མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་སར་ནས་དབུ་མའི་ལམ་གྱི་ལས་འགུལ་སྤེལ་དགོས།

བོད་ཀྱི་དུས་བབ།
༢༠༠༩/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་ས་གནས་གྲོས་ཚོགས། རང་བདེན་ཚོགས་ཆུང་བཅས་ལ་འབོད་སྐུལ་ཞུས་ཏེ། ད་ལོའི་ལོ་གསར་དང་གསུམ་བཅུའི་དུས་དྲན་བཅས་དང་བསྟུན་ཏེ། དབུ་མའི་ལམ་གྱི་སྲིད་བྱུས་དང་མ་འགལ་བའི་ཐོག་ལས་འགུལ་རྒྱ་ཆེར་སྤེལ་དགོས་པའི་ལམ་སྟོན་ཞུས་ཡོད།

 

ཕྱི་ཚེས་ ༡༩ ཉིན་བཞུགས་སྒར་ངྷ་རམ་ས་ལར་རྟེན་གཞི་བྱས་པའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་གངས་སྐྱིད་སྤྱི་ཐབ་ཐོག་ཁང་ནས་ད་ལོའི་ལོ་གསར་དང་གསུམ་བཅུའི་དུས་དྲན་བཅས་སུ། མི་མང་རང་འགུལ་གྱིས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་ལས་འགུལ་སྤེལ་ཕྱོགས་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང༌། སྐབས་དེར་བོད་གཞུང་སྨན་རྩིས་ཁང་གི་སྨན་པ་དང་དབུ་མའི་ལམ་ལས་འགུལ་ཁང་གི་ལས་བྱེད་མཁྱེན་རབ་ལགས་ཀྱིས་གསུངས་དོན། རང་གཞུང་ས་གནས་འགོ་འཛིན་དང༌། གྲོས་ཚོགས། རང་བདེན་ཚོགས་ཆུང་བཅས་ཐུན་མོང་གིས་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་སྐབས། གཞུང་དམངས་གཉིས་ཀྱི་ལངས་ཕྱོགས་སྲིད་ཇུས་དང༌། ཉེ་ཆར་ྋགོང་ས་མཆོག་གིས་ཡུ་རོབ་གྲོས་ཚོགས་ནང་བསྩལ་བའི་བཀའ་སློབ་བཅས་ཀྱི་དགོངས་གཞི་དོན་འཁྱོལ་གལ་གནད་དུ་འཛིན་དགོས་པ་དང༌། མི་མང་གིས་ལས་འགུལ་ཆེ་ཕྲ་གང་ཞིག་སྤེལ་ཡང༌། དམིགས་བསལ་ཚོགས་ཆེན་སྟེང་གི་གྲོས་ཆོད་གཞིར་བཟུང༌། ས་གནས་མི་མང་ལ་གོ་བརྡ་འཕྲོད་ངེས་ཀྱི་ལམ་སྟོན་སྣེ་འཁྲིད་དགོས་པ་གནད་ཀྱི་དམ་པ་ཡིན།

 

དབུ་མའི་ལམ་ཡིད་ཆེས་རྒྱབ་སྐྱོར་ཡོད་མཁན་དག་གིས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང༌། རྩ་དོན་སྒྲུབ་ཐབས་ཀྱི་ལས་འགུལ་སྤེལ་དགོས་རྒྱུ་དུས་ཀྱི་དགོས་མཁོ་ཡིན་སྟབས། བོད་ཕྱི་ནང་གཉིས་ནས་རྣམ་པ་གཅིག་གྱུར་གྱིས་འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་བཅོལ་ཐོག ལས་འགུལ་སྤེལ་ན་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་དོན་ཕན་ལྡན་ལ། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་པ་ཚོས་རྒྱབ་སྐྱོར་གནང་ཕྱོགས་གསལ་བོ་ཆགས་ཏེ། ལས་འགུལ་གྱི་ནུས་ཤུགས་རྒྱ་ཆེར་འགྲོ་རྒྱུ་མ་ཟད། རྒྱ་རིགས་ཚོས་ཀྱང་བོད་ཀྱི་འཐབ་རྩོད་དེ་ཁ་ཞེ་གཉིས་མེད་དང༌། ཁ་བྲལ་བྱ་སྤྱོད་མིན་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་སྡོད་མཉམ་གནས་ཀྱི་བསམ་པ་རྣམ་དག་ཡིན་པ་ཤེས་རྟོགས་དང༌། བོད་མིའི་ཆིག་སྒྲིལ་གྱི་ནུས་པ་གསལ་སྟོན་ཡོང་སྟབས།  ད་ལོའི་ལོ་གསར་དང་གསུམ་བཅུའི་དུས་དྲན་སྐབས་སུ་བོད་མི་ཡོངས་ཀྱིས་རང་དོན་རང་གཅེས་དང༌། ཕྱར་བ་གྲུ་འདེགས་ཀྱིས་ལས་འགུལ་སྤེལ་དགོས། ཞེས་བརྗོད་བྱུང༌།

 

ཁོང་གིས་ལས་འགུལ་ཀྱི་རྣམ་གྲངས་འགའ་བགྲང་དོན། དང་པོ། འདི་ལོའི་ལོ་སར་ཚེས ༡ ནས་ཚེས་ ༣ བར་སྔ་དགོང་གང་རུང་ལ་ས་གནས་སོ་སོའི་མི་མང་རྣམས་ཀྱིས་ཆུ་ཚོད་གཉིས་རིང་གདུང་སེམས་མཉམ་སྐྱེད་ཀྱི་དགེ་སྐུལ་མཆོད་འབུལ་སྨོན་ལམ་རྒྱ་གང་ཆེ་གནང་རྒྱུ། གཉིས་པ། དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་དགོས་འདུན་ལས་འགུལ་སྐབས་ཀྱི་འབོད་ཚིག འཕྲེད་དར། འདུ་འཛོམས་ཆེ་སར་གྱང་སྦྱར་སོགས་འགྲེམས་སྤེལ་བྱ་རྒྱུ། གསུམ་པ། སྔོན་གཤེགས་དཔའ་བོ་དཔའ་མོ་དང་བཙོན་འོག་ཏུ་ཡོད་པ་ཚོའི་རེ་འདུན་འགྲུབ་ཆེད་དང་བོད་རྒྱ་མི་རིགས་གཉིས་ལ་སྤྱི་སྙོམས་ཀྱི་རང་དབང་འཐོབ་ཆེད། སྔ་དྲོ་ཆུ་ཚོད་ ༩ ནས་དགོང་དྲོ་ཆུ་ཚོད་ ༨ བར་གྱི་ཆུ་ཚོད་༡༢ རིང་ཟས་བཅད་ཞི་རྒོལ་གནང་རྒྱུ་དང༌། ཉིན་དེའི་ཟས་བཅད་ཀྱི་དོད་མི་རེར་སྒོར་ ༢༠ རེ་ཞལ་འདེབས་ཀྱིས་མ་འོངས་ལས་འགུལ་ཆེད་བོད་གཞུང་བཀའ་ཤག་ལ་འབུལ་རྒྱུ། བཞི་པ། བོད་མིའི་ལས་འགུལ་ནི་རྒྱ་ནག་དང་ཁ་འབྲལ་རྒྱུའི་ལས་འགུལ་མིན་ལ། ལྷག་པར་དུ་རྒྱ་མི་རིགས་ལ་སྡང་ཟུག་དང་ཕོག་ཐུག་གཏོང་བའི་ལས་འགུལ་དེ་བས་མིན་སྟབས། དྲང་བདེན་དང་རང་དབང་ལ་དགའ་བའི་རྒྱ་ནག་མི་མང་ཡོངས་ཀྱིས་ཀྱང༌། བོད་རྒྱའི་དཀའ་རྙོག་སེལ་རྒྱུར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡི་གེ་རེ་ས་གནས་སོ་སོའི་གཞུང་ཚབ་བརྒྱུད་གཏོང་ཐབས་གནང་རྒྱུ། ལྔ་བ། མ་འོངས་བོད་ཀྱི་ཆབ་སྲིད་གནས་བབ། སྔར་ལོའི་དམིགས་བསལ་ཚོགས་ཆེན་སྐབས་མང་ཚོགས་ཀྱི་མངོན་འདོད་དང༌། ཉེ་ཆར་ྋགོང་ས་མཆོག་གིས་ཡུ་རོབ་གྲོས་ཚོགས་སུ་གནང་བའི་གསུང་བཤད། སྐུ་ཚབ་ཐེངས་བརྒྱད་པས་རྒྱ་ནག་ལ་སྤྲད་པའི་བོད་མིའི་མངོན་འདོད་གང་ཡིན་གྱི་ཡིག་ཆའི་ནང་དོན་མང་ཚོགས་ལ་གཏམ་བཤད་དང་གསར་ལམ་ཁག་ནས་བརྒྱུད་བསྒྲགས་གནང་རྒྱུ། དྲུག་པ། སྤྱིར་འཛམ་གླིང་གི་འཁྲུག་རྩོད་དང། སྒོས་རྒྱ་དམར་གཞུང་འཛིན་པ་ཚོའི་ལོག་རྟོགས་བསལ་ཏེ། བོད་རྒྱ་མི་རིགས་ཀྱི་འཕྲལ་ཕུགས་བདེ་དོན་ཆེད། ྋགོང་ས་མཆོག་གི་དགོངས་གཞི་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་ཕྱིར་དགོང་མོ་ཆུ་ཚོད་༦།༣༠ ནས་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་རྒྱུ།

 

གཞན་ཡང༌། ལས་འགུལ་ཁང་གིའདིས་དགོས་འདུན་དོན་ཚན་ཁག་གསུམ་ལས་འགུལ་གྱི་ཟུར་རྒྱན་ལྟར་བཀོད་ཡོད་པ་ནི། དང་པོ། ༧གོང་ས་མཆོག་ནི་སྤྱིར་ནང་པ་ཡོངས་དང་ཞི་བདེ་ལ་དགའ་བ་རྣམས་ཀྱི་མགོན་དཔུང་དམ་པ་ཉག་གཅིག་དང༌། བྱེ་བྲག་བོད་མི་རིགས་ཀྱི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ཁོང་ཉིད་ལས་མེད་པ། སྔ་ལོར་དམིགས་བསལ་ཚོགས་ཆེན་ཐོག་བསྐྱར་དུ་གཞིས་བྱེས་བོད་མི་ཡོངས་ཀྱིས་མང་གཙོའི་ལམ་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དུ་བཀུར་ཏེ། གཉིས་ཕན་དབུ་མའི་ལམ་ལ་བརྟེན་ནས་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་གསལ་བོར་བཟོས་ཤིང༌། བོད་མི་རིགས་ཀྱི་ཆེད་དུ་ཐག་གཅོད་གང་གནང་བར་ཐེ་ཚོམ་མེད་པར་ཤར་སྐྱོད་བྱ་རྒྱུ་ཡིན་སྟབས། ྋགོང་ས་མཆོག་གིས་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་དེ་གཞི་རྩར་བཟུང་སྟེ་རྒྱ་དམར་གཞུང་གིས་བོད་རྒྱའི་དཀའ་རྙོག་ཞི་མོལ་གྱི་ལམ་ནས་འཕྲལ་དུ་སེལ་དགོས། གཉིས་པ། མི་ལོ་༥༠ རིང་རྒྱ་དམར་གཞུང་གིས་བོད་མི་རིགས་རྩ་རླག་ཏུ་གཏོང་རྒྱུའི་སྲིད་ཇུས་འདྲ་མིན་ལག་བསྟར་བྱས་དང་བྱེད་བཞིན་པ་དང༌། གྲངས་ཉུང་མི་རིགས་ཀྱི་གཞི་རྩའི་རང་དབང་དང་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས་པ། གསུམ་པ། ༡༩༥༩ ལོ་ནས་ད་བར་བོད་ཆོལ་ཁ་གསུམ་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རང་དབང་དོན་དུ་སྒེར་ལངས་བྱས་པར་རྗེས་སུ་ཡི་རངས་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ། རྒྱ་གཞུང་གི་བཙན་གནོན་དྲག་ཤུགས་འོག་དཀའ་སྡུག་མྱོང་བཞིན་པའི་ྋཔཎ་ཆེན་རིན་པོ་ཆེས་གཙོས་བཙོན་འཇུག་བྱས་པ་རྣམས་མྱུར་དུ་གློད་གྲོལ་ཡོང་རྒྱུ་བཅས་ཡིན། ཞེས་གསུངས་སོང༌།

 

 

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༡༣ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༡༦ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese