མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་གོ་ལ་རང་བཞིན་གྱི་གསར་འགྱུར་བརྒྱུད་ལམ།

བོད་ཀྱི་དུས་བབ།
༢༠༠༩/༠༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

བརྒྱུད་ལམ་༼གོ་ལ་ཅན་དུ་ཕྱོགས་ཤིག༽ ༼རྒྱལ་སྤྱིའི་ལས་དོན་གྱི་ཐོག་ལ་རྒྱ་ནག་གི་བསམ་ཚུལ་གོ་རུ་ཆུག༽ འདི་ལྟའི་འབོད་ཚིག་དང་རེ་སྐུལ་གྱི་འོག་ཏུ་ད་ཆར་རྒྱ་ནག་གིས་སི་ཨིན་ཨིན་ལ་དཔེ་བླངས་ཏེ། དུས་ཚོད་ ༢༤ རིང་གི་དབྱིན་སྐད་ཀྱི་གསར་འགྱུར་བརྒྱུད་ལམ་ཞིག་ཚུད་པའི་ཨ་སྒོར་ཐེར་འབུམ་ལྷག་གི་མ་དངུལ་བཏང་སྟེ། ཕྱི་རྒྱལ་ཁག་ཏུ་གསར་འགྱུར་གྱི་ལས་དོན་རྒྱ་བསྐྱེད་བྱ་རྒྱུ་ཡིན་འདུག

རྒྱ་ནག་གི་གསར་འགོད་བརྒྱུད་ལམ་གོ་ལ་ཅན་དུ་ཕྱོགས་དགོས་པའི་འཆར་གཞི་འདི་ནི་ ༢༠༠༢ ལོར་ཧུའུ་ཅིན་ཐའོ་སྲིད་འཛིན་ལ་སླེབས་རྗེས་ནས་མགོ་བཙུགས་ཤིང་། དུས་དེ་ནས་བཟུང་གཞུང་གཉེར་བརྒྱུད་ལམ་ཁག་གིས་ཕྱི་རྒྱལ་ཁག་ཏུ་གསར་འགྱུར་དུས་ཐོག་ལ་སྤེལ་རྒྱུའི་ལས་དོན་ཐད་སྔར་ལས་ཚགས་ཚུད་ལ་བཏང་བ་དང་། ཕྱི་རྒྱལ་གྱི་སྐད་ཡིག་ནང་གི་བརྒྱུད་ལམ་ཇེ་མང་ལ་བཏང་སྟེ་རྒྱ་ནག་དབུས་གཞུང་གི་གལ་ཆེའི་རྒྱལ་སྤྱིའི་གསར་འགྱུར་ཁག་དུས་ཐོག་ལ་གཏོང་བར་ཤུགས་སྣོན་བྱས་ཡོད་པ་རེད།

ཡིན་ཡང་ད་ཆར་ལས་གཞི་འདིའི་ཐད་ནས་རྒྱ་ནག་གི་ཕུགས་རྒྱང་རིང་བའི་དམིགས་ཡུལ་ཁག་ལ་དྲི་བ་དང་དོགས་བློང་ཡོང་གི་ཡོད། གནད་དོན་གཅིག་ནི། སྲོལ་རྒྱུན་དུ་ཏང་ཀྲུང་དབྱང་གི་༼མིད་པ་དང་ལྕེ་༽རུ་གྱུར་བའི་དབུས་གཞུང་གི་བརྙན་འཕྲིན་བརྒྱུད་ལམ་ CCTV དེ་ཨ་རིའི་ CNN དང་དབྱིན་ཇིའི་ BBC ལྟ་བུའི་ཁ་གཏད་འགྲན་རྩོད་ཀྱི་ནང་ཞུགས་གི་རེད་དམ། ཡང་མིན་ན། རྒྱ་ནག་གིས་རྒྱལ་སྤྱི་རང་བཞིན་གྱི་ལྟ་མཁན་ལ་རེ་བ་རྒྱག་བཞིན་པ་འདིས་ད་བར་འགོག་སྡོམ་འོག་ཚུད་པའི་གསར་འགོད་ཀྱི་ལས་དོན་དེ་ཇེ་ལྷོད་ལ་འགྲོ་གི་རེད་དམ།

རྒྱ་ནག་གི་དཔལ་འབྱོར་གོང་འཕེལ་དུ་ཕྱིན་པ་དང་མཉམ་དུ་བརྒྱུད་ལམ་ཤུགས་ཆེ་རུ་བཏང་སྟེ་གོ་ལ་རང་བཞིན་གྱི་སྟོབས་ཤུགས་ཀྱང་རྒྱས་དགོས་པའི་མངོན་འདོད་དང་། འཛམ་གླིང་གི་ལས་དོན་གང་ཅིའི་ཐད་ཐེ་བྱུས་ཀྱི་སྐད་ཤུགས་མཐོན་པོ་ཞིག་རྒྱལ་སྤྱིའི་སྟེང་སླེབས་དགོས་པ་ནི་རང་བཞིན་གྱི་གནས་ཚུལ་ཞིག་རེད། རྒྱལ་ཁབ་མང་པོ་ཞིག་གིས་འདི་ལྟར་སྒྲུབ་ཀྱིན་པ་ནི། ཨ་རིའི་རླུང་འཕྲིན་ཁང་དང་འཇར་མན་གྱི་ Deutsche Welle ལྟ་བུ་སྲིད་གཞུང་གིས་སྦྱིན་བདག་བྱེད་ཀྱིན་པའི་བརྒྱུད་ལམ་ཁག་རེད། དེས་ན་རྒྱ་ནག་དང་མི་འདྲ་ས་དེ་གང་རེད།

འདིའི་མི་འདྲ་ས་ལྟེ་བ་ནི་རྒྱ་ནག་གཞུང་དང་གུང་ཁྲན་ཏང་གཉིས་ཀྱིས་གསར་འགྱུར་བརྒྱུད་ལམ་ལ་འགོག་སྡོམ་དམ་དྲག་བྱེད་ཀྱིན་པ་དེར་ཐུག་ཡོད་པ་རེད། དེ་ལྟར་ཡང་། ཉེ་བའི་ལོ་ཤས་ནས་ཀྲུང་དབྱང་བརྙན་འཕྲིན་ཁང་ CCTV དང་མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགྱུར་སྤེལ་སྟངས་ནི་སྔར་དང་བསྡུར་ན་ཅུང་གུ་ཡངས་དང་། དེང་རབས་ཀྱི་རྣམ་པ་ཆེ་བ། ཆབ་སྲིད་ཤུགས་ཆུང་དུ་ཕྱིན་ཡོད་པ་རེད། ཡིན་ནའང་། གཞི་རྩའི་རྩ་དོན་དེ། གཞུང་གིས་གཉེར་བའི་གསར་འགྱུར་བརྒྱུད་ལམ་དག་གིས་སྤེལ་བའི་གསར་འགྱུར་གྱིས་ངེས་པར་དུ་གཞུང་གི་ལྟ་བ་དང་ལངས་ཕྱོགས་གསལ་སྟོན་བྱེད་དགོས་པའི་གཞི་རྩའི་རྩ་དོན་དེར་འགྱུར་བ་ཕྱིན་མེད།

དབྱེ་ཞིབ་ལྟར་ན། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་གྱིས་ཕྱི་ནང་གཉིས་མི་འདྲ་བའི་རྩ་དོན་གཞིར་བཟུང་སྟེ། ཕྱི་བསྒྲགས་ཀྱི་གནས་ཚུལ་དང་། རྒྱལ་ནང་གི་གསར་འགྱུར་གཉིས་ཁ་ཁར་ཕྱེ་ནས་སྤེལ་རྒྱུ་ཡིན་འདུག རྒྱ་ནག་གཞུང་གིས་རྒྱ་སྒོར་ཐེར་འབུམ་ ༤༥ ཡི་མ་དངུལ་བཏང་སྟེ་བརྒྱུད་ལམ་ཇེ་མགྱོགས་དང་ཇེ་མང་དུ་བཏང་ཡང་། ཁོང་ཚོའི་གཞི་རྩའི་དམིགས་ཡུལ་ལ་འགྱུར་བ་མི་ཐེབས་པར་བཤད།

རྒྱ་ནག་གཞུང་གི་བརྒྱུད་ལམ་རྒྱ་སྐྱེད་ཀྱི་ལས་འཆར་ཏེ། ཀྲུང་གོའི་ CNN འདིའི་ནང་དུ། དབྱིན་སྐད་གཅིག་པུ་མིན་པར། ཉེ་བའི་ཆ་ནས་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་ཧྥ་རན་སིའི་སྐད་དང་། སི་པན་ནེ་ཤིའི་སྐད་དུ་བརྙན་འཕྲིན་ཐད་གཏོང་གི་ལས་རིམ་བཅུག་ཡོད་ལ། ལོ་འདིར་ཨ་རབ་ཀྱི་སྐད་དང་ར་ཤི་ཡའི་སྐད་ཀྱི་བརྙན་འཕྲིན་ལེ་ཚན་ཡང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་བརྒྱུད་ལམ་དུ་འཇུག་རྩིས་ཡོད་པ་རེད། ཨ་རིའི་གསར་འགྱུར་སྡེ་ཚན་ཁག་གིས་ཕྱི་རྒྱལ་གྱི་ཡན་ལག་གསར་ཁང་རྣམས་ཕྱིར་བསྡུ་དང་ཚོད་འཛིན་བྱེད་ཀྱིན་པའི་དུས་སྐབས་ཤིག་ལ། རྒྱ་ནག་ཞིན་ཧྭ་གསར་ཁང་གིས་ཁོང་ཚོའི་ཕྱི་རྒྱལ་གྱི་ཡན་ལག་གསར་ཁང་ ༡༠༠ ནས་ ༡༨༦ ལ་རྒྱ་སྐྱེད་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

ཆུ་ཚོད་ ༡༦ སྔོན་ལ།
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤

མཆན། 2

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    གང་ལྟར་རྫུན་གཏམ་བཤད་སའི་སྟེགས་པུ་ཆེན་པོ་དེ་མེ་ཤོར་བ་ནི་དངོས་ནས་སྙིང་རྗེ་བ་ཞིག་རེད། ཁོང་ཚོས་རྫུན་གཏམ་མ་བཤད་པ་ཡིན་ན་ནི། ངེད་ཅག་བོད་པ་ཚང་ལ་ཡང་དཀར་འདོན་བྱེད་ས་མེད་པ་ཆགས་པ་མ་ཡིན་ནམ། དེའི་ཕྱིར་ང་ཚོས་འཐབ་ར་ཞིག་ལ་མེ་ཤོར་བ་དེ་རང་གཞན་གཉིས་ཀྱི་གྱོང་རྒུད་རེད།

    Reply
  2. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    ལྕེ་མང་ན་རྫུན་མང་། །
    རྫུན་མང་ན་རང་ཕམ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese