མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན།

བོད་ཀྱི་དུས་བབ།
༢༠༠༩/༠༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

ང་རང་ཚོ་གནས་ཚུལ་ཐབས་སྐྱོ་པོ་ཞེ་དྲག་ཆགས་པའི་རྒྱུ་རྐྱེན་གཅིག་ནི་དེང་དུས་ཤེས་ཡོན་གྱིས་ཕོངས་པ་རེད། དེ་བས་ང་ཚོ་བཙན་བྱོལ་ལ་སླེབས་སྐབས་དེར་དགོན་པ་དང་ལྷ་ཁང་བཞེངས་རྒྱུ་གལ་ཆེན་མ་བརྩིས་པར། སློབ་གྲྭ་འཛུགས་རྒྱུ་དེ་གལ་ཆེ་ཤོས་སུ་བརྩིས་ཏེ་བཙུགས་པ་ཡིན།  ཡིན་ན་ཡང་གཞི་རྩ་ཚུགས་པ་དེར་ཡར་རྒྱས་འགྲོ་བར་ང་ཚོས་ཏན་ཏན་ཕྱི་བཤོལ་དང་ལེ་ལོའི་ངང་ནས་འཐུས་ཤོར་མི་ཉུང་བ་ཕྱིན་པ་མཐོང་གིན་འདུག་ཅེས་༧གོང་ས་མཆོག་གིས་བོད་རིགས་མཐོ་རིམ་སློབ་མ་རྣམས་ལ་གསུང་འཕྲིན་བསྩལ་ཡོད་འདུག

ཟླ་འདིའི་ཚེས་ ༡༣ ནས་ ༡༦ བར་གྱི་ཉིན་གསུམ་རིང་ལ་རྒྱ་གར་རྒྱལ་ཡོངས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་གསུམ་པ་དེ་ཝ་རཱ་ཎཱ་སི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གོ་སྒྲིག་འོག་འཚོགས་ཡོད་པ་དང༌། ཚོགས་ཞུགས་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང༌། ཚོགས་འདུའི་ཁྲི་པ་གཙུག་ལག་སློབ་གཉེར་ཁང་དེའི་དགེ་བཤེས་ངག་དབང་བསམ་གཏན་མཆོག་དབུ་བཞུགས་ཐོག གཙུག་ལག་ཁང་གི་དགེ་ལས་སེར་སྐྱ་སློབ་མ་ཡོངས་དང༌། ཕྱོགས་མཐའ་ཁག་ནས་ཕེབས་པའི་ཚོགས་བཅར་བ་མཐོ་སློབ་ཁག་ ༢༣ ནས་སློབ་མ་གྲངས་ ༨༠ བཅས་ཝ་ཎཱ་གཙུག་ལག་སློབ་གྲྭའི་དཔལ་ཨ་ཏི་ཤ་ཚོགས་ཁང་དུ་འཚོགས་ཡོད་འདུག སྐབས་དེར་༧གོང་ས་མཆོག་གིས་སྐབས་གསུམ་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ལ་ཆེད་དུ་བསྩལ་བའི་བཀའ་སློབ་ཀྱི་འཁོར་ཐག་གཟུགས་མཐོང་བརྙན་འཕྲིན་ཐོག་གཟིགས་འབུལ་ཞུས་ཡོད་པ་དང༌། ༧གོང་ས་མཆོག་གིས་རང་དབང་ལུང་བར་ཡོད་པའི་བོད་མི་ཚོར་འགན་ཅི་ཡོད་ཀྱི་ཐད་ནས་གསུངས་དོན། བོད་རྒྱ་ཆེའི་མི་མང་ས་ཡ་དྲུག་ཙམ་གྱི་རེ་འདོད་དེ་ང་ཚོའི་སེམས་ནང་ཁུར་ནས་ཁོང་ཚོར་ཕྱོགས་གང་ས་ནས་ཞབས་འདེགས་སྒྲུབ་ཨེ་ཐུབ་བལྟ་རྒྱུ་དེ་ང་ཚོའི་ལས་འགན་རེད་ལ་ང་ཚོའི་རེ་བའང་དེ་རེད། ལོ་རྒྱུས་ལྡན་པའི་མི་རིགས་ཤིག་གི་འཆི་གསོན་གྱི་འཐབ་རྩོད་བྱེད་པའི་ཁ་ཐུག་དེར་ང་ཚོས་མཐའ་གཅིག་ཏུ་འཚེ་བ་མེད་པའི་ལམ་ལ་བརྟེན་དགོས་པའི་གཞི་རྩ་གཙོ་བོ་དེ་ནི་ང་ཚོར་བདེན་པ་ཡོད། ཁྱིམ་ཚང་གཅིག་གི་རྩོད་པ་ཞིག་ཡིན་ནའང་བདེན་པ་ཡོད་ན་སྐད་ཆ་བཤད་ནས་རྩོད་པ་བརྒྱབ་ཐུབ་པ་དང་བདེན་པ་མེད་ཚེ་ལག་པ་བརྐྱངས་ནས་འཁྲུག་པ་བརྒྱབ་རྒྱུ་ལས་བྱེད་ཐབས་མེད། བྱས་ཙང་ང་ཚོའི་བོད་ཀྱི་གནས་ཚུལ་དེ་འདྲ་རང་ཆགས་ཡོད། ང་ཚོ་བོད་པར་བདེན་པ་ཡོད་ཙང༌། འཛམ་བུ་གླིང་ཀུན་གྱིས་གཞི་ནས་དོ་སྣང་གསར་པ་ཞིག་དང༌། རྒྱ་མི་རིགས་ནང་ནས་ཀྱང་དོ་སྣང་སླེབས་ཀྱི་ཡོད། ཅེས་གསུང་འཕྲིན་གྱི་ནང་དུ་བཀའ་སློབ་གནང་ཡོད་ལ།  ཡང་༧གོང་ས་མཆོག་གིས་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་འཐབ་རྩོད་བྱེད་སྐབས་ཤེས་བྱ་ཡོན་ཏན་དགོས་པ་མ་གཏོགས། ལྷག་བསམ་དང་སེམས་ཤུགས་ཡོད་པ་གཅིག་པུས་བདེན་པའི་འཐབ་རྩོད་བྱེད་དཀའ་བས་ཤེས་བྱ་ཡོན་ཏན་ནི་ཧ་ཅང་གལ་ཆེན་པོ་ཡིན། ང་རང་ཚོ་གནས་ཚུལ་ཐབས་སྐྱོ་པོ་ཞེ་དྲག་ཆགས་པའི་རྒྱུ་རྐྱེན་གཅིག་ནི་དེང་དུས་ཤེས་ཡོན་གྱིས་ཕོངས་པ་རེད། དེ་བས་ང་ཚོ་བཙན་བྱོལ་ལ་སླེབས་སྐབས་དེར་དགོན་པ་དང་ལྷ་ཁང་བཞེངས་རྒྱུ་གལ་ཆེར་མ་བརྩིས་པར། སློབ་གྲྭ་འཛུགས་རྒྱུ་དེ་གལ་ཆེ་ཤོས་སུ་བརྩིས་ཏེ་བཙུགས་པ་ཡིན། ཡིན་ན་ཡང་གཞི་རྩ་ཚུགས་པ་དེར་ཡར་རྒྱས་འགྲོ་བར་ང་ཚོས་ཏན་ཏན་ཕྱི་བཤོལ་དང་ལེ་ལོའི་ངང་ནས་འཐུས་ཤོར་མི་ཉུང་བ་ཕྱིན་པ་མཐོང་གིན་འདུག་པའི་བཀའ་ཡང་་བསྩལ་ཡོད་འདུག  

སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཀྱིས་གསུངས་དོན། གོང་དུ་ཚོགས་ཞུགས་ལྷན་རྒྱས་ནས་༧གོང་ས་མཆོག་གི་བཀའ་སློབ་བརྙན་ཕབ་འཁོར་ཐག་ལ་དོ་སྣང་ཆེན་པོའི་ངང་ནས་གསན་གནང་མཛད་སོང༌། ངས་ཆེད་དུ་ཞུ་རྒྱུར་བཀའ་སློབ་གསན་པ་ཙམ་མིན་པར་ལག་བསྟར་དང་ཉམས་ལེན་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་དང༌། ཡང་༧གོང་ས་མཆོག་གིས་ཟམ་གདོང་རིན་པོ་ཆེ་ལ་ཁྱོད་རང་ཚོར་དཀའ་ངལ་ཕྲན་ཙམ་ཞིག་འཕྲད་ནས་དགོངས་པ་ཞུས་ན་ངེད་ཀྱིས་སུ་ལ་དགོངས་པ་ཞུ་དགོས་སམ་ཞེས་བཀའ་སློབ་གནང་བ་བཞིན། ང་ཚོས་དཀའ་ངལ་ལ་གདོང་ལེན་བྱེད་དགོས་པ་ལས་ལས་འགན་ལ་གཡོལ་མི་རུང༌། ང་ཚོས་རང་ཡུལ་ཤོར་བ་ཡང་ཁེར་རྐྱང་ལ་དགའ་བའི་འདུ་ཤེས་ཀྱིས་ལན་པས་སློབ་ཕྲུག་ཚོས་མཐོ་སློབ་ཁག་ཏུ་རྒྱལ་ཁབ་དང་མི་རིགས་གཞན་ལ་འབྲེལ་ལམ་བྱ་དགོས་རྒྱུ་ཧ་ཅང་གལ་ཆེན་རེད་ཅེས་ཀྱང་གསུངས་ཡོད་འདུག ཚོགས་འདུའི་ཁྲི་པ་གཙུག་ལག་སློབ་གཉེར་ཁང་འདིའི་དགེ་བཤེས་ངག་དབང་བསམ་གཏན་མཆོག་གིས། ཚོགས་ཆེན་འདི་བརྒྱུད་ནས་སློབ་མ་རང་རང་གི་བརྒྱུད་ལ་སེམས་ཚོར་གསར་པ་ཞིག་སྐྱེ་དགོས་པ་དང༌། ད་ལྟའི་བོད་ཀྱི་གནས་སྟངས་ཚོར་བའི་ཐོག་འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཏེ་འབྱུང་འགྱུར་གྱི་གནས་བབ་ལ་འཆར་གཞི་བཟོ་དགོས། ལྷག་པར་དུ་སློབ་མའི་གནས་སྐབས་སུ་མི་རིགས་གཞན་ལས་ལྡབ་གསུམ་གྱིས་སློབ་སྦྱོང་ལ་འབད་བརྩོན་བྱ་དགོས་ལ་རྒྱ་ནག་མི་མང་གི་མདུན་དུ་བོད་ཀྱི་གནད་དོན་འདི་མི་སྒེར་གཅིག་ལ་ཐུག་མེད་པར་བོད་མི་སྤྱི་ཡོངས་ལ་ཐུག་ཡོད་པའི་སྣང་བརྙན་གསོན་པོ་ཞིག་བསྐྲུན་ཐུབ་པ་བཟོ་དགོས་ཞེས་གསུངས་ཡོད་འདུག

དེ་བཞིན་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་ཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་དང་སོ་སོའི་འོས་འགན་གང་ཡིན་མིན་གྱི་སྐོར་ལ། སྤྱི་ཁྱབ་འབྲེལ་མཐུད་པ་བསྟན་འཛིན་ཕུན་ཚོགས་ཀྱིས་འགྲེལ་བརྗོད་བྱས་དོན། ཚོགས་ཆེན་འདི་བཞིན་ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་མཐོ་རིམ་སློབ་མའི་ཟབ་སྦྱོང་སྐབས་ནས་གླེང་སློང་དང༌། དེ་ནས་རིམ་བཞིན་ཚོགས་ཆེན་དང་པོ་བྷེང་ལོར་དང་གཉིས་པ་བཞུགས་སྒར་ཉེ་འཁྲིས་ཀྱི་སཱ་ར་མཐོ་སློབ་དུ་ཚོགས་ཐུབ་པ་བྱུང༌། སྐབས་བབ་ཚོགས་ཆེན་འདི་ཝ་ཎཱ་གཙུག་ལག་སློབ་གཉེར་ཁང་དུ་ཚོགས་བཞིན་པ་འདི་རེད། འདིའི་དགོས་པ་ནི་ང་ཚོ་ནམ་རྒྱུན་ཁ་འཐོར་དུ་གནས་པའི་མཐོ་རིམ་སློབ་མ་ཀུན་ལྷན་དུ་འཛོམས་ནས་ངོ་སྤྲོད་ཀྱི་གླེང་སྟེགས་དང་བོད་ཆས་གྱོན་པ་ཙམ་མ་ཡིན་པར། མ་ཤི་བར་བོད་པའི་འདུ་ཤེས་དང་བསམ་བློའི་འཁྱེར་ཕྱོགས་སོགས་བོད་པ་གཙང་མ་ཞིག་བསྐྲུན་ཐུབ་པ་བྱ་རྒྱུ་དེ་རེད། ང་ཚོ་ཚང་མ་རང་ཡུལ་ལ་ལོག་འདོད་པ་ལས། མི་ཡུལ་དུ་འཚོ་འདོད་མེད་པས་རང་ཡུལ་ལ་ལོག་ཐབས་བྱ་རྒྱུའི་འཐབ་རྩོད་༧གོང་ས་མཆོག་གཅིག་པུ་མ་ཡིན་པར། ང་ཚོ་ཡོད་ཚད་ཀྱིས་ཕྲག་སྟེང་དུ་བླངས་ནས་རང་ངོ་རང་ཤེས་དང་རང་འགན་རང་འཁུར་བྱ་རྒྱུ་དགོས་གལ་ཧ་ཅང་ཆེ་བར་བརྟེན་ད་རེབ་ཚོགས་ཆེན་འདི་ཚོགས་པ་ཡིན་པར་བརྗོད་ཡོད་འདུག
 
ཚོགས་ཆེན་གྱི་གསར་འགོད་འབྲེལ་མཐུད་པ་བཅོ་ལྔ་ཚེ་རིང་གིས་གནས་ཚུལ་སྤྲད་པ་ལྟར་ན། ད་རེབ་ཚོགས་ཆེན་འདིའི་ཐོག་ཏུ་མཁས་དབང་དང་སློབ་དཔོན་རྣམ་པ་ ༡༥ ལྷག་ཙམ་ཞིག་གིས་སོ་སོའི་བརྗོད་གཞི་ཐོག་ཕན་ཚུན་བགྲོ་གླེང་ལྷུག་པོ་གནང་ཡོད་པ་དང༌། ཐོག་མར་ཚོགས་ཆེན་འདིའི་ཐོག་༧རྒྱལ་བ་ཀརྨ་པ་མཆོག་དང་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་གདན་འདྲེན་ཞུས་ཡོད་འདུག་ཀྱང༌། ཚོགས་ཐོག་ཏུ་ཕེབས་ཐུབ་ཡོད་མི་འདུག དེ་བཞིན་སློབ་ཕྲུག་བདེ་དོན་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པ་བཞིན་བོད་པའི་བུད་མེད་ཀྱི་ལས་འགན་སྐོར་ལ་བཀའ་སློབ་དང་ཕན་ཚུན་དྲི་བ་དྲི་ལན་ཟབ་རྒྱས་ཤིག་གནང་བ་དང༌། སྔོན་དང་མི་འདྲ་བར་མཐོ་སློབ་ཀྱི་བུ་མོ་རྣམས་སེམས་ཤུགས་འཕེལ་ནས་འཛེམས་ཟོན་མེད་པར་བུད་མེད་ཀྱི་གནས་བབ་སྐོར་ལ་དོགས་གཅོད་ཚོར་བ་རྣོ་པོའི་ངང་ནས་བྱས་ཤིང་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༡༢ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡༤ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 7

  1. ལྷོ་མཐའི་ཕུག་རོན། says:
    ལོ་ 17 སྔོན།

    ཨོ་ད་ཐེངས་ཀྱི་བོད་རིགས་མཐོ་སློབ་ཀྱི་སློབ་མའི་ཚོགས་འདུ་འཚོགས་དགོས་པའི་རྒྱུ་རྐྱེན་ཅི་ཞིག་རེད་།་་་ཕའ་ཆེལ་བོད་དོན་ཆེད་ཡིན་རྒྱུ་རེད།་་་སོན་རྩ་ཡ་སོན་རྩ་ཚོ་ལོངས་ཤོག་་་་་མི་ལོ་ང་བཅུ་གཉིད་ལ་ཡོལ་སོང་

    Reply
  2. Tenpa Nyima says:
    ལོ་ 17 སྔོན།

    དཀར་མཛེས་ཨ་ཡིག་ལས་འཁྲུངས་ཡེ་ཤེས་གཏེར༌། ཕས་རྒོལ་ཝ་སྐྱེས་ཟིལ་གནོན་གདོང་ལྔ་བཞིན། ཆགས་ཐོགས་ཀུན་བྲལ་མཚུངས་མེད་འཇམ་དབྱངས་མཐུས། མ་ཧཱ་་མཁས་པའི་གཙོ་བོ་ཉིད་གྱུར་ཅིག།

    Reply
  3. སྤོབས་པ་མཐའ་ཡས། says:
    ལོ་ 18 སྔོན།

    མི་ཆེན་བླ་ཆེན་དེ་ཚོ་གདན་འདྲེན་བྱས་མ་བྱས་གང་ཡང་མེད་པ་རེད། མི་ཆེན་བླ་ཆེན་དེ་ཚོ་ལ་བཞུགས་གདན་མཐོན་པོ་དང་བཞེས་སྤྲོ་མཉེས་པོ་བྱུང་ན་གཏམ་བཤད་རིང་པོ་སྤེལ་རྒྱུ་ལ་གོམས་བསྡད་ཡོད་པ་རེད། གོང་དུ་སྐལ་བཟང་ཟེར་བ་ཞིག་གིས་དམིགས་བསལ་གྱིས་རྡུལ་ཕྲན་ཡིན་ནམ་ཅིག་ལ་ཞིབ་འཇུག་བྱེ་དགོས་གསུངས་དོན་ག་རེ་ཡིན་གོ་མ་བྱུང་།

    Reply
  4. བསེ་རུ། says:
    ལོ་ 18 སྔོན།

    འཆར་ཅན་ཙམ་མ་ཡིན་པར་དོན་དམ་པར་མཐོ་སློབ་ཀྱི་སློབ་མ་རྣམས་ཀྱིས་སེམས་ཤུགས་དང་ལྷག་བསམ་མ་ཉམས་པར་མི་རིགས་ཀྱི་འདུ་ཤེས་ལྷད་མེད་མེད་པ་ཞིག་ཡོད་པའི་ཐོག་སྣ་ཚོགས་པའི་ཤེས་ཡོན་ལ་ལྷག་པར་འབད་གལ་ཆེ།

    Reply
  5. བསེ་རུ། says:
    ལོ་ 18 སྔོན།

    འཆར་ཅན་ཙམ་མ་ཡིན་པར་དོན་དམ་པར་མཐོ་སློབ་ཀྱི་སློབ་མ་རྣམས་ཀྱིས་སེམས་ཤུགས་དང་ལྷག་བསམ་མ་ཉམས་པར་མི་རིགས་ཀྱི་འདུ་ཤེས་ལྷད་མེད་མེད་པ་ཞིག་ཡོད་པའི་ཐོག་སྣ་ཚོགས་པའི་ཤེས་ཡོན་ལ་ལྷག་པར་འབད་གལ་ཆེ།

    Reply
  6. kalsang says:
    ལོ་ 18 སྔོན།

    དེང་རབས་ཀྱི་ཚན་རིག་དང་ལྷག་པར་རྡུལ་ཕྲན་གྱི་ཉམས་ཞིབ་ཕྱོགས་ལ་ཤུགས་སྣོན་རྒྱག་དགོས།

    Reply
  7. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 18 སྔོན།

    གོ་སྒྲིག་བྱེད་མཁན་དང་ཚོགས་ཞུགས་བྱེད་མཁན་ཚང་མར་རྗེས་སུ་ཡི་རངས་ཡོད།
    ལྷག་པར་དུ། བཙན་བྱོལ་གྱི་ན་གཞོན་ཚོའི་དཔུང་སྟོབས་གོང་ནས་གོང་དུ་འཕེལ་བར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese