མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྐུ་ལྕམ་ལགས། རྒྱ་ནག་ལ་གཙོ་བོ་ཐོབ་ཐང་ཤོད།

བོད་ཀྱི་དུས་བབ།
༢༠༠༩/༠༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་རྒྱལ་དོན་དྲུང་ཆེ་ལྕམ་ ཧི་ལི་རེ་ ཁི་ལིན་ཊོན་གྱིས་བདུན་ཕྲག་རྗེས་མའི་ནང་ཁོང་གི་གཞུང་འབྲེལ་གཟིགས་སྐོར་ཐོག་མ་ཤར་ཨེ་ཤ་ཡའི་ནང་དུ་རྡོག་ཐོན་གྲ་སྒྲིག་གནས་སྐབས། རྒྱལ་སྤྱིའི་སྟེང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བདུན་གྱིས་ཁོང་ལ་ཕྱག་འཕྲིན་ཞིག་ཕུལ་ཏེ། ཁོང་གི་ལས་དོན་ལྟེ་བ་ནི་འགྲོ་བ་མིའི་ཐོབ་ཐང་ཡིན་དགོས་པར་བཤད།

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་། རང་དབང་ཚོགས་པ།  འགྲོ་བ་མིའི་ཐོབ་ཐང་དང་པོ། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིན་ཚོགས་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། རྒྱལ་མཚམས་མེད་པའི་གསར་འགོད་པ་བཅས་ཚོགས་པ་བདུན་གྱིས་ལྕམ་ཁི་ལིན་ཊོན་མཆོག་ལ་ཁོང་གིས་བོད་ནང་དང་ཞིན་ཅང་ནང་གི་ཉེན་རྟོག་པའི་འདྲི་བརྩད་སྐབས་ཀྱི་མནར་གཅོད་དང་། རྒྱལ་ནང་གི་གསར་འགོད་འགོག་སྡོམ། ཚད་ལས་བརྒལ་བའི་དུས་བཀག འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་ལ་སྡུག་སྦྱོང་གཏོང་བཞིན་པའི་སྐོར་ཡོངས་ཁྱབ་ཀྱིས་གླེང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

འཕྲིན་ཡིག་དེའི་ནང་བཀོད་དོན། ཨ་རིའི་རྒྱ་ནག་གི་ལས་དོན་ནི་རྒྱ་ཆེན་པོ་རེད། ཡིན་ཡང་ངེད་ཅག་གི་ཡིད་ཆེས་ནི་དཔལ་འབྱོར་དང་བདེ་སྲུང་། རྒྱལ་འབྲེལ་བཅས་ཀྱི་ཡར་རྒྱས་ནི་འགྲོ་བ་མིའི་ཐོབ་ཐང་ལ་ཡོངས་ཁྱབ་རང་བཞིན་དང་སྟོབས་ཤུགས་ཡོངས་སུ་བཀོལ་ཏེ་སྲུང་སྐྱོབ་བྱེད་པ་བརྒྱུད་སྐུལ་འདེད་བྱེད་ཐུབ་པར་འདོད་ཅེས་དང་། ཡི་གེ་དེའི་ནང་དུ་སྔོན་ཆད་ལྕམ་ཁི་ལིན་ཊོན་ཁོང་གིས་འགྲོ་བ་མིའི་ཐོབ་ཐང་ཐད་བཤད་པའི་བསམ་ཚུལ་རིགས་ཀྱང་གསལ་འདེབས་ཀྱི་ཚུལ་དུ་བཀོད་ཡོད་ལ། ལྕམ་ཁི་ལིན་ཊོན་གྱིས་འགྲོ་བ་མིའི་ཐོབ་ཐང་ཐད་ནན་བཤད་གནང་དོན། མི་སེར་རྣམས་རང་རང་གི་སྙིང་ཉེ་བ་དག་གི་འཁྲིས་ནས་ཁྲིད་ཕྱིན་དེ་བཙོན་དུ་འཇུག་པ་དང་མནར་གཅོད་མ་གཏོང་རོགས། ཁོང་ཚོས་ཞི་བའི་སྒོ་ནས་རང་རང་གི་བློ་དང་བསམ་ཚུལ་བཏོན་པར་རྐྱེན་བྱས་ཏེ་ཁོང་ཚོའི་ཆེ་མཐོང་དང་སྨྲ་བརྗོད་རང་དབང་མ་འཕྲོག་རོགས་ཞེས་བཤད་ཡོད་པ་རེད།

༼ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་ཨ་རིའི་གཞུང་གིས་ཅི་ཡང་མ་བཤད་པར་བསྡད་པ་ལྟར། ད་རེབ་ལྕམ་ཁི་ལིན་ཊོན་ཡང་གོང་གསལ་གནད་དོན་དག་གི་ཐད་ཁུ་སིམ་མེར་བཞུགས་ཚེ་རྒྱ་ནག་གཞུང་ལ་བརྡ་ལོག་ཅིག་སྤྲད་པ་རེད།༽ ཅེས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤ་ཡའི་འགན་འཛིན་སོ་ཧྥེ་ རི་ཆར་ཌི་སོན་གྱིས་བཤད་པ་དང་། ༼ང་ཚོས་རྒྱལ་དོན་དྲུང་ཆེ་མཆོག་ལ་འགྲོ་བ་མིའི་ཐོབ་ཐང་དང་། ཁྲིམས་ཀྱི་དབང་བསྒྱུར། མི་སེར་གྱི་སྤྱི་ཚོགས་སྲུང་སྐྱོབ་བཅས་ནི་ཨ་རིའི་སྲིད་བྱུས་ཀྱི་ནང་སྙིང་ཡིན་དགོས་པར་ནན་ཞུ་བྱས་པ་ཡིན་༽ ཅེས་བཤད་ཡོད་པ་རེད།

མཆན། 3

  1. ནམ་མཁའ་བསྟན་འཛིན། says:
    ལོ་ 14 སྔོན།

    དཀྱིལ་ཤར་ཨེ་ཤ་ཡའི་ནང་གི་དམག་འཁྲུག་འདི་མཇུག་ཡོངས་སུ་མ་སྒྲིལ་བར་དུ་ཨ་རི་མ་ཟད་ནཱ་ཏོ་སྒྲིག་འཛུགས་ཁུང་གི་རྒྱལ་ཁབ་སུས་ཀྱང་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་གི་ཕྱོགས་ནས་རྣོ་ངར་ལྡན་པའི་ཚ་འདྲི་ཞིག་བྱེད་མི་ཐུབ་ལ། འདི་ནི་ཕར་ལ་རྐུན་མ་མ་བཟོས་གོང་ཚུར་ཇག་པ་ཟེར་བར་ཐེ་ཚོམ་མི་དགོས་ཞིང་། རྒྱ་ནག་གིས་མི་གསོད་བཞིན་གསོད་བཞིན་སྦེད་ཀྱི་ཡོད་ལ། ཨ་རིས་ཕྱི་གསལ་ནང་གསལ་ཡིན་ཅེས་མི་གསོད་བཞིན་ངོམ་གྱི་ཡོད་པས་ང་ཚོའི་བོད་པར་གྱོང་འདི་ན་རེགས་ཀྱི་འདུག ན་ནིང་གི་ཞི་རྒོལ་ཆེན་མོའི་ཕམ་རྐྱེན་ཡང་འདི་ལས་མ་འདས། སྤྱིར་ཨ་རིའི་སྲིད་འཛིན་སྔོན་མ་དག་གི་ནང་ནས་སྐུ་ཞབས་བྷི་ཤུས་ནི་བོད་དོན་གྱི་སྟེང་ནས་རྒྱུགས་ཅེས་ན་གཤེན་རྗེ་འཕྲང་དང་རྒྱོབས་ཅེས་ན་ཨ་བའི་མགོ་ཡིན་པ་འབྲེལ་ཡོད་ཀྱི་མི་ཚང་མ་ཁ་གཅིག་གྲགས་ཡིན་མོད། ན་ནིང་པེ་ཅིན་ལ་འགྲོ་དུས་ཁ་དམ་སོང་བ་མ་ཡིན་ནམ།

    Reply
  2. ས་མཐའི་མགྲོན་པོ says:
    ལོ་ 14 སྔོན།

    རེད་ཡ་ དོན་དངོས་མ་དེ་འདྲ་ཡིན་ན་དངའ་བ་ལ

    Reply
  3. མྱི་སྨྱོན། says:
    ལོ་ 14 སྔོན།

    དངོས་གནས་དགའ་དགོས་པ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist