མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རྒྱ་གཉིས་ཀྱི་དམག་དོན་གྱི་མཐའ་རྒྱ་གསར་པ།

བོད་ཀྱི་དུས་བབ།
༢༠༠༩/༠༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

  རྒྱ་ནག་གཞུང་གིས་ཚེས་ ༢༠ ཉིན་སྲིད་འཛིན་ཨོ་བྷ་མ་ལ་རྒྱ་ནག་དང་ཨ་རིའི་བར་གྱི་དམག་དོན་འབྲེལ་བ་ཡར་རྒྱས་གཏོང་རྒྱུར་མཉམ་་འབྲེལ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

རྒྱ་ནག་གིས་དམག་མིའི་ཐད་འགྲོ་སོང་ཤུགས་ཆེན་པོ་གཏོང་རྒྱུ་དང་དམག་དཔུང་རྒྱ་སྐྱེད་གཏོང་རྒྱུ། དེ་བཞིན་རྒྱལ་སྤྱིའི་སྒང་ལ་དམག་དོན་ཐད་ནུས་བ་ཆེ་ལ་གྲངས་ཀ་མང་བའི་ཨ་རི་དང་མཉམ་དུ་དམག་དོན་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་འཆར་གཞི་དང་རེ་འདོད་བྱེད་ཀྱིན་ཡོད་འདུག  ཚེས་ ༢༠ ཉིན་རྒྱ་ནག་གིས་སྲིད་འཛིན་ཨོ་བྷ་མ་མཆོག་ལ་རྒྱ་ནག་གི་བདེ་སྲུང་ལྷན་ཁང་དང་ཨ་རིའི་བདེ་སྲུང་ལྷན་ཁང་བར་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་རེ་སྐུལ་ཞུས་ཡོད་པ་དང༌། འདིའི་ཐད་ལ་རྒྱ་ནག་བདེ་འཇགས་ལྷན་ཁང་གི་མགྲིན་ཚབ་པ་ཧུའུ་ཁྲང་མེན་གྱིས།  རྒྱལ་སྤྱིའི་སྒང་ལ་དམག་དོན་ཡར་རྒྱས་མགྱོགས་པོར་འགྲོ་བཞིན་པའི་རྒྱ་ནག་གིས་དམག་དོན་ཐད་ཡར་རྒྱས་ཆེ་ལ་དམག་མིའི་གྲངས་ཀ་མང་བའི་ཨ་རི་དང་མཉམ་དུ་དམག་དོན་འབྲེལ་བ་ཡག་པོ་ཡོང་བར་རེ་བ་བྱེད་ཀྱིན་ཡོད། ཅེས་བརྗོད་ཡོད་འདུག  ཁོས་ད་ལྟའི་ཆར་རྒྱ་ནག་དང་ཨ་རིའི་དམག་དོན་འབྲེལ་བར་དཀའ་ངལ་འཕྲད་ཡོད་པ་དང༌། ང་ཚོས་ཨ་རིའི་བདེ་འཇགས་ལྷན་ཁང་ལ་དཀའ་ངལ་འདི་འཕྲལ་དུ་སེལ་ཐབས་བྱ་རྒྱུ་དང༌། ཕྱོགས་གཉིས་ནས་རྒྱལ་ཁབ་གཉིས་ཀྱི་དམག་དོན་འབྲེལ་བ་ཞི་བདེ་ངང་ཡར་རྒྱས་གཏོང་བར་འབོད་སྐུལ་ཞུས་ཡོད་ཅེས་དམག་དོན་སྲིད་བྱུས་ཐད་ཀྱི་གསར་འགོད་ལྷན་ཚོགས་ཤིག་གི་སྐབས་བཤད་ཡོད་འདུག

དམག་དོན་སྲིད་བྱུས་དེའི་ནང་དུ་གསལ་བ་ལྟར་ན། རྒྱ་ནག་གིས་མུ་མཐུད་ནས་ཨ་རི་དང་ཐའེ་ཝན་བར་ལ་རྡུལ་ཕྲན་མཚོན་ཆའི་ཚོང་འབྲེལ་ཡོད་པར་ངོ་རྒོལ་བྱ་རྒྱུ་ཡིན་ཚུལ་འཁོད་ཡོད་འདུག རྒྱ་ནག་དང་ཨ་རི་གཉིས་ཀྱི་ལོ་ངོ་ ༣༠ ལྷག་གི་འབྲེལ་བའི་ཁྲོད་ནས་ཨ་རིའི་སྲིད་འཛིན་རེ་རེའི་སྐབས་སུ་ཐའེ་ཝན་ལ་དམག་ཆས་ཉོ་ཚོང་བྱེད་བཞིན་པ་དེ་ནི་རྒྱ་ནག་གིས་ཨ་རིར་ངོ་རྒོལ་བྱེད་གཞི་ཞིག་ལ་ཆགས་ཡོད་ལ། རྒྱ་ནག་གིས་དེ་ནི་ཐའེ་ཝན་དང་རྒྱ་ནག་གི་འབྲེལ་བ་སླར་གསོ་བྱེད་པར་བཀག་འགོག་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། རྒྱ་ནག་བདེ་འཇགས་ལྷན་ཁང་གི་བློན་ཆེན་གྱིས་ལོ་སྔོན་མར་ཐའེ་ཝན་གྱིས་ཨ་སྒོར་དུང་ཕྱུར་ ༦ དང་ཕྱེད་ཀས་དམག་ཆས་ཉོ་སྒྲུབ་བྱ་འཆར་དེ་བཀག་འགོག་བྱས་ཡོད་པ་དང༌། དམག་ཆས་ཚོང་ལས་དེ་དག་གི་ནང་དུ་མེ་ཤུགས་འཕུར་མདའ་དང༌། ཨབ་བྷེ་ཆི་རྟགས་ཅན་གྱི་ཐད་འཕུར་གནམ་གྲུ། ཨ་རི་དང་ཐའེ་ཝན་བར་གྱི་ཆེས་མཐོ་མི་སྣའི་འཚམས་འདྲི་དང་བསམ་བློ་བརྗེ་རེས་ཀྱི་བྱ་འགུལ་སོགས་འདུས་ཡོད་འདུག

ལོ་སྔོན་མར་མཱ་ཡུན་ཅིག་ཐའེ་ཝན་གྱི་སྲིད་འཛིན་ལ་བདམས་པ་ནས་ཐའེ་ཝན་དང་རྒྱ་ནག་བར་གྱི་འབྲེལ་བ་ཇེ་ལེགས་སུ་སོང་ཡོད་པ་དང༌། མཱ་ཡུན་ཅིག་གིས་ཚོང་ལས་དང་དམག་དོན་གང་གི་ཆ་ནས་ཀྱང་རྒྱ་ནག་གཞུང་དང་བསྟུན་ཐབས་བྱེད་ཀྱིན་ཡོད་འདུག ཧུའུ་ཁྲང་མེན་གྱིས་འདིའི་ཐད་ལ་ཐའེ་ཝན་དང་རྒྱ་ནག་གི་འབྲེལ་བ་སླར་གསོ་བྱས་ཡོད་པ་དང་འབྲེལ་བ་དེ་ཡང་ཡིད་ཆེས་རུང་བའི་སྒོ་ནས་ཡར་རྒྱས་སུ་འགྲོ་གིན་ཡོད་ཚུལ་བཤད་ཡོད་པ་རེད། 

རྒྱ་ནག་གི་དམག་དོན་སྲིད་བྱུས་དེའི་ནང་དུ་ ༢༠༠༩ ལོར་རྒྱ་ནག་གི་དམག་མི་ས་ཡ་ ༢ དང་འབུམ་ ༣ གྱི་ཐོག་ལ་འགྲོ་སོང་ཅི་ཙམ་གཏོང་རྒྱུ་སོགས་ཀྱི་འཆར་ཟིན་བཀོད་མེད་ཀྱང༌། ༢༠༠༨ ལོར་དམག་དོན་ཐད་ཨ་སྒོར་དུང་ཕྱུར་ ༥༩ བཏང་ཡོད་པ་དང་དེ་ནི་ ༢༠༠༧ ལས་བརྒྱ་ཆ་ ༡༨ ཀྱིས་འཕར་ཡོད་སྐོར་གསལ་བསྒྲགས་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 2

  1. ཨ་ཕོ་ཧོར། says:
    ལོ་ 17 སྔོན།

    འདི་ནི་རྒྱ་ནག་གི་ཧམ་སེམས་དང་སྨྲེ་ངག་གཉིས་ཀ་རེད། ཨ་རིས་ཐེ་ཝན་ལ་ཨ་སྒོར་ཐེར་འབུམ་དྲུག་གི་མཚོན་ཆ་བཙོངས་བ་དང་རྒྱ་ནག་གིས་ཨེ་རན་ལ་རྡུལ་ཕྲན་མཚོན་ཆའི་རྒྱུ་ཆ་མཁོ་བསྒྲུབས་བྱས་བ་གཉིས་ཕྱི་གསལ་ནང་གསལ་གྱི་རྣམ་པའི་ཆ་ནས་མ་གཏོགས་ཕན་ཚུན་གཉིས་ཀར་་ཁྱི་སྐྱག་གི་གཙང་བཙོག་རྩོད་རྒྱུ་མེད་ཀྱང་། འདས་བའི་ལོ་ཤས་ནང་ཨ་རིའི་རྒྱལ་སྲིད་ཞིབ་དཔྱོད་ཉེན་རྟོག་FBIཔས་རྒྱ་ནག་གི་གསང་ཉུལ་བས་ཨ་རིའི་དམག་དོན་སྒྲིག་འཛུགས་ཀྱི་དྲ་ཚུགས་འགར་གསང་འཛུལ་དང་ཡིག་ཆ་འགའ་རྐུན་འཁྱེར་བྱེད་བཞིན་པའི་གནས་ཚུལ་ཤེས་རྟོགས་བྱུང་ཏེ་རྒྱ་རིགས་གཅིག་ལ་དུས་བཅད་ཀྱི་ཁྲིམས་ཐག་ཀྱང་བཅད་ཡོད་ལ། རྒྱ་ནག་གི་དམག་དོན་སྲིད་བྱུས་ཀྱི་འགྲོ་གྲོན་ལོ་རེ་བཞིན་འཕར་བཞིན་པར་སྲིད་འཛིན་བྷུ་ཤུས་མཆོག་གིས་ཨོ་རྩལ་འགྲན་འཚོགས་མ་འཚོགས་པའི་སྔ་རོལ་དུ་ཕོ་བྲང་དཀར་པོ་ནས་རྒྱ་ནག་གི་དམག་དོན་འགྲོ་གྲོན་འཕར་ལྕོག་བྱས་པའི་རྩིས་ཁྲ་དག་རྒྱ་ནག་གིས་ཕྱི་གསལ་ནང་གསལ་བཟོ་དགོས་ཞེས་ཉེན་བརྡ་བཏང་ཡོད། རྒྱལ་ཁབ་གཉིས་བར་གྱི་ཕན་ཚུན་ཧ་ཅང་དོན་ཟོན་གྱི་རྣམ་པ་འདིས་དམག་དོན་མཉམ་འབྲེལ་བྱེད་པའི་བར་ཐག་ད་དུང་རིང་ན་ཡང་། འདས་བའི་ལོ་རྒྱུས་ནང་རྒྱ་ནག་དང་ཨ་རིའི་བར་རིག་གནས་དང་དཔལ་འབྱོར་བརྗེས་རེ་བྱས་པའི་དུས་སྐབས་དག་ནི་ཨ་རིའི་དམངས་གཙོ་ཚོགས་པས་སྲིད་དབང་བཟུང་བའི་དུས་ཡུན་དག་ལ་བྱུང་ཡོད་སྟབས་རྒྱ་ནག་གི་རེ་བ་རྟ་རྔ་འདྲ་བ་ཡང་ཏེ་ཇེ་སྦོམ་གྱུར་ཡོད་མོད། སྲིད་འཛིན་ཨོ་བྷ་མ་ཡིས་སྲིད་འཛིན་མཛད་སྒོའི་གཏམ་བཤད་གནང་སྐབས་འཛམ་གླིང་འདིའི་ེསྟེང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་དང་རྒྱལ་ཁབ་ཀྱི་སྲིད་དབང་སྒེར་གཅོད་བྱེད་མཁན། ལྐོག་ཟ་རུལ་སོང་གིས་འཚོས་བའི་དབང་འཛིན་པ་དག ཁྱོད་ཚོས་རང་ཉིད་ནོར་འཕྲུལ་དང་ནག་ཉེས་ཆེ་བའི་ལོ་རྒྱུས་ཀྱི་གྲུ་ཟུར་ཞིག་དུ་ལངས་ཡོད་པ་ཤེས་བར་གྱིས་ཞེས་གོ་རྒྱུ་ཡོད་པའི་སྐད་ཆ་ཞིག་གསལ་འདེབས་བྱས་ཡོད་པས། སྐད་ཆ་འདི་ལ་རྒྱ་ནག་གིས་ཉན་ཤེས་ན་རྣ་བའི་བདུད་རྩི་བྱེད་དགོས་བ་ལས་ཧམ་པ་བཤད་རྒྱུ་མེད། ལྷག་པར་སྲིད་འཛིན་གསར་བའི་ཕྱག་ལས་འགོ་འཛུགས་པའི་དུས་ཡུན་ཐུང་ཐུང་འདིའི་རིང་ད་དུང་གྷ་རྫ་ལུང་གཞུང་གི་དམག་འཁྲུག་གི་ཐལ་རྡུལ་གཙང་ཡལ་དུ་སོང་མེད་པས་ཨ་རིའི་སྲིད་དོན་པ་ཚོའི་མགོ་རྣ་གཉིས་ཀ་དཀྱིལ་ཤར་ཨེ་ཤ་ཡའི་ནང་ལ་གཏད་ཡོད་ཀྱང་། སྲིད་འཛིན་གསར་བའི་སྐྱོན་བརྗོད་ཀྱི་མཛུབ་མོ་གཉིས་བ་དེ་འཛུགས་ས་ཨེ་རན་དང་ཡང་ན་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ལྟེ་གནས་དག་ཡིན་པའི་ཚོད་དཔག་བྱེད་བཞིན་པའི་སྐབས་འདིར། གཟའ་འཁོར་སྔོན་མའི་རེ་གཟའ་པ་སངས་ཉིན་རྒྱ་ནག་གི་རྒྱལ་སྤྱིའི་འབྲེལ་མཐུད་ལྷན་ཁང་གི་གཙོ་འཛིན་ཝང་ཅོ་རུའུ་གཙོས་བའི་འཐུས་མི་དྲུག་གིས་ཧོའུ་ཅིན་ཐོ་ཡི་འཚམས་འཕྲིན་འཁྱེར་ཏེ་བྱང་ཀོ་རི་ཡའི་སྲིད་བློན་ལ་མཇལ་ཕྲད་བྱས་བ་ཞིག་རྒྱ་ནག་གི་གསར་ལམ་ཁག་ཏུ་བསྒྲགས་ཡོད། འདས་བའི་ལོ་ཕྱེད་རིང་སྲིད་བློན་ཁེམ་ཇོན་ཁོ་རྒྱལ་སྤྱིའི་གསར་ལམ་ཁག་ནས་བོར་ཟིན་ལ། ཐ་ན་བྱང་ཀོ་རི་ཡའི་རྒྱལ་བཙུགས་དུས་ཆེན་གྱི་ཉིན་གྱི་གཞུང་འབྲེལ་མཛད་སྒོའི་སྟེང་དུ་ཡང་ཁོའི་གྲིབ་མ་ཙམ་མཐོང་རྒྱུ་མེད་སྟབས། སྲིད་བློན་ཁོང་ཚེ་འདི་ན་ཡོད་དང་ཕྱི་མར་ཡོད་ཆ་འཚལ་གྱི་མེད་པས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་དྲི་རྟགས་མང་པོ་ཞིག་སླེབས་ཡོད་མོད། ཝང་ཅོ་རུའུ་ཡིས་འདས་བའི་ཟླ་འགའི་རིང་ཁོ་བོ་བྱང་ཀོ་རི་ཡའི་སྲིད་བློན་དང་མཇད་ཕྲད་ཐེངས་འགར་བྱས་བ་ཡིན་ཞེས་བསྒྲགས་ཡོད་པས། རྒྱ་ནག་གི་ལྐོག་ལྐོག་སུལ་སུལ་གྱི་བྱ་སྤྱོད་འདི་ལ་ཨ་རིའི་གཞུང་གིས་དོགས་ཟོན་ཕར་

    Reply
  2. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    ཨ་རིས་ཐེ་ཝན་ལ་མཚོན་ཆ་བཙོང་བའི་སྲིད་བྱུས་འདི་ལ་གཟབ་གཟབ་མ་བྱས་ཚེ། ནམ་ཞིག་ཐེ་ཝན་དང་རྒྱ་ནག་གཉིས་གཅིག་སྒྲིལ་བྱས་པའི་ཉིན་མོར་རྒྱ་ནག་གིས་ཨ་རི་རང་གིས་བཙོངས་པའི་མཚོན་ཆ་འདི་དག་བེད་སྤྱོད་བཏང་སྟེ་ཨ་རིར་ཁ་གཏད་མི་འཇལ་བའི་ངེས་པ་ཡོད་པ་མ་རེད། སྲིད་དོན་གྱི་འགྱུར་བ་ཟེར་བ་འདི་ནི་ཡིད་ཆེས་བྱེད་ཐུབ་པ་ཞིག་གཏན་ནས་མ་རེད། རྒྱལ་ཁབ་གཉིས་ཀྱི་ཕྱི་སྲིད་འབྲེལ་བ་དེ་ལོ་ངོ་ལྔ་རེ་གཞིར་བཞག་གིས་ལས་དོན་སྒྲུབ་རྒྱུ་ལས། དེ་ལས་མང་བའི་རྩིས་གཞི་བཏིངས་ནས་ལས་དོན་སྤེལ་བ་ཡིན་ན་རྩིས་གཞི་འཁྲུགས་པའི་ཉེན་ཁ་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese