མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་གཞུང་གིས་ལོ་སར་གི་མིན་ཟེར།

བོད་ཀྱི་དུས་བབ།
༢༠༠༩/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཤག་གིས་བོད་ས་གླང་ལོའི་ལོ་གསར་སྐབས་གསོལ་སྟོན་དང༌། ཞབས་གཞས། ཤོག་སྦག་སྤར་བ་སོགས་བག་ཡངས་སྤྲོ་སྐྱིད་ཀྱི་ལས་རིམ་གཏན་ནས་མེད་པ་དགོས་རྒྱུའི་བཀའ་ཕབ་ཡོད་འདུག

ཚེས་ ༧ ཉིན་བཀའ་ཤག་གིས་དབུས་ལས་ཁུངས་ཁག་གི་དྲུང་ཆེ་འགན་འཛིན་རྣམ་པར་གསལ་བསྒྲགས་ཤིག་བཀྲམས་ཏེ། བོད་ས་བྱི་ལོའི་ནང་བོད་དུ་དྲག་གནོན་གྱི་གནས་ཚུལ་འོག་བོད་མི་བརྒྱ་ཕྲག་མང་པོ་རྐྱེན་འདས་དང༌། སྟོང་ཕྲག་མང་པོ་བཙོན་འཇུག་འོག་ཚུད་པ་མ་ཟད། ད་ལྟའང་བཙན་གནོན་དམ་དྲག་གི་གནས་ཚུལ་ཡོད་པ་བཅས་ལ་བརྟེན། འཆར་ལོ་ས་གླང་ལོའི་ལོ་གསར་སྐབས་གཞུང་འབྲེལ་གྱི་མཛད་སྒོ་རིམ་པའི་ནང་ཚེས་གཏོང་དང༌། བསང་གསོལ་སོགས་ཆོས་ཕྱོགས་ཀྱི་མཛད་སྒོ་རྣམས་སྲོལ་རྒྱུན་ལྟར་གནང་བ་མ་གཏོགས། གསོལ་སྟོན་དང༌། ཞབས་གཞས། ཤོག་སྦག་སྤར་བ་སོགས་བག་ཡངས་སྤྲོ་སྐྱིད་ཀྱི་ལས་རིམ་གཏན་ནས་མེད་པ་དགོས་རྒྱུ་མ་ཟད། གཞུང་ཞབས་ལས་བྱེད་རྣམས་ཀྱང་སྤྲོ་སྐྱིད་གསོལ་སྟོན་སོགས་སུ་ཕེབས་གནང་མེད་པ་དགོས་རྒྱུ་དེ་ས་གནས་སོ་སོའི་ཁྱབ་ཁོངས་ས་གནས་མགོ་འཛིན་ལས་ཁུངས་ཁག་དང༌། སྐུ་ཚབ་དོན་གཅོད་ལས་ཁང༌། སློབ་གྲྭ། སྨན་ཁང་བཅས་ལ་བརྡ་ཁྱབ་འཕྲལ་དུ་གནང་སྐྱོང་དགོས་པའི་བཀའ་ཕབ་ཡོད་པ་རེད། 

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

ཆུ་ཚོད་ ༢༣ སྔོན་ལ།
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣

མཆན། 9

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    ད་ནི་བོད་པ་ཚང་གི་གཞུང་དམངས་གཉིས་ཀྱིས་དམིགས་ཡུལ་གཅིག་དང་། ལོངས་ཕྱོགས་གཅིག རྩོད་གཞི་གཅིག སྒྲུབ་ཕྱོགས་གཅིག འཐབ་རྩོད་གཅིག འབོད་ཚིགས་གཅིག མདུན་བསྐྱོད་གཅིག་གི་ལམ་དུ་བསྐྱོད་པའི་ལམ་ཁ་མགོ་བརྩམ་པ་ཡིན་པར་རེ་བ་རྒྱག་པ་ཙམ་མིན་པར་དོན་དངོས་སུ་དེ་ལྟར་ཞིག་ཡོང་བར་སྨོན།

    Reply
  2. རིག་རང་སྐྱེས། says:
    ལོ་ 14 སྔོན།

    བོད་གཞུང་གི་ལོ་སར་གི་མིན་ཟེར་བ་དེ་ངོ་མ་དགོས་བ་འོས་བ་ཞིག་རེད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ད་ལོ་ལོ་གསར་གཏོང་གི་མིན་ཞེས་གསལ་བསྒྲགས་སྡོན་མ་ནས་བསྐྱངས་ཚར་བ་མ་ཟད་ལོ་གསར་ཉིན་ད་ལོའི་ཞི་རྒོལ་ནང་འདས་གྲོངས་སུ་སོང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་ཆེད་དུ་གསོལ་འདེབས་སྨོན་ལམ་དང་མྱ་ངན་གུས་འདུད་སོགས་ཀྱི་མཛད་རིམ་ཡོད་པ་མ་ཟད། རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་སྐད་འབོད་སོགས་ཀྱི་འཆར་གཞི་ཡང་ཡོད་འདུག བཀའ་ཤག་གི་གསལ་བསྒྲགས་ནང་ལོ་གསར་སྐབས་གཞས་དང་ཞབས་བྲོ །བག་ཡངས་སྤྲོ་སྐྱིད་ཀྱི་ལས་རིམ་གཏན་ནས་བཏང་མི་ཆོག་མ་གཏོགས་དམིགས་གསལ་གྱི་ད་ལོའི་ཞི་རྒོལ་ནང་འདས་གྲོངས་སུ་སོང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་ཆེད་དུ་གསོལ་འདེབས་སྨོན་ལམ་སོགས་ཀྱི་མཛད་རིམ་ཡོད་ཞེས་གསལ་བསྒྲགས་བསྐྱངས་མེད་པ་ལ་བློ་ཕམ་གྱི་གནས་སུ་གྱུར། དུ་དུང་ ‘གཞུང་ཞབས་ལས་བྱེད་རྣམས་ཀྱང་སྤྲོ་སྐྱིད་གསོལ་སྟོན་སོགས་སུ་ཕེབས་གནང་མི་དགོས’ ཞེས་གསལ་བསྒྲགས་ནང་བཀོད་འདུག བོད་མི་ས་ཡ་དྲུག་ལ་ལོ་གསར་མེད་ན་གཞུང་ཞབས་ལས་བྱེད་རྣམས་ལ་ཀྱང་ལོ་གསར་མེད་མེད་རེད།

    Reply
  3. བསེ་རུ། says:
    ལོ་ 14 སྔོན།

    ་་་་སྟོང་ཕྲག་མང་པོ་ཞིག་སྡུག་སྦྱོང་མནར་གཅོད་འོག་གནས་དང་གནས་མུས་ཡིན་པས།
    འདི་ལོའི་ལོ་གསར་གྱི་མིང་ལ་མྱ་ངན་གྱི་ལོ་གསར་ཟེར།
    རྒྱ་ནག་གཞུང་གིས་བོད་ནང་བཙན་དབང་གིས་བཀའ་རྒྱ་བཏང་ནས་ལོ་གསར་སྐབས་སྐར་ལྔའི་དར་དམར་ཐོག་ཁར་བསྒྲེང་དགོས་པའི་བཙན་བཀའ་བཏང་ཡོད།
    ཁོང་ཚོས་འདི་ལོའི་ལོ་གསར་ལ་དར་དམར་ལོ་གསར་ཞེས་བརྗོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག་པས།
    ང་ཚོས་ཀྱང་འདི་ལོའི་ལོ་གསར་ནི་མྱ་ངན་གྱི་ལོ་གསར་ཞེས་བརྗོད་ན་ཆོག་པ་ཞིག་རེད།
    ལོ་གསར་འདི་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་དམིགས་བསལ་གྱི་ལོ་གསར་ཞིག་ཆགས་ངེས།

    Reply
  4. བསེ་རུ། says:
    ལོ་ 14 སྔོན།

    སྔར་ལོ་ནི་བོད་གཞུང་དམངས་གཉིས་ཀའི་སེམས་ནང་སྡུག་བསྔལ་གྱིས་བཟིར་བའི་ལོ་ཟླ་ཞིག་ཡིན་ཞིང་།
    ད་དུང་བོད་ནང་དུ་དྲག་རྡུང་གི་ལས་འགུལ་སོགས་སྤེལ་དང་སྤེལ་མུས་ཡིན་པ་མ་ཟད།ཚེ་སྲོག%E

    Reply
  5. དཀོན་མཆོག་དར་རྒྱས། says:
    ལོ་ 14 སྔོན།

    གཞུང་དང་མི་མང་གཉིས་ཀ་ལམ་གཅིག་གི་ཕྱོགས་ལ་འགྲོ་གི་ཡོད་པ་འདི་དགའ་འོས་བ་ཞིག་རེད།

    Reply
  6. ལྷ་ཆབ་སྦྱིན་པ། says:
    ལོ་ 14 སྔོན།

    ལོ་གསར་བ་འདི་དམིགས་བསལ་ཞིག་བཟོ་དགོས་པ་ནི་ང་ཚོའི་ལོ་རྒྱུས་ཀྱི་འོས་འགན་ཞིག་ཡིན། ལོ་འདི་ནི་བོད་གཞུང་གིས་སར་མིན་གཅིག་བུ་གནད་དོན་མ་ཡིན་པར་ལོ་གསར་བ་འདིས་བོད་གཞུང་ལ་དྲན་སྐུལ་ཐོལ་བ་ཞིག་གནང་གི་ཡོད་པ་དེ་ཡིན། རྒྱུ་མཚན་དེའི་དབང་གིས་ང་ཚོའི་གཞུང་མང་གཉིས་ཀའི་ངོས་ནས་ལོ་གསར་ལྟ་བུའི་དགའ་སྟོན་དག་གཡུགས་ནས་རྐང་ལག་བཞི་བོ་འགུལ་བའི་དུས་ཚོད་ཅིག་ཤར་ཡོད་པ་ནི་དངོས་ཡོད་གནས་ཚུལ་དུ་གྱུར་ཡོད།

    Reply
  7. བུ says:
    ལོ་ 14 སྔོན།

    བོད་ཀྱི་གཞི་ཆགས་དང་མི་དམངས་རེ་རེ་ནས་ལོ་གསར་མེད་པ་བཤད་སོང་ བཙན་བྱོལ་གཞུང་གིས་འདི་ལྟར་མ་བཤད་ན་ངོ་ཚ་་་་་་་

    Reply
  8. འོད་དཀར། says:
    ལོ་ 14 སྔོན།

    འདི་ནི་དགའ་དགོས་པ་ཞིག་རེད། གཞི་ལུས་མི་དམངས་ལ་ང་ཚོས་འདི་ལྟ་བུ་ཞིག་བྱེད་དགོས་དང་དགོས། བོད་རྒྱལ་ལོ་་་་་་་་་་་

    Reply
  9. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    གཞུང་དང་མི་མང་གཉིས་ཀ་ལམ་གཅིག་གི་ཕྱོགས་ལ་འགྲོ་གི་ཡོད་པ་འདི་དགའ་འོས་བ་ཞིག་རེད།
    གཞུང་གི་གསལ་བསྒྲགས་འདི་མ་སླེབས་སྔོན་ནས། ཕྱི་རྒྱལ་ཡུལ་གྲུ་ཁག་གཙོས་བའི་རྒྱ་བལ་འབྲུག་གསུམ་གྱི་ས་གནས་མང་པོ་ཞིག་ཏུ་མི་མང་རང་ངོས་ནས་ལོ་གསར་གཏོང་གི་མིན་ཞེས་ཐག་བཅད་པ་དེ་རྗེས་སུ་ཡི་རངས་བའི་གནས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist