མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤོག་སྦག་སྒྲོན་ན་བྱ་དགའ་ཡོད།

བོད་ཀྱི་དུས་བབ།
༢༠༠༩/༠༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

ད་ལོ་བོད་ཡུལ་སྟོད་སྨད་བར་གསུམ་དུ་ལོ་གསར་གཏོང་རྒྱུ་མིན་པའི་གནས་ཚུལ་ཁྱབ་མ་ཐག ས་གནས་འབྲེལ་ཡོད་ཚན་པ་ཨུ་ཐུག་སྟེ། མང་ཚོགས་ཚོར་ལོ་གསར་ལ་ཤོག་སྦག་དང་བཟའ་བཅའ་རིན་མེད་དུ་སྤྲོད་རྒྱུ་ཡིན་པ་མ་ཟད། རྒྱན་ཆས་དང་ གླུ་གཞས་འཁྲབ་སྟོན་བྱ་དགོས་པའི་བཙན་བཀའ་ཡང་གཏོང་བཞིན་ཡོད་འདུག

 

 

གནས་ཚུལ་ཐོན་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གྱི་ཕྱི་དྲོ་རྔ་པ་རྨེའུ་རུ་མའི་རུ་ཆེན་དང་པོའི་ཀིརྟི་དགོན་གྱི་རང་ལོ་༢༧ ཡིན་པའི་གྲྭ་བློ་བཟང་ཀིརྟི་ལགས། རྔ་བ་རྫོང་ཐོག་གི་པར་སློག་རྒྱག་ས་ཞིག་ནས་འཛིན་བཟུང་བྱས་ཡོད་འདུག དེ་ནི་ཉེ་ཆར་སྨོན་ལམ་དང་ལོ་གསར་སོགས་ཀྱི་སྐོར་ལ་སྦྱར་ཡིག་བཀྲམས་མཁན་ཡིན་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཞིག་ཡིན་འདུག གྲྭ་བློ་བཟང་ཀིརྟི་ལགས་ནི་སྔོན་རྔ་པ་ཀིརྟི་དགོན་པའི་ནང་བསྟན་གཞོན་ནུའི་རིགས་སློབ་ཁང་དུ་སློབ་གཉེར་གནང་མྱོང་བ་དང༌། དུས་དེབ་དང་ཚགས་པར་སོགས་ཀྱི་སྟེང་རྩོམ་ཡིག་ཁ་ཤས་སྤེལ་མྱོང་ཡོད་པ་མ་ཟད། ཀིརྟི་དགོན་པའི་ལོ་དེབ་གངས་རྩེའི་མེ་ཏོགཅེས་པའི་རྩོམ་སྒྲིག་ཚོགས་མི་ཡང་ཡིན་འདུག

 

 

དེང་སྐབས་རྔ་པ་རྫོང་གི་དགོན་པ་རེ་རེ་བཞིན་ཁུལ་གྱི་བཀའ་རྒྱ་ཡིན་ཟེར་བའི་བསྒྲགས་གཏམ་ཞིག་སྤེལ་གྱིན་ཡོད་འདུག་ལ། དེར་རྔ་པ་ཁུལ་འོག་གི་དགོན་པ་ཡོངས་ལ་ཕྱི་ཟླ་ ༣ ནང་གི་སྨོན་ལམ་སོགས་འཆར་ཅན་གྱི་བྱེད་སྒོ་གཅིག་ཀྱང་སྤེལ་མི་ཆོག་པ་དང༌། དེ་བཞིན་ཞང་རེ་རེ་བཞིན་དུ་ལོ་གསར་སྐབས་གཞས་དང་ཞབས་བྲོ་སོགས་ཀྱི་དུས་སྟོན་རྒྱ་ཆེན་འཚོགས་དགོས་པ། སྐབས་དེར་ཤོག་སྦག་དང་བཟའ་བཅའི་རིགས་རིན་མེད་དུ་སྤྲོད་རྒྱུ་མ་ཟད། ཀིརྟི་དགོན་པའི་མདུན་རི་དཔལ་རི་དུང་སྐྱོང་ངོས་ནས་ཚུར་རྫོང་ལ་ཁ་ཕྱོགས་ཏེ། ཤོག་སྦག་མང་པོ་སྒྲོན་མཁན་ལ་རྒྱ་སྒོར་ལྔ་ཁྲི་ ༥༠༠༠༠ རྔན་པར་སྤྲོད་རྒྱུ་ཡིན་ཚུལ་སོགས་ཡིན་འདུག

 

 

རྔ་པ་མཁར་སར་དགོན་པའི་བོད་ཟླ་ ༡༡ པའི་ཚེས་ ༩ ཉིན་གྱི་དགུ་གཏོར་དེ་འཚོགས་བཅུག་མེད་པ་དང༌། དགོན་པའི་ཉེ་འཁྲིས་ཀྱི་ལམ་ཆེན་སྟེང་དམག་མི་བཅུ་གྲངས་རེ་རྒྱུན་འདུག་གིས་ཕར་འགྲོ་ཚུར་འོང་བྱེད་མཁན་ཚང་མར་སྔོག་བཤེར་བྱས་ཏེ། གང་བྱུང་དུ་དངུལ་ཆད་གཅོད་པ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་མང་དུ་སྤེལ་གྱིན་ཡོད་འདུག འོན་ཀྱང༌། མང་ཚོགས་ངོས་ནས་རྒྱ་གཞུང་གི་བཀའ་ལ་དང་ལེན་བྱེད་ཀྱིན་མེད་པ་མ་ཟད། ལོ་གསར་ལ་ཤོག་སྦག་སྒྲོན་ཏེ་རྒྱ་གཞུང་གི་གླ་རྔན་ལེན་མཁན་གཅིག་ཀྱང་འབྱུང་མི་ཆོག་པ་དང༌། གལ་ཏེ་དེ་རིགས་བྱུང་ན་སྡེ་བའི་སྐྱིད་སྡུག་ནས་འཕུད་རྒྱུ་མ་ཟད། ཞིང་ཁ་དང་ཁང་པ་སོགས་བདག་དབང་མེད་ཚུལ་བརྗོད་ཡོད་འདུག ལོ་གསར་སྐབས་གྱོན་ཆས་ནག་པོ་གྱོན་ནས་མྱ་ངན་བྱ་དགོས་ཚུལ་གྱི་སྐད་ཆ་ཞིག་མང་ཚོགས་ཁྲོད་ཁྱབ་བཞིན་ཡོད་འདུག

 

 

ཕྱི་ཟླ་ ༩ ཚེས་ ༦ ཡས་མས་ཤིག་ལ་རྔ་པ་ཀིརྟི་དགོན་པའི་རང་ལོ་ ༢༣ ཡིན་པའི་གྲྭ་རྡོ་རྗེ་དང་ཀུན་དགའ་གཉིས་ལ། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་དང་ལེན་མ་བྱས་པའི་ཉེས་མིང་འོག ལོ་ ༢ རེ་ཡི་ཁྲིམས་ཐག་བཅད་ཡོད་པ་དང༌། མི་འགྱངས་པར་མེན་ཡང་ཟེར་བའི་ས་གནས་སུ་འཁྲིད་རྒྱུ་ཡིན་འདུག དེ་བཞིན་རྔ་པ་རྨེའུ་རུ་མའི་དབུར་འཇམ་ཚང་གི་ཆོས་འཕེལ། དེ་སྔོན་ལོ་བཞིའི་ཁྲིམས་ཐག་བཅད་དེ་དེང་སྐབས་ཁྲིན་ཏུའུ་ནས་ལེ་བར་ ༢༠༠ སར་ཡོད་པའི་མེན་ཡང་གི་བཙོན་ཁང་ཞིག་ཏུ་བཅུག་ཡོད་པ་དང༌། འབྲེལ་ཡོད་ཐུག་འཕྲད་དུ་སྐྱོད་སྐབས། དངོས་སུ་ཐུག་བཅུག་མེད་པར་ཕན་ཚུན་མཐོང་སའི་ཁང་པ་ཞིག་ནས་ཁ་པར་བརྒྱུད་རྒྱ་སྐད་ཐོག ཁ་བརྡ་ཉུང་ཙམ་བྱེད་བཅུག་ཡོད་ཀྱང༌། ཐུག་འཕྲད་བྱེད་མཁན་གྱིས་རྒྱ་སྐད་ཡག་པོ་མི་ཤེས་སྟབས། གནས་སྟངས་རྒྱུས་ལོན་ཐུབ་མེད་པ་དང༌། ཆོས་འཕེལ་གྱི་མིག་གཡོན་པར་ལིང་ཏོག་ཆེན་པོ་ཞིག་གིས་བསྒྲིབས་ཏེ་མི་མཐོང་བ་ཆགས་ཡོད་འདུག ད་དུང་བཙོན་པར་ཐུག་འཕྲད་བྱེད་མཁན་ལ་མི་སེར་ལག་འཁྱེར་དང་ཞིང་གི་ཆོག་མཆན་མེད་པར་ཐུག་འཕྲད་བྱ་དབང་མེད་འདུག

 

 

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

ཆུ་ཚོད་ ༡༢ སྔོན་ལ།
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

ཆུ་ཚོད་ ༡༢ སྔོན་ལ།
Mobile App

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་གཏན་འབེབས་གནང་།

ཆུ་ཚོད་ ༡༧ སྔོན་ལ།
ttttt
Mobile App

བསྐལ་བའི་མེ་འཕྲིན་དམར་པོའི་སྙན་དེབ་དབུ་འབྱེད་དང་བགྲོ་གླེང་འཚོགས།

༢༠༢༦/༠༣/༢༦
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

༢༠༢༦/༠༣/༢༥
Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

༢༠༢༦/༠༣/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese