མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བུ་མོ་ཤམ་བྷ་ཝེ་ཡི་བོད་དོན་ལུང་བསྟན།

བོད་ཀྱི་དུས་བབ།
༢༠༠༩/༠༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཉིན་ཤས་སྔོན་ལོ་དྲུག་ལ་སོན་པའི་རྒྱ་གར་གྱི་བུ་མོ་ཆུང་ཆུང་ཞིག་གིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་། སྐབས་དེར་ཁོ་མོས་བོད་ཀྱི་གནད་དོན་སྐོར་༧གོང་ས་མཆོག་ལ་ལུང་བསྟན་གྱི་ཚུལ་དུ་ཞུས་ཡོད་འདུག

རྒྱ་གར་གྱི་བུ་མོ་ཆུང་ཆུང་དེ་ནི་རང་མཁས་ཀྱི་བུ་མོ་ཞིག་མིན་པར། མངོན་ཤེས་མངའ་བའམ་སྔོན་དཔག་གི་ནུས་པ་ཁྱད་པར་བ་ཞིག་ཡོད་པར་བཤད། ཁོ་མོའི་སྔོན་དཔག་དང་པོ་ནི་སྔོན་ཆད་ཧིན་རྡུ་རྒྱ་མཚོའི་མཚོ་མཐིལ་ལ་བརྒྱབས་པའི་ས་ཡོམ་སྟེ། ཚོ་ནཱ་མི་ཞེས་པའི་རང་བྱུང་གི་འཇིགས་པ་དེ་ཡིན་སྐད་འདུག་ལ། འཇིགས་པ་དེ་མ་བྱུང་གོང་དུ་བུ་མོ་ཆུང་ཆུང་འདིས་རྐྱེན་ངན་དེ་འདྲ་ཞིག་འབྱུང་རྒྱུ་ཡིན་ཚུལ་ལུང་བསྟན་གྱི་བཤད་ཡོད་སྐད།

བུ་མོ་འདིའི་མིང་ལ་ཤམ་བྷ་ཝེ་ཟེར་ཞིང་། རྒྱ་གར་ལྷོ་ཕྱོགས་ཀྱི་ཨན་ཌ་ར་མངའ་སྡེ་ནས་ཡིན་འདུག བཤད་ཚུལ་ལ་བུ་མོ་འདིས་ ༢༠༠༩ ལོའི་ཕྱི་ཟླ་ ༡ པོའི་སྔོན་དུའང་༧གོང་ས་མཆོག་གི་སྐུ་བདེ་མིན་གྱི་ཐད་ནས་སྐད་ཆ་ཞིག་བཤད་ཡོད་ཚུལ་འདུག

ཉིན་ཤས་སྔོན་བུ་མོ་འདི་རྒྱ་གར་ལྷོ་ཕྱོགས་ནས་རྐང་བཙུགས་ཏེ་༧གོང་ས་མཆོག་ལ་མཇལ་ཁ་ཞུ་བར་ཡོང་ཡོད་པ་དང་། དེ་ནི་ཉེ་བའི་ཟླ་ཤས་གོང་ནས་བཟུང་བུ་མོ་དེས་རྟག་པར་༧གོང་ས་མཆོག་རྨི་ལམ་དུ་རྨིས་པ་དང་། མོ་རང་༧གོང་ས་མཆོག་ལ་མཇལ་དགོས་ཀྱི་ཡོད་ཅེས་བཤད་པ་ལྟར་ཡོང་བ་ཡིན་ཚུལ་འདུག

ཁོ་མོ་བཞུགས་སྒར་ནས་༧གོང་ས་མཆོག་ལ་མཇལ་སྐབས་ཨ་མ་དང་ལྷན་དུ་མཇལ་ཁ་ཞུས་ཡོད་ཚུལ་འདུག་ལ། སྐབས་དེར་ཁོ་མོས་ ༢༠༠༩ ལོའི་ལོ་མཇུག་དང་ ༡༠༡༠ ལོའི་ལོ་མགོ་ཙམ་ནས་བོད་ནང་དུ་དམངས་གཙོ་ལས་དོན་ལེགས་འགྲུབ་ཡོང་བ་དང་། བཙན་བྱོལ་བོད་མི་རྣམས་ཀྱང་རིམ་བཞིན་ཕྱིར་རང་རང་གི་ཕ་ཡུལ་ཕྱོགས་སུ་ལོག་མགོ་རྩོམ་རྒྱུ་རེད་ཅེས་ཞུས་ཚུལ་འདུག

འབྲེལ་ཡོད་གསར་འགྱུར།

"Vocational training” programmes threaten Tibetan identity, carry risk of forced labour, say UN experts.© Unsplash/Aden Lao
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་མི་ལས་བཟོ་བ་རྣམས་ཀྱི་ཐོབ་ཐང་གླེང་སློང་གནང་། 

ཆུ་ཚོད་ ༥ སྔོན་ལ།
བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་བཅར་འདྲིར་ལན་འདེབས་གནང་བཞིན་པ། ༢༠༢༣།༩།༢༧ དུས་བབ་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་གཞི་རིམ་མི་མང་ལས་འགུལ་བར་ཐུག་འཕྲད་གནང་།

ཆུ་ཚོད་ ༦ སྔོན་ལ།
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱིས་༧སྐུའི་ཡང་སྲིད་དང་འབྲེལ་བའི་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༧ སྔོན་ལ།
གཞི་རིམ་མི་མང་གི་ལས་འགུལ་ཚོགས་པའི་རྒྱུན་ལས་ཚེ་བརྟན་ཕུན་ཚོགས་ལགས། ༢༠༢༣། ༩། ༢༦ བོད་ཀྱི་དུས་བབ་ཀྱི་པར།
Mobile App

ཁང་པ་སྟོང་པ་ཞིག་ལ་འབོད་སྐུལ་ཞུས་ནས་བསྡད་ཚེ་ཏག་ཏག་བསྡད་མི་འདུག

༢༠༢༣/༠༩/༢༦
Uyghur Scholar Rahile Dawut [Photo: Uyghur Human Rights Project]
Mobile App

ཡུ་གུར་གྱི་སློབ་དཔོན་ཆེན་མོ་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

༢༠༢༣/༠༩/༢༥
EU trade chief Valdis Dombrovskis speaks at the Bund Summit in Shanghai on Saturday. Photo: Reuters
Mobile App

འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་ཉེན་འདུག 

༢༠༢༣/༠༩/༢༥

མཆན། 28

  1. སེང་ཆུང་། says:
    ལོ་ 13 སྔོན།

    ཧ་ཧ་ ཙུ་ན་མི(Tsunami)ཞེས་པ་དེ་ནི་༢༠༠༤ལོའི་ཟླ་བ༡༢ནང་དུ་རྒྱ་གར་གྱི་མངའསྡེ་ཨོ་རི་ས་(Orissa)ཡི་ཁུལ་དུ་བྱུང་ཡོད་རེད། དེའི་སྐབས་ཀྱི་བུ་མོ་དེ་ནི་སྐྱེས་མ་ཐག་པའི་བུ་མོ་ཟླ་བ་ཁ་ཤས་སོང་བ་ཞིག་རེད། ཨོའོ་་་ ད་ཉིས་སྟོང་དགུའི་ལོ་མཇུག་རྫོགས་ཤིང་བཅུའི་ལོ་དཀྱིལ་ཡང་རྫོགས་གྲབས་འདུག་དཱ།

    Reply
  2. ལྷོ་མཐའི་ཕུག་རོན། says:
    ལོ་ 14 སྔོན།

    འདི་ནི་དངོེས་ནས་དགལ་འོས་བ་ཞིག་རེད།

    Reply
  3. ལྷོ་མཐའི་ཕུག་རོན། says:
    ལོ་ 14 སྔོན།

    འདི་ནི་དངོེ་ནས་དགལ་འོས་བ་ཞིག་རེད།

    Reply
  4. བོད་རྒྱལ་ལོ། says:
    ལོ་ 15 སྔོན།

    འུ་ཚང་གི་མི་རིགས་འདི་ནི་ལོ་རྒྱུས་ཀྱི་འགག་སྒོ་མང་པོ་ཞིག་བརྒྱུད་ནས་སླེབས་པའི་མི་རིགས་གཞན་དང་འདྲ་ས་མང་ནའང༌། མི་འདྲ་ས་ཞིག་ནི་ལྷ་སྒྲུང་དང་ཆོ་འཕྲུལ་ལ་ཡིད་ཆེས་ཀྱི་འདུན་པ་ཟབ་དྲགས་པའི་སྐྱོན་ཆ་ཆེན་པོ་ཞིག་ཡོད་པ་འདི་རེད། ཁ་སང་དེ་རིང་གི་དུས་སུའང་འདི་ལྟར་རྨི་ལམ་གྱི་ལམ་བུ་ཞིག་ལས་ད་དུང་རིག་གསར་གྱི་འཇིག་རྟེན་འདིའི་གྲོང་སྣེ་ཞིག་ཟིན་མེད་པའི་མངོན་རྟགས་གསལ་པོ་ཞིག་ནི། བྱིས་པ་བསམ་མེད་ཅིག་གི་ངག་གི་རྗེས་སུ་འདི་ལྟར་ཡིད་ཆེས་དང་བསྟོད་བསྔགས་སོགས་ཀྱིས་དུས་འདའ་བའི་ལོ་རྒྱུས་ཀྱི་གོད་ཆག་ཆེན་པོ་ཞིག་རེད། ད་དུང་ལུང་སྟོན་དང་། མངོན་ཤེས་སོགས་ལ་མགོ་འཁྲེགས་རྣམས་རེ་བ་ཆེ་བས་གངས་རིའི་མི་རྒྱུད་འདི་ལ་རེ་བ་ཞིག་མེད་པ་འདྲ། ཨ་རོ་ཤོ

    Reply
  5. འཁྱམས་པོ། says:
    ལོ་ 15 སྔོན།

    ཡ་་་་ཡ་་་ མགྲོན་ཤོད་སླེབས་ན་ མགྲོན་པོར་འགྲོ་ནི་རེད་་་ ཆང་རྐྱལ་ཞིག་ལས་མགྲོན་པོ་དགའ་ཞིག་མིན་ཟེར་ན་མ་གཏོགས་་་་་
    ཧ་་་ཧ

    Reply
  6. ནམ་མཁའ་བསྟན་འཛིན། says:
    ལོ་ 15 སྔོན།

    ་ཧ་ཧཧ་ཧ་
    དྲ་གྲོགས་འཁྱམས་པོ་ཟེར་བ་འདི་ངོ་མ་རིག་རྒོད་ཞིག་ཀྱང་རེད།
    འོ་ན་རྗེས་ཕྱོགས་ངའི་ཟིན་བྲིས་ཕེབས་པར་དགའ་བསུ་ཞུ།

    Reply
  7. འཁྱམས་པོ། says:
    ལོ་ 15 སྔོན།

    དྲ་གྲོགས་གསར་པ་ནམ་མཁའ་བསྟན་འཛིན་ལགས། ཕར་ལྟ་ཚོད་ལ་འབྲོག་རྩག་གྱོན་པས་རོང་ཕྲུག་ཞིག་ཡིན་པ་འདྲ། ཀུ་རེ་ཡིན་ད་་་ གང་ལྟར་དེར་ཆད་པར་ཀྱང་མི་འདུག་བོད་དོན་ལ་བསམ་མཁན་ཞིག་ཡིན་ན་བོད་པ་རེད།
    ང་་་ཆང་རྐྱལ་ཞིག་དང་ལོ་ལོན་ཞིག ད་དུང་སྨྱོན་པ་ཞིག་གང་ཡིན་ཡང་དོན་དམ་རེ་གླེང་རྒྱུ་ཡོད་ན་ཁ་བཙུམ་ནས་སྡོད་རྒྱུར་མི་དགའ།
    དེ་ནས་ཤོད་ ང་་ ད་དུང་བསམ་བློ་གླེང་རྒྱུར་ཡང་དགའ།

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    འདི་ན་སུས་སུ་ལ་ཡང་འཕྱ་དམོད་བྱེད་ཀྱི་མེད་པར་ཐག་གཅོད་བྱེད་ན་འདོད། འདི་ན་ཚང་མའི་རང་རང་གི་བསམ་ཚུལ་རེ་གླེང་བཞིན་པ་ལས་དྲ་གྲོགས་དག་གིས་ཕན་ཚུན་ནང་ལ་འཕྱ་དམོད་ནི་བྱེད་མི་སྲིད་པ་ཡིན་ཡང་། ཟུར་ཟ་བྱེད་དགོས་ས་དང་འཕྲད་པ་ཡིན་ན་ནི་ཟུར་ཟ་བྱས་ན་མ་འགྲིག་པ་གང་ཡང་མི་འདུག་གོ

    Reply
  9. བོད་རྒྱལ་ལོ། says:
    ལོ་ 15 སྔོན།

    ཁྱད་གསོད་དེ་ལྟར་བྱེད་ག་ལ་རུང་། མི་སུ་ལའང་སྔོན་དཔག་གི་ནུས་པ་ཡོད་པ་ཚང་མས་ཁས་ལེན་གི་རེད།

    Reply
  10. བོད་རྒྱལ་ལོ། says:
    ལོ་ 15 སྔོན།

    ཁྱད་གསོད་དེ་ལྟར་བྱེད་ག་ལ་རུང་། མི་སུ་ལའང་སྔོན་དཔག་གི་ནུས་པ་ཡོད་པ་ཚང་མས་ཁས་ལེན་གི་རེད།

    Reply
  11. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    དྲ་གྲོགས་ལགས། ཡོན་བྷེ། དེས་ན་ཉིད་ཀྱིས་ངེད་ཅག་གི་ཁ་ཕྱོགས་གང་ཞིག་དུ་འགྲོ་སྲིད་པ་དང་རྒྱ་ནག་སྲིད་གཞུང་འདི་མང་གཙོའི་ལམ་དུ་བསྐྱོད་རྒྱུར་ཐག་ཉེ་བར་འདོད་ཀྱི་ཡོད་དམ་མེད།

    Reply
  12. ཡོན་བྷེ། says:
    ལོ་ 15 སྔོན།

    བྱིས་པ་ལོ་ཆུང་གི་བསམ་མེད་ཀྱི་སྐད་ཆ་དང། །
    ལྷ་བ་མོ་བ་ཡི་རང་འགུལ་གྱི་རྫུན་གཏམ་གཉིས། །
    བོད་མི་གླེན་རྒན་ཚོའི་རྣ་བར་ལྷུང་བ་ན། །
    ཡིད་ཆེས་བྱེད་པ་ཅི་འདྲའི་ཡ་མཚན་ཞིག།

    མ་འོངས་སྔོན་དཔག་གི་རྒྱལ་བའི་བཀའ་གསུང་ལ། །
    འདི་ལྟར་དོ་སྣང་དང་གླེང་སློང་མི་བྱེད་པར། །
    བསམ་མེད་བྱིས་པ་ཡི་ངག་ཚིག་འཆལ་བོ་ལ། །
    དོ་སྣང་བྱེད་རིན་ཞིག་འདུག་གམ་ཨ་རོགས་ཚོ། །

    རྒྱ་ནག་དམར་པོ་ཡི་མགོ་འཛིན་རྣམ་པ་ལ། །
    མང་གཙོ་གུ་ཡངས་ཤིག་གཏོང་རྒྱུའི་གྲ་བསྒྲིགས་ཤིག །
    འདུག་གམ་མི་འདུག་དེ་ང་ཚོའི་དཔྱད་རྒྱུ་ལས། །
    མ་བརྟག་བྱིས་ངག་ལ་ཉན་པ་ངོ་རེ་ཚ། །

    ལོ་རྒྱུས་ཀྱི་བསླབ་བྱ་སེམས་ལ་བཟུང་ནས། །
    ད་ལྟ་ཡི་གནས་སྟངས་དངོས་ལ་གཞིགས་ཏེ། །
    ཆབ་སྲིད་ཀྱི་འགྲོས་ལ་དཔྱད་པ་རེ་ཐོངས་དང༌། །
    བྱིས་ངག་ལ་ཉན་ལས་ལྷག་ཅིག་ཡོང་ངེས། །

    གཡུ་མཚོན་ནས།

    Reply
  13. ནམ་མཁའ་བསྟན་འཛིན། says:
    ལོ་ 15 སྔོན།

    སྐབས་རེར་གནས་ཚུལ་ཆུང་ཆུང་རེ་ལ་ཡང་མཆན་འགོད་མཁན་འཚང་ཁ་རྒྱག་གིན་འདུག་མོད། སྐབས་རེར་དཔྱད་རིན་ཡོད་པའི་གསར་འགྱུར་འགར་མཆན་གཅིག་གཉིས་ལས་མཐོང་རྒྱུ་མི་འདུག དྲང་མོར་བཤད་ན་བུ་མོ་འདིས་རང་གི་བཀྲ་ཤིས་བའི་ཁ་གཡང་ཞིག་གམ་ཡང་བལྟས་བཟང་བའི་རྨི་ལམ་ཞིག་༧གོང་ས་མཆོག་ལ་ཡར་ཞུས་བའི་གནས་ཚུལ་བཀོད་འདུག་པ་ལས་འདི་ལ་ངེས་གཏན་དང་ཁག་ཐེགས་ཡོད་པའི་སྐད་ཆ་ཅི་ཡང་བཤད་མི་འདུག ད་དུང་འཁྱམས་པོ་ཞེས་བ་འདིས་གོང་དུ་ཚོད་དཔག་ལེ་ཚན་དུ་ཞེས་བྲིས་རྗེས་འོག་ཏུ་ལུང་བསྟན་གསུང་རྒྱུ་ཡིན་ཟེར། མི་འདི་ཕལ་ཆེར་ཆང་རྐྱལ་ཞིག་མིན་ན་ལོ་ལོན་ཞིག་ཡིན་པ་འདྲ། ཨ་ལ་ཀུ་རེ་ཡིན།

    Reply
  14. འཁྱམས་པོ། says:
    ལོ་ 15 སྔོན།

    ང་ནི་ལོ་ཆུང་བུ་མོ་དེར་ཡིད་ཆེས་དད་མོས་ཀྱིས་ལག་པ་ཐལ་མོ་སྦྱོར་ནི་མི་ཡོང་ལ་་་་ དམའ་འབེབས་མཐོང་ཆུང་གི་ཚུལ་གྱིས་ཅོལ་བསྒྲོག་བྱེད་རྒྱུ་ཡང་མི་འདུག སྟོན་པས་ཀྱང་ གང་ཟག་གིས་ཚད་གཟུང་པར་མི་བྱའོ་ཞེས་གསུངས་ ཡང་གཅིག་བཤད་ན་བུ་མོ་གཡང་ཁ་མ་དེས་ཁ་་བདེན་པར་སྨོན་ དེ་ནི་ཏག་ཏག་ང་ཚོ་བོད་པ་ཚང་མཁོ་པས་ཚིག་ཞིག་རེད།
    འོ་་་་ངས་ཀྱང་ཁྱེད་ཚོར་ལུང་བསྟན་ཞིག་གསུངས་ རྒྱལ་སྤྱིའི་མང་གཙོ་དང་འགྲོ་པ་མིའི་ཐོབ་ཐང་གི་ཚགས་ཤོག་ཆེ་ཤོས་Epochtimeཞེས་པ་དེས་ནང་། ད་ལོ་༢༠༠༩ རྒྱ་ནག་ཚོད་དཔག་གི་ལེ་ཚན་དུའང་ ལོ་འདི་ནི་རྒྱ་ནག་དམར་ཕྱོགས་པར་གནད་འགག་གི་ལོ་ཚིགས་ཤིག་སྟེ། དེ་ནི་རྒྱ་སྤྱིའི་དཔལ་འབྱོར་གོད་ཆགས་དང་ལྷག་པར་ད་ལོ་རྒྱ་ནག་གི་དཔལ་འབྱོར་ཆགས་འགྲིབ་ཀྱི་ཅུང་གུད་ནི་རྒྱལ་སྤྱིའི་སྟེང་ཆེས་སྡུག་ཤོས་དང་དེས་རྐྱེན་པས་མི་མང་ཁྲོད། ལས་མེད་ཀྱི་བརྒྱ་ཆའང་ཇེ་མང་དང་། ད་དུང་འདིའི་ཤུགས་སུ་ད་བར་དུ་རྒྱ་ནག་གིས་མི་མང་ཁྲོད་དམ་རྒྱ་བྱས་བསྡད་པས་ཆབ་སྲིད་དང་རུལ་སུངས་ཀྱི་གསང་བ་མང་པོ་ཞིག་ཕྱིར་འཆོར་བཞིན་ཡོད་པས། དེས་མི་མང་ལ་ཁོང་ཁྲོ་ཆེན་པོ་སློང་སྲིད་པ་དང་་་ ལོ་འདི་ནི་རྒྱ་ནག་ལ་འགྱུར་པ་ཆེན་པོ་ཞིག་གི་ལོ་ཚིགས་ཤིག་དུ་བརྗོད་ཆོག ཞེས་གསལ་་་ ཡ་་་ ད་་་་རེ་་་ ཤོད་དང་་་་

    Reply
  15. བསེ་རུ། says:
    ལོ་ 15 སྔོན།

    ངས་བལྟས་ན་མི་ཞིག་གིས།
    དཔེར་ན།ཁྱེད་རང་ཕ་ཡུལ་སླེབས་ཀྱི་རེད་ཅེས་བཤད་ན།
    ད་ཕ་ཡུལ་ལ་སླེབས་ཀྱི་རེད་བསམ་ནས་ཉིན་ནས་ཉིན་བུད།
    ལོ་ནས་ལོ་ཕུད་ནས་རེ་སྒུག་གིས་ངང་དུ་དུས་འདས་ནས་ཕ་ཡུལ་ལ་སླེབས་རྒྱུར་རེ་བ་བརྒྱབ་ན་དེ་ནི་མི་ཚེ་སྟོང་ཟད་རེད་ལ་ཨེ་ཡོང་མགོ་དཀར་རེད།

    ང་ཚོ་ཡང་འདི་ལྟར་ད་དུང་རེ་སྒུག་ངང་ལས་དུས་འདའ་ཞིང་།
    ཡིད་ཆེས་ཀྱིས་སེམས་གསོ་བྱེད་ཀྱིན།
    ཁོར་ཡུག་གི་རླུང་ཤུགས་ལ་བརྟེན་གྱིན།
    གཞིས་བྱེས་མཉམ་འཛོམས་དང་།
    བདེན་མཐའ་སེལ་རྒྱུར་སྒུག་བཞིན་ཡོད་པ་རེད།

    ངའི་བསམ་ཚུལ་ལྟར་ན་ངའི་མི་ཚེས་འཁྱོལ་མིན་མི་ཤེས་ཀྱང་ད་ལྟའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་ང་ཚོ་བོད་མིའི་གནས་བབ་ལ་བལྟས་ན་ད་དུང་མི་ལོ་ལྔ་བཅུ་ཧྲིལ་པོ་འདི་ལྟར་སྐྱབས་བཅོལ་དུ་སྡོད་དགོས་ཀྱི་རེད་བསམ་བཞིན་འདུག

    དྲ་གྲོགས་དང་ཀློག་པ་པོ་ཚོའི་དགོངས་ཚུལ་གང་འདྲ་ཡོད་དམ།

    Reply
  16. bodpayin says:
    ལོ་ 15 སྔོན།

    བོད་པ་ཚང་འདི་འདྲའི་རྫུན་གཏམ་དང་སྨྱོ་གཏམ་སོགས་ལ་ཉེན་རྒྱུར་དགའ་བོ་ཡོད། ༧གོང་ས་མཆོག་གིས་ང་ཚོའི་འབྱུང་འགྱུར་ཐད་ཅི་ཙམ་སྔོན་དཔག་བྱས་ཀྱང་གླེང་སློང་མི་བྱེད་པར། བྱིས་པ་ལོ་དྲུག་ཅིག་གི་སྐད་ཆར་ཡིད་ཆེས་བྱེད་པ་ནི། བོད་པ་ཚང་ཐབས་ཟད་ནས་སྐྱབས་བཅོལ་ས་མ་རེག་པས་རེད་དམ། ༧གོང་ས་མཆོག་གིས་འབྱུང་འགྱུར་སྔོན་དཔག་གི་བཀའ་སློབ་དེ་དག་ལ་ཡིད་ཆེས་བྱེད་མ་ཐུབ་པས་རེད།

    Reply
  17. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    མི་རེ་རེ་ནས་ཡིད་ཆེས་བྱེད་ལུགས་སྣ་ཚོགས་ཤིག་འཁུར་ནས་ཕེབས་ཤོག གནས་ལུགས་དང་རྒྱུ་མཚན་ལ་བརྟག་དཔྱད་མེད་པའི་སྐད་ཆ་ཇེ་མང་དུ་འགྲོ་ངེས་ཡིན། བོད་པ་ཚང་གི་མི་མང་བོ་ཞིག་མིག་བཙུམ་ནས་སྐྱབས་སུ་འཆི་ཟེར་བ་ལས་རང་གི་ནུས་པ་ལ་བརྟེན་ནས་བརྟག་དཔྱད་བྱེད་རྒྱུར་གོམ་མེད་པ་དང་བྱེད་མཁན་ལ་འཕྱ་དམོད་བྱེད་རྒྱུར་དངོས་ནས་བྱང་ཆ་ལྡན་པ་རྐྱང་རྐྱང་ཡིན། རེད་དེ་་་

    Reply
  18. དགྲ་འདུལ། says:
    ལོ་ 15 སྔོན།

    གནས་ཆུང་ལས་ལྷག་པ་ཞིག་ཡ་མཚན་རྒྱུ་ཨེ་ཡོད་སྙམ། ལྷ་བབ་ནས་སྒྲུང་བཤད་པ་ལས། མིའི་སྔོན་དཔག་གི་ནུས་པ་འདིར་ཡིད་ཆེས་ཡོད་ན་འགྲིག་གི་འདུག

    Reply
  19. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    ད་ནི་བྱིས་པ་ལོ་དྲུག་ཅན་ཞིག་གིས་ཀྱང་བོད་དོན་དུ་སེམས་འཁུར་བྱེད་ཤེས་ཀྱི་ཡོད་པ་ནི་དངོས་ནས་ཡ་མཚན་དངོས་བྱུང་གི་དེབ་ཞིག་ལས་དྲངས་དེ་འོང་བ་མིན་ན་ནི། དངོས་ནས་འཕྱ་གསོད་བྱེད་པ་ལས་གནས་ཚུལ་འདིའི་ཡོངས་ཁུངས་ལ་རྒྱུས་ལོན་གསལ་བོ་ཞིག་བྱས་ན་རེད། དེ་མིན་༧གོང་ས་མཆོག་གི་སྐུ་ཚེ་ལ་ཡང་བྱིས་པ་འདིའི་ལུང་བསྟན་གནང་ཡོད་ཚུལ་བཤད་པ་དེ་ནི་དངོས་ནས་ཧམ་པ་ཆེ་སོང་བ་རེད་ལ། བོད་པ་འདི་བ་ཚང་མི་རིགས་གཞན་གྱི་ཡ་མཚན་སྒྲུང་ཐུང་དག་ལ་རྨོངས་དད་ཆེ་བས་ནོར་འཁྲུལ་ལས་གང་ཡང་མ་རེད། གང་ལྟར། ང་རང་ལ་སེམས་འཁུར་ཞིག་ཡོད་པ་ནི་བོད་པ་ཚང་ལ་མང་གཙོ་ཡིན་ན་འདྲ། བོད་ནང་དུ་རང་དབང་མ་ཐོབ་བར་དུ་བོད་པ་ཚང་གི་བསོད་ནམ་ཉམས་མི་འགྲོ་སྙམ་པ་དེ་ལས་གང་ཡང་མི་འདུག་གོ

    Reply
  20. འབྲོག་རུ་ཆོས་གྲགས། says:
    ལོ་ 15 སྔོན།

    དངོས་གནས་བཤད་ན་ང་ཚོ་འུ་ཐུག་ཡོད་པ་རེད། གཞིས་ལུས་པ་ཚོས་རེ་འདུན་ཞིག་གི་སྐད་འབོད་ཁྱེར་ནས་རང་གི་སྲོག་བློས་བཏང་བ་ཡང་འུ་ཐུག་ནས་ལས་པ་ཞིག་མ་རེད་དམ། བྱེས་པ་ཚོས་ཆབ་སྲིད་ཀྱི་ལྟ་གྲུབ་ལ་འགྱུར་བ་མང་བོ་ཞིག་བཏངས་པའང་འུ་ཐུག་ནས་ལས་པ་རེད། འུ་ཐུག་མིན་དེ་གཙོ་བོ་མ་རེད། གཙོ་བོ་ང་ཚོའི་རེ་ཞིང་སྒུག་པའི་འདུན་པ་དེ་འགྲུབ་དགོས་པ་རེད། སྔོན་དཔག་གི་ཚད་མས་འཇལ་བའི་སྐད་ཆ་འདི་ལའང་ང་ཚོས་དགའ་འབོད་དང་ཆེ་མཐོང་སྤྲད་པ་ནི་བོད་མི་རིགས་འདིའི་སེམས་ནང་གི་རེ་བ་སྣུམ་པོ་ཞིག་མཚོན་གྱི་རེད་བསམ་གི།

    Reply
  21. དགྲ་འདུལ། says:
    ལོ་ 15 སྔོན།

    ཁྱད་གསོད་དེ་ལྟར་བྱེད་ག་ལ་རུང་། མི་སུ་ལའང་སྔོན་དཔག་གི་ནུས་པ་ཡོད་པ་ཚང་མས་ཁས་ལེན་གི་རེད། གལ་སྲིད་འདི་ལ་ཁས་ལེན་ན་སྔོན་དཔག་གི་ནུས་པའི་ཆེ་ཆུང་ལ་ཁས་མི་ལེན་དོན་ཅི་ཡིན།

    Reply
  22. དགྲ་འདུལ། says:
    ལོ་ 15 སྔོན།

    ཁྱད་གསོད་དེ་ལྟར་བྱེད་ག་ལ་རུང་། མི་སུ་ལའང་སྔོན་དཔག་གི་ནུས་པ་ཡོད་པ་ཚང་མས་ཁས་ལེན་གི་རེད། གལ་སྲིད་འདི་ལ་

    Reply
  23. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    ང་ཚོ་དངོས་གནས་འུ་ཐུག་པའི་རྟགས་རེད། ལོ་དྲུག་ཅན་གྱི་བུ་མོ་ཞིག་ལ་རྒྱལ་ཁབ་ཀྱི་བདེ་སྡུག་སྐོར་ཞུས་པ་ནི་ང་ཚོ་དངོས་གནས་འུ་ཐུག་པའི་རྟགས་རེད། དེ་མིན་པའི་མཁས་པ་དང་ལྷག་པར་དུ་རྒྱལ་བ་རིན་པོ་ཆེ་བཞུགས་པའི་སྐབས་ལོ་དྲུག་ཅན་གྱི་བྱིས་པའི་གཟུ་ལུམ་ལ་གླེང་སློང་བྱེད་པ་ནི་ཅོལ་ཆུང་གི་ལས་ཀ་མ་རེད་དམ། དེ་མ་ཡིན་པའི་ལུང་བསྟན་སྟོན་མཁན་དགོས་ནའང་བུ་མོ་ལོ་དྲུག་ཅན་ཞིག་ལས་རྫུན་སྒྲུང་སྒྲིག་མཁས་པོ་དེ་འདྲ་ང་ཚོར་ཡོད་ཨང༌།

    Reply
  24. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    བུ་མོ་ཤམ་བྷ་ཝེ་ཡི་འདི་ངོ་མ་ཧམ་ཆེན་པོ་འདུག ༸གོང་ས་མཆོག་ལ་ཡང་རྫུན་གཏམ་འམ་ལུང་བསྟན་ཟེར་བ་ཅིག་བཤད་འདུག ལུང་བསྟན་གནང་ཆོག་མི་ཆོག་ས་མཚམས་ནང་ཆོས་ལ་སྦྱངས་ཡོད་ན་ནུས །

    Reply
  25. རོགས་ཆུང་ལོ། says:
    ལོ་ 15 སྔོན།

    ངའི་གྲོགས་པོ་དང་ངེད་གཉིས་ཀྱིས་གསར་འགྱུར་འདི་མཉམ་དུ་བཀླགས་པ་ཡིན། དེ་རྗེས་ཁོ་རང་ཁོང་དགོད་ཆེན་པོ་ཞིག་ཤོར་སོང་། ཁོས་བཤད་རྒྱུར་ད་ནི་བོད་དོན་འདི་བྱིས་པ་ཚོའི་ལག་ལ་ཤོར་འདུག་ཟེར། ཁོང་གད་མོ་ཤོར་སྟངས་དེས་ང་ལ་ཁྱད་གསོད་དང་མཐོང་ཆུང་། འུ་ཐུག་དགོས་པའི་ཚོར་བ་ཞིག་སྤྲད་སོང་།

    Reply
  26. མགྲིན་པ་ཟབ་མོ། says:
    ལོ་ 15 སྔོན།

    སྨོན་འདུན་ཙམ་གྱིས་ཅི་ཕན། ད་བར་དུ་གསོལ་བ་སྨོན་ལམ་བཏབས་ནས་ཕྱིན་པ་རེད། གཙོ་བོ་བུ་མོ་འདིའི་མངོན་ཤེས་འདི་ལ་ཡིད་ཆེས་ཡོད་མེད་རེད། གསར་འགྱུར་འདིའི་ནང་དུ་བསམ་ཚུལ་སྤེལ་མཁན་ཚང་མ་ལྟ་བ་ཞིག་དང་། ཡང་ན། ཕྱི་དངོས་པོའི་གཞལ་དུ་མེད་པའི་ནུས་པ་ལ་ངེས་ཤེས་ཤིག་ཡོད་དགོས་པར་འདོད།

    Reply
  27. གཞིས་ལུས་བོད་པ། says:
    ལོ་ 15 སྔོན།

    འདི་མངོན་དུ་གྱུར་པའི་སྨོན་འདུན་ཞུ་ཞིང་། འདི་ལྟ་བུ་མངོན་དུ་མི་འགྱུར་རྒྱུ་ཞིག་ཀྱང་མ་རེད་སྙམ། རྒྱུ་མཚན་ནི་རྒྱ་ནག་གི་འགོ་ཁྲིད་རྣམས་ཀྱང་མྱི་ཡིན་ཞིང་། ཟོག་མ་ཡིན་པས་བསམ་བློ་གཏོང་སྲིད་པ་ཞིག་རེད།

    Reply
  28. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    བུ་མོ་ཤམ་བྷ་ཝེ་ཡི་ལུང་བསྟན་ལེགས་འགྲུབ་བྱུང་ན་ཅི་མ་རུང་། བོད་ནང་དུ་མང་གཙོ་ལེགས་འགྲུབ་ཡོང་རྒྱུ་ཡིན་ན་རྒྱ་ནག་ནང་དུ་གང་འདྲ་ཡིན་ན། རྒྱ་ནག་ནང་ལ་མང་གཙོ་ཡོང་རྒྱུ་རེད། བཙན་བྱོལ་བ་རྣམས་རང་ཡུལ་ལ་ལོག་རྒྱུ་རེད་ཅེས་བཤད་ན་རྣ་ལ་འགྲོ་བ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist