལོ་ ༢༠༠༨ ལོའི་སྤྱི་ཟླ་ ༡༢ བར་བོད་མི་ ༡༢༠ ཙམ་བསད་ཅིང༌། ཉུང་མཐར་བོད་མི་ ༦༥༠༠ ཙམ་འཇུ་བཟུང་བྱས་ཡོད་པ་དང༌། དེའི་ནང་ནས་བོད་མི་ ༡༩༠ ཙམ་ལ་དྲང་བདེན་མིན་པའི་ཁྲིམས་ཐག་ལྗིད་མོ་བཅད་པ་ཡོད་ཅིང་། ཁྲིམས་ཆད་ཀྱི་ལོ་ཚད་ཟླ་དགུ་ནས་ཚེ་བཙོན་བར་བཅད་ཡོད་འདུག་ལ། ས་མཚམས་དང་ལམ་མདོ་ཁག་དམ་དྲག་བྱས་སྟབས་ ༢༠༠༨ ལོར་བོད་མི་ ༦༢༧ ལས་བཙན་བྱོལ་དུ་ཐར་མཁན་བོད་མི་ ༦༢༧ ལས་མེད། 

ཚེས་ ༢༡ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཏེ། ༢༠༠༨ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ཀྱི་ལས་སྡོམ་དང༌། ལོ་འཁོར་སྙན་ཐོ་དབྱིན་ཡིག་དེབ་གཉིས་དང་བོད་ཡིག་དེབ་གཅིག་བཅས་དཔར་དུ་བསྐྲུན་འདུག  གསར་འགོད་གསལ་བསྒྲགས་ཐོག་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་གསུངས་དོན། ༢༠༠༨ ལོ་ནི་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་ཁྱབ་བསྒྲགས་བྱས་ཏེ་ལོ་ ༦༠ འཁོར་བའི་དུས་དྲན་གྱི་ལོ་ཡིན་པ་དང༌། རྒྱལ་སྤྱིའི་ཁྱོན་ཡོངས་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་འགན་ལེན་ཆེན་པོ་བྱེད་པའི་ལོ་དེར། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་དམ་ཡིག་ནང་འཁོད་པའི་ཐོབ་ཐང་གཞིར་བཟུང་ཞི་བའི་གྱེན་ལངས་བྱེད་མཁན་གྱི་བོད་མི་ཚོར་དྲག་གནོན་བྱས་ཏེ། བསད་པ་དང་བཟུང་བ། བོར་བརླག་ཏུ་སོང་བ། མནར་གཅོད་འོད་འདས་པ། དྲང་བདེན་མིན་པའི་ཁྲིམས་ཆད་བཏང་བ་སོགས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་ཡོད་ལ། བོད་མི་ཚོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་འབངས་གཅིག་མཚུངས་ཀྱི་ཆེ་མཐོང་དང་ཁེ་ཕན། ཚེ་སྲོག་བཅས་ལ་བརྩི་འཇོག་མ་བྱས་པ་མངོན་ཡོད། དེ་བཞིན་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་འཆམ་མཐུན་སྤྱི་ཚོགས་འཛུགས་བསྐྲུན་དང༌། མི་གཙོ་བོར་འཛིན་པ་ཟེར་བའི་གཏམ་བཤད་ཀྱི་སྲིད་བྱུས་དེའི་རྒྱབ་ཏུ་དྲག་གནོན་ཁོ་ནའི་ལམ་ནས་དབང་བསྒྱུར་བྱ་ཐབས་བྱེད་པ་གསལ་བོར་མངོན་ཡོད། དྲག་གནོན་གྱི་ལམ་ནས་སྤྱི་ཚོགས་འཛུགས་བསྐྲུན་བྱེད་པ་ཡང་མཚོན་ཡོད་ཟེར།

ཁོང་གིས་མུ་མཐུད་གསུངས་དོན།  ཞིབ་འཇུག་གི་ཐོག་ནས་གནས་ཚུལ་ཁུངས་ལྡན་རག་པ་ལྟར་ན། སྤྱི་ལོ་ ༢༠༠༨ ལོའི་སྤྱི་ཟླ་ ༣ པ་ནས་སྤྱི་ལོ་ ༢༠༠༨ ལོའི་སྤྱི་ཟླ་ ༡༢ བར་བོད་མི་ ༡༢༠ ཙམ་དྲག་གནོན་གྱི་འོག་ནས་བསད་ཡོད་ཅིང༌། བོད་མི་ ༦༥༠༠ ཙམ་འཇུ་བཟུང་བྱས་ཡོད། དེའི་ནང་ནས་བོད་མི་ ༡༩༠ ཙམ་ལ་དྲང་བདེན་མིན་པའི་ཁྲིམས་ཐག་ལྗིད་མོ་བཅད་པ་ཡོད་ལ། ཁྲིམས་ཆད་ཀྱི་ལོ་ཚད་ཟླ་དགུ་ནས་ཚེ་བཙོན་བར་བཅད་ཡོད། དེ་ནས་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་དང་མནར་གཅོད་འོག་གཟུགས་གཞི་གཅོང་ནད་ཅན་བཟོས་པ་དང་རིག་འཚོ་མི་ཟིན་པ། ཤི་བ་སོགས་བྱུང་ཡོད། བོད་མི་འདི་དག་ལ་ཁྲིམས་རྩོད་པའི་སྲུང་སྐྱོབ་ཐོབ་ཐང་གང་ཡང་མེད་པར་རྡུང་རྡེག་ཚ་ནན་བཏང་སྟེ། དངོས་ཡོད་ཀྱི་གནས་ཚུལ་དང་རྒྱབ་འགལ་གྱིས་ཉེས་དོན་ཉེས་གསོག་གི་ཉེས་མིང་འོག་ཁྲིམས་ཐག་བཅད་ཡོདཅེས་གསུངས་བྱུང༌། བོད་མི་རྐྱེན་འདས་སུ་སོང་བ་དང༌། བཙོན་དུ་ཚུད་པའི་གྲངས་ཀ་དེ་དག་ནི་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་ལ་གནས་ཚུལ་གོ་ཐོས་ཙམ་གཅིག་པུ་མ་ཡིན་པར་ར་འཕྲོད་པ་དང་གནས་ཚུལ་ཁུངས་ལྡན་རག་པ་གཞི་ལ་བཞག་པ་ཡིན་ཟེར།

གསར་འགོད་གསལ་བསྒྲགས་ཀྱི་ཡིག་ཆའི་ནང་དུ་འཁོད་པ་ལྟར་ན། ཕྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་གིས་བོད་མིའི་འགྲོ་འོང་ཚོད་འཛིན་དང་བཀག་སྡོམ། ལམ་མདོ་དང་ས་མཚམས་ཁག་ལ་དམིགས་བསལ་དམ་དྲག་བྱས་པ། ཇོ་མོ་གླང་མའི་རི་འདབ་དུ་མཐའ་མཚམས་སྤྱི་བདེ་མངགས་གཏོང་ཁང་གསར་འཛུགས།  ཕྱི་ཟླ་ ༧ པའི་ནང་བོད་མི་གུང་ཁྲན་ཏང་ཡོན་དང་ལས་བྱེད་པའི་བུ་ཕྲུག་བཙན་བྱོལ་ནང་སློབ་གཉེར་དུ་བསྐྱལ་མི་ཆོག་པའི་སྒྲིག་ཁྲིམས་གཏན་འབེབས་གསལ་བསྒྲགས་བྱས་པ་སོགས་ཀྱི་དབང་གིས། ༢༠༠༨ ལོར་བོད་ནས་བཙན་བྱོལ་དུ་བོད་མི་ ༦༢༧ ལས་འབྱོར་མེད་པ་དང༌། དེ་ནི་འདས་པའི་ལོ་ཤས་ནང་བོད་ནས་བཙན་བྱོལ་དུ་ཡོང་བའི་གྲངས་འབོར་ཉུང་ཤོས་ཆགས་ཡོད་འདུག 

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

མཆན། 4

  1. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 18 སྔོན།

    དུས་ཐོག་ལ་ལན་གནང་བར་ཐུགས་རྗེ་ཆེ།

    Reply
  2. ཚེ་རིང་སྐྱིད། says:
    ལོ་ 18 སྔོན།

    དགོངས་དག འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ལས་རོགས་དང་ཉམས་ཞིབ་པ་འཇམ་དཔལ་སྨོན་ལམ་ལགས་རེད།

    Reply
  3. ཚེ་རིང་སྐྱིད། says:
    ལོ་ 18 སྔོན།

    སྐུ་ཞབས་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་སུ།
    ཁྱེད་ཉིད་ཀྱིས་བཏོན་པའི་དྲི་བ་འདིའི་སྒང་ལ་ངས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟར་གནས་ཁང་གི་འགན་འཛིན་ལས་རོགས་དང་ཉམས་ཞིབ་པ་བྱམས་པ་སྨོན་ལམ་ལགས་སུ་བཀའ་འདྲི་ཞུས་པ་ཡིན། ཁོངགིས་གསུང་བ་ལྟར་ན། འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ད་ལོར་བོད་ནས་ཡོང་བའི་སྐྱབས་བཅོལ་བའི་ཁ་གྲངས་དེ་ཁུངས་ལྡན་གནས་ཚུལ་ཡིན་པ་དང་གཞི་གང་ལ་བཞག་ཡོད་མེད་དེ་གཞུང་འབྲེལ་གྱི་གནད་དོན་ཡིན་པས་བཤད་ཐུབ་པ་མི་འདུག་པར་གསུང་བྱུང་ལ། ལོ་ཤས་ཞེས་པ་དེ་འདས་པའི་ལོ་ ༢༠ ནང་དུ་ད་ལོ་ནི་ཆེས་ཉུང་བ་དེ་ཡིན་པར་གསུངས་བྱུང་

    Reply
  4. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 18 སྔོན།

    བོད་ཀྱི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ལྟེ་གནས་ཁང་གིས་བཏོན་པའི་གྲངས་ཀ་འདི་དང་སྣེ་ལེན་ཁང་གི་འབྱོར་གྲངས་གཉིས་གཅིག་པ་ཡིན་ནམ་མིན།
    གཞན་འདས་པའི་ལོ་ཤས་ནང་ཞེས་བ་དེ་འདས་ལོ་གང་ནས་བརྗོད་ཀྱི་ཡོད་དམ། ཁ་གསལ་ཡོད་ན་ཡག་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese