མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

པན་ཆེན་རིན་པོ་ཆེ་དྲན་པ།

བོད་ཀྱི་དུས་བབ།
༢༠༠༩/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཀུན་གཟིགས་༧པན་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོ་མཆོག་སྐུ་མྱ་ངན་ལས་འདས་ནས་མི་ལོ་ཧྲིལ་བོ་ ༢༠ འཁོར་བར་རྗེས་དྲན་ཞུས་ཡོད་པ་རེད།

ཕྱི་ཚེས་ ༢༨ ཉིན་༧པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་དང་བཀྲ་ཤིས་ལྷུན་པོ་བླ་སྤྱི་ལྷན་ཁང་གཉིས་ཀྱིས། ༧པན་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོ་མཆོག་སྐུ་མྱ་ངན་ལས་འདས་ནས་མི་ལོ་ཧྲིལ་བོ་ ༢༠ འཁོར་བར་རྗེས་དྲན་གྱི་གསར་འགོད་གསལ་བསྒྲགས་ཤིག་གནང་ཡོད་པ་དང༌། གསལ་བསྒྲགས་ཡིག་ཆ་དེའི་ནང་འཁོད་དོན། ༧པན་ཆེན་སྐུ་གོང་མ་མཆོག་གི་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་འཐིམ་ནས་མི་ལོ་ ༢༠ འཁོར་བའི་དུས་དྲན་གྱི་ཉིན་མོ་ནས་བཟུང་གོང་གསལ་ཚོགས་པ་ཁག་གཉིས་ཀྱིས་གང་གི་བཀའ་དྲིན་རྗེས་མཚོན་ཆེད་དུ་ལོ་ངོ་ཧྲིལ་བོ་གཅིག་གི་རིང་ལས་འགུལ་སྣ་ཚོགས་ཤིག་སྤེལ་རྒྱུ་ཡིན་ཅེས་དང་། གལ་སྲིད་ཁོང་ཉིད་སྐུ་དངོས་སུ་བཞུགས་ཡོད་ཚེ། བོད་ས་བྱི་ལོའི་ཞི་རྒོལ་ཆེན་མོའི་སྐབས་སུ་རྒྱ་གཞུང་གིས་དྲག་གནོན་བྱས་པ་དེར་བཟོད་སྒོམ་ནམ་ཡང་གནང་མི་སྲིད་ཅེས་ཀྱང་བཀོད་ཡོད་པ་རེད།

༧པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་ནི་སྤྱི་ལོ་ ༡༩༣༨ ལོའི་ཟླ་ ༢ ཚེས་ ༣ ཉིན་མདོ་སྨད་བིས་མདོར་འཁོན་རིགས་ཡབ་གུར་མགོན་ཚེ་བརྟན་དང་ཡུམ་བསོད་ནམས་སྒྲོལ་མ་ཟུང་གི་སྲས་སུ་འཁྲུངས་པ་དང༌། སྤྱི་ལོ་ ༡༩༥༡ ཟླ་ ༥ ནང་༧གོང་ས་མཆོག་ནས་༧པན་ཆེན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་བསྐྱངས་ཤིང་བསྟན་འཛིན་འཕྲིན་ལས་འཇིགས་མེད་ཆོས་ཀྱི་དབང་ཕྱུག་ཅེས་མཚན་གསོལ། སྤྱི་ལོ་ ༡༩༨༩ ལོའི་ཟླ་ ༡ ཚེས་ ༢༨ ཉིན་༧གང་སྐུ་གློ་བུར་དུ་དགོངས་པ་གཞན་གཤེགས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་ལྷན་ཚོགས་སྟེང་བོད་དོན་གླེང་སློང་དགོས་པའི་རེ་སྐུལ་ཞུས།

ཆུ་ཚོད་ ༡༨ སྔོན་ལ།
རྒྱ་གར་གྱི་གློག་བརྙན་འཁྲབ་ཁྲིད་པ་ཨ་བྷི་ཤེཀ་དྷུ་དྷེ་ཡཱ་ལགས་དང་།གློག་བརྙན་བཟོ་སྐྲུན་པ་རྗེ་པ་ཊེལ་ལགས་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས། དུས་བབ་ཀྱི་པར། ༢༠༢༣།༡༢།༠༧
༸གོང་ས་མཆོག གསར་འགྱུར།

རྒྱ་གར་གྱི་གློག་བརྙན་འཁྲབ་འཁྲིད་པ་གྲགས་ཅན་ཞིག་གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༨ སྔོན་ལ།
བོད་པའི་འབུམ་རམས་པ་ཁག་ཅིག་གིས་བོད་དོན་སྐོར་གྱི་གཏམ་བཤད་སྤེལ།  འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

འཛམ་གླིང་ནང་གི་རྒྱ་ནག་ཅེས་པའི་ལྷན་ཚོགས་ཐོག་བོད་མིའི་སྐུ་ཚབ་ཀྱིས་བོད་དོན་གཏམ་བཤད་གནང་།

ཆུ་ཚོད་ ༡༩ སྔོན་ལ།
Tashi Lhunpo Monastery Appeals to Indian Government to Pressure China into Releasing 11th Panchen Lama of Tibet. Photo: CTA
Mobile App

རྒྱ་གར་གཞུང་དམངས་གཉིས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་གཏང་བར་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༩ སྔོན་ལ།
Swedish Parliamentary Friendship Group  meets His Holiness the Dalai Lama , Dharamshala, India . September 2023. Photo :CTA
Mobile App

སུ་ཝེ་ཌན་གྲོས་ཚོགས་སུ་བོད་དོན་དང་འབྲེལ་བའི་གྲོས་གཞི་གྲོས་འཆར་ཁག་གསུམ་ཕུལ་ཡོད་འདུག 

༢༠༢༣/༡༢/༠༥
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་བསྐྱངས་ཏེ་ལོ་ངོ་ ༧༥ འཁོར་བའི་ཉིན་མོར་གསུང་འཕྲིན་བསྩལ།

༢༠༢༣/༡༢/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist