མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ།

བོད་ཀྱི་དུས་བབ།
༢༠༠༩/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་བསམ་བློ་གསར་བ་བཏང་སྟེ། ང་ཚོའི་བསམ་འཆར་དེ་ཁ་བྲལ་དང་རང་བཙན་མིན་པར། བོད་མི་རིགས་ཀྱི་ཆོས་རིག་སྐད་ཡིག་སྲུང་སྐྱོབ་ཀྱི་དོན་དག་ཡིན་པ་དང་ལེན་བྱས་པ་ཡིན་ན། བོད་གཞུང་གི་ལངས་ཕྱོགས་སྔ་ཕྱི་འགྱུར་བ་མེད་པར་འཚེ་མེད་ཞི་བའི་ལམ་གཞིར་བཞག་ཐོག ཞི་མོལ་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་འབད་བརྩོན་གནང་གིན་ཡོད་སྟབས། བཀའ་མོལ་གནང་རྒྱུར་འདོད་པ་ཡོད་ཡོད་པ་རེད་ཟེར།

 

 

ཕྱི་ཚེས་ ༡༦ ཉིན་འདི་གའི་གསར་འགོད་པ་བོད་གཞུང་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱི་གམ་དུ་བཅར་ཏེ། ཉེ་ཆར་ཕྱི་ཚེས་ ༡༢ ནས་ ༡༤ བར་རྒྱ་གར་རྒྱལ་ས་ལྡི་ལིར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ཐེངས་ ༡༨ པ་དེ་སྐོང་ཚོགས་གནང་ཡོད་པའི་ཐད་བཀའ་འདྲི་ཞུས་པར་ཁོང་གིས། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༡༨ པ་དེ་ལྡི་ལི་བོད་ཁྱིམ་སློབ་ཕྲུག་སྡོད་ཁང་ནང༌། ཚེས་ ༡༢ ནས་ ༡༤ བར་འཚོགས་པ་རེད། ཐེངས་འདིར་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལགས་དང༌། ལྡི་ལི་དོན་གཅོད་བཀའ་བློན་བསྟན་པ་ཚེ་རིང་ལགས་གཉིས་༧གོང་ས་མཆོག་གི་ཆིབས་སྒྱུར་གྱི་རྐྱེན་གྱིས་ཚོགས་ཞུགས་གནང་ཐུབ་ཡོད་པ་མ་རེད། དེ་མིན་སྔར་གྱི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ཚང་མ་ཕེབས་འདུག ལྷག་པར་དུ་ཐེངས་འདིར་བཀའ་བློན་ཁྲི་པ་མཆོག་གིས་ཨ་ལགས་ཨ་ཀྱཱ་རིན་པོ་ཆེ་མཆོག་གདན་ཞུ་གནང་བ་ལྟར་ཚོགས་ཞུགས་གནང་ཡོད་པ་རེད། ཚོགས་འདུའི་དམིགས་ཡུལ་ནི་ནམ་རྒྱུན་འཚོགས་ཀྱིན་ཡོད་པ་ལྟར། སྐུ་ཚབ་རྒྱ་ནག་ལ་མ་ཕེབས་གོང་དང་སྐུ་ཚབ་རྒྱ་ནག་ནས་ཕྱིར་འཁོར་མཚམས་བཅས་ལ་འཚོགས་ཀྱིན་ཡོད། བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པ་སྔར་ལོ་སྤྱི་ཟླ་བཅུ་བའི་ཟླ་མཇུག་ལ་བྱུང་བ་རེད། རྒྱ་ནག་གི་མགོ་ཁྲིད་ཚོས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་བསམ་འཆར་འཁྱེར་ཤོག་ཟེར་བ་བཞིན། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་བསམ་འཆར་ཅིག་རྒྱ་ནག་གི་མགོ་ཁྲིད་ཚོར་སྤྲད་པ་རེད། ཡིག་ཆ་དེའི་ཐོག་ལ་རྒྱ་གཞུང་གིས་སྐུ་ཚབ་ཚོར་འགྲེལ་བཤད་མ་འདྲ་བ་ཞིག་བརྒྱབས་ཡོད། ལྷག་པར་དུ་ཟླ་ ༡༡ པའི་ཚེས་ ༡༠ ཉིན་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་གསར་འགོད་ལྷན་ཚོགས་བསྐངས་ཏེ། ང་ཚོའི་བསམ་འཆར་ལ་དགག་ལན་དང་བཅས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་ཡོད།

 

ང་ཚོའི་བསམ་འཆར་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང༌། ས་གནས་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་གཞིར་བཟུང་ཐོག་ཕུལ་བ་ཞིག་ལ་ང་ཚོས་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང༌། རྒྱ་ནག་གཞུང་ཕྱོགས་ནས་ང་ཚོའི་བསམ་འཆར་དེ་རྩ་ཁྲིམས་དང་བཅའ་ཁྲིམས་གང་ལའང་མི་མཐུན་པའི་འགྲེལ་བཤད་བརྒྱབས་ཡོད། ཐེངས་འདིར་ཞི་མོལ་ལས་དོན་ཚོགས་ཆུང་གིས་གནད་དོན་དེའི་ཐོག་ལ་གོ་བསྡུར་དང༌། མ་འོངས་པར་ལས་དོན་བྱེད་ཕྱོགས། རྒྱལ་སྤྱིའི་གནས་བབ་ལ་གཞིགས་ཏེ་ལས་དོན་བྱེད་ཕྱོགས་བཅས་ལ་གོ་བསྡུར། དེ་བཞིན། ང་ཚོའི་ངོས་ནས་བསམ་ཞིབ་དང་ལས་དོན་བྱ་དགོས་པ་གང་དག་ཡོད་པ་སོགས་ལ་བགྲོ་གླེང་གོ་བསྡུར་བྱས་ཡོད་པ་རེད།

ཅེས་གསུངས་བྱུང༌།

 

ཡང་ཁོང་ལ་བོད་པའི་སྐུ་ཚབ་ཐེངས་དགུ་བ་རྒྱ་ནག་ལ་ཕེབས་རྒྱུར་གྲ་སྒྲིག་འདྲ་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། རྒྱ་ནག་གི་ངོས་ནས་ག་རེ་བཤད་ཀྱིན་འདུག་ཟེར་ན། ང་ཚོས་སྤྲད་པའི་ཡིག་ཆ་དེ་ཁྲིམས་འགལ་རེད། ཕྱེད་རང་བཙན། རྣམ་པ་སྒྱུར་བའི་རང་བཙན། མངོན་པར་མི་གསལ་བའི་རང་བཙན། ཞེས་སྐྱོན་བརྗོད་བྱེད་ཀྱིན་འདུག ལྷག་པར་དུ་བོད་ཀྱི་གནད་དོན་ཡོད་པ་མ་རེད། སྐུ་ཚབ་ཚོ་༧ཏཱ་ལའི་བླ་མ་སྐུ་སྒེར་གྱི་སྐུ་ཚབ་རེད། བཀའ་མོལ་གནང་བ་༧གོང་ས་མཆོག་སྐུ་སྒེར་དང་ཁོང་གི་ཉེ་འཁོར་གྱི་མི་རེ་ཟུང་གི་གནས་ཚུལ་རེད།  ༧གོང་ས་མཆོག་གིས་རང་བཙན་གྱི་ལྟ་བ་དོར་རྒྱུ་དང༌། ཁ་བྲལ་གྱི་བྱ་བ་མཚམས་འཇོག་རྒྱུ། ཐའེ་ཝན་རྒྱ་ནག་གི་ཆ་ཤས་སུ་ཁས་ལེན་བྱ་རྒྱུ། ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་དེ། རྒྱ་ནག་མི་དམངས་ཡོངས་ཀྱི་ཁྲིམས་མཐུན་གྱི་གཞུང་ཡིན་པ་སོགས་ངོས་ལེན་གྱིས་༧རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་གནད་དོན་ཐོག་བཀའ་མོལ་གནང་བ་ཡིན་ན་སྒོ་ཕྱེ་བཞག་ཡོད་ཟེར་གྱིན་པ་རེད།

 

༧རྒྱལ་བ་རིན་པོ་ཆེ་ཡིས་བཀའ་གསལ་བོར་གནང་ཡོད། ང་རང་བོད་མི་ས་ཡ་དྲུག་གི་བདེ་སྡུག་ཆེད། ཕྱི་རྒྱལ་རང་དབང་ལུང་པར་ཡོད་པ་ཚོའི་མགྲིན་ཚབ་པ་ཡིན། ཞེས་བཀའ་གནང་གིན་ཡོད། ༧གོང་ས་མཆོག་གིས་ད་བར་བོད་མི་ས་ཡ་དྲུག་གི་བདེ་སྡུག་ཆེད་བཀའ་མོལ་གནང་བ་ལས། སྐུ་སྒེར་གྱི་གནད་དོན་ཞིག་ལ་བཀའ་མོལ་གནང་མྱོང་ཡོད་པ་མ་རེད་ལ། གནང་དགོས་དོན་ཡང་ཡོད་པ་མ་རེད། བོད་གཞུང་གི་ལངས་ཕྱོགས་གང་ཡིན་ཟེར་ན། རྒྱ་ནག་གཞུང་གིས་བོད་པའི་དཀའ་ངལ་ངོས་ལེན་དང་ང་ཚོས་སྤྲད་པའི་རང་སྐྱོང་གི་བསམ་འཆར་དང་ལེན་ཐོག ལྷག་བསམ་རྣམ་དག་གིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐད། བཀའ་མོལ་གནང་བ་ཡིན་ན་བཀའ་མོལ་གནང་ཆོག་གི་རེད། ལྷག་བསམ་དང་འདུན་པ་མེད་པར་ཕྱོགས་གཅིག་ནས་སྒོ་ཕྱེ་ཡོད་ཟེར་བ་དང༌། ཕྱོགས་གཞན་ཞིག་ནས་བོད་ཀྱི་གནད་དོན་ཚང་མར་འཁྱོག་བཤད་བྱས་ཏེ་སྒོ་ཚང་མ་བརྒྱབས་བཞག་པ་ཡིན་ན། བཀའ་མོལ་གནང་ཐབས་མེད་པའི་གནས་ཚུལ་ཆགས་ཡོད། རྒྱ་གཞུང་གིས་བསམ་བློ་གསར་བ་བཏང་སྟེ། ང་ཚོའི་བསམ་འཆར་དེ་ཁ་བྲལ་དང་རང་བཙན་མིན་པར། བོད་མི་རིགས་ཀྱི་ཆོས་རིག་སྐད་ཡིག་སྲུང་སྐྱོབ་ཀྱི་དོན་དག་ཡིན་པ་དང་ལེན་བྱས་པ་ཡིན་ན། བོད་གཞུང་གི་ལངས་ཕྱོགས་སྔ་ཕྱི་འགྱུར་བ་མེད་པར་འཚེ་མེད་ཞི་བའི་ལམ་གཞིར་བཞག་ཐོག ཞི་མོལ་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་འབད་བརྩོན་གནང་གིན་ཡོད་སྟབས། བཀའ་མོལ་གནང་རྒྱུར་འདོད་པ་ཡོད་ཡོད་པ་རེད། ཅེས་གསུངས་བྱུང༌།

 

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

ཆུ་ཚོད་ ༡༤ སྔོན་ལ།
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 6

  1. kalsang says:
    ལོ་ 17 སྔོན།

    བུ་ཟེར་བ་ལགས། བླ་རྒན་ཞེས་མ་ལབ་དང་། བོད་མི་ཨ་མས་བུ་བཞིན་སྐྱོང་བའི་ཡིད་བཞིན་ནོར་བུ་དང་། མཁས་དབང་དང་བོད་མིར་བཀའ་དྲིན་ཅན་ཟམ་གདོང་རིན་པོ་ཆེ་ཡང་བླ་རྒན་མིན་ནམ། བཀའ་དྲིན་ཅན་ལ་སྨད་ན་སེམས་པ་སྐྱོ་ཡི་འདུག་ཡ

    Reply
  2. བུ says:
    ལོ་ 17 སྔོན།

    ཡང་འདི་ན་རྒྱ་ནག་གི་གཡོ་སྒྱུ་ལ་འགོ་བསྒུར་བའི་རྣམས་པ་ཞིག་ཐོན་གྱིན་འདུག་ག་་
    བླ་རྒན་ཤེས་ཡོན་མེད་པ་འདི་ཚོ་དངོས་གནས་བྱེད་ཐབས་ཞིག་མི་འདུག
    གདོང་དམར་བའི་ཁྲག་གི་འཇིག་རྟེན་དེ་ཤེས་མེད་པ་ཡིན་ནམ་བསམ་བཞིན་མ་ཤེས་འདོགས་བྱེད་ཀྱི་ཡོད་ན་་་་་ ཨ་ཧ་བོ་་་་་ བོད་་་་་་་་་་་་་་

    Reply
  3. འཇིགས་བྲལ་བསྟན་འཛིན། says:
    ལོ་ 17 སྔོན།

    བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་འདིས་ཡང་རྒྱ་ནག་གིས་རྣམ་འགྱུར་ཞིག་སྟོན་བཞིན་ཡོད་པའི་ཚོད་དཔག་བྱེད་ཐུབ། ཚོད་དཔག་འདི་བརྒྱུད་ནས་མཐོང་ཐུབ་པ་ནི་ཕྱི་ལོ་ ༢༠༠༩ ལོའི་རྒྱ་ནག་གིས་བོད་དོན་ཐད་ཏཱ་ལའི་བླ་མའི་སྐུ་ཚབ་དང་གྲོས་མོལ་བྱེད་བཞིན་ཡོད་ཟེར་རྒྱུའི་ལག་ཆ་ཞིག་བཟོ་ཆེད་དང་ལོ་འདིར་བོད་ནང་གསུམ་དུས་སོགས་སུ་སླར་ཡང་ཞི་རྒོལ་གྱི་དོན་རྐྱེན་ཚབས་ཆེན་དེ་འདྲ་མི་ཡོང་བའི་ཆེད་དུ་ཆགས་ཡོད་སྙམ། དྲ་གྲོགས་ཚོ། དེ་འདྲ་ཞིག་ཨེ་རེད།

    Reply
  4. མྱི་སྨྱོན། says:
    ལོ་ 17 སྔོན།

    ཞི་མོལ་བྱེད་འདོད་ཡོད་ཞེས་སྐད་ཆ་སྙན་པོ་རེ་བཤད་བསྡད་ན་ང་ཚོ་ལ་སུ་ཞིག་གིས་ཞི་མོལ་བྱེད་ཀྱི་ཡོང་ངེས་ཡིན། ཞི་མོལ་བྱེད་པ་ལ་ཕྱོགས་གཉིས་ཀྱི་འདོད་པ་དགོས་པ་རེད། གཞུང་གི་འདི་ཕྱོགས་ལ་བསམ་བློ་གཏོང་གི་ཡོད་དམ། ལྷར་པར་བོད་ནང་གི་མི་མང་པོ་ཞིག་གི་ཚེ་སྲོག་འདི་དག་གིས་ཞི་མོལ་ལ་རེ་འདོད་མེད་པ་མིན། རྒྱ་དམར་གྱིས་འདི་ལྟར་བསམ་བློ་གཏོང་གི་མེད་པ་ཤེས་བཞིན་དུ་ད་དུང་ཨུ་ཚིགས་བྱེད་པ་འདི་བདེན་པའི་ཨུ་ཚིགས་མ་ཡིན་པར་གླེན་པའི་ཨུ་ཚིགས་རེད། བདེན་པའི་ཨུ་ཚིགས་ཞེས་པ་གང་ན་འགག་སྒོ་ཡོད་པ་དེར་སོང་ནས་ངོ་རྒོད་བྱས་ནས་བདེན་པའི་དཔང་བོ་ཕྱིར་མངོན་པ་འདི་ལ་བདེན་པའི་ཨུ་ཚིགས་ཟེར།

    Reply
  5. མྱི་སྨྱོན། says:
    ལོ་ 17 སྔོན།

    ཞི་མོལ་བྱེད་འདོད་ཡོད་ཞེས་སྐད་ཆ་སྙན་པོ་རེ་བཤད་བསྡད་ན་ང་ཚོ་ལ་སུ་ཞིག་ཞུ་མོལ་བྱེད་ཀྱི་ཡོང་ངེས་ཡིན། ཞི་མོལ་བྱེད་པ་ལ་ཕྱོགས་གཉིས་ཀྱི་འདོད་པ་དགོས་པ་རེད། གཞུང་གི་འདི་ཕྱོགས་ལ་བསམ་བློ་གཏོང་གི་ཡོད་དམ། ལྷར་པར་བོད་ནང་གི་མི་མང་པོ་ཞིག་གི་ཚེ་སྲོག་འདི་དག་གིས་ཞི་མོལ་ལ་རེ་འདོད་མེད་པ་མིན། རྒྱ་དམར་གྱིས་འདི་ལྟར་བསམ་བློ་གཏོང་གི་མེད་པ་ཤེས་བཞིན་དུ་ད་དུང་ཨུ་ཚིགས་བྱེད་པ་འདི་བདེ་པའི་ཨུ་ཚིགས་མ་ཡིན་པར་གླེན་པའི་ཨུ་ཚིགས་རེད། བདེན་པའི་ཨུ་ཚིགས་ཞེས་གང་ན་འགག་སྒོ་ཡོད་པ་རེད་སོང་ནས་ངོ་རྒོད་བྱས་ནས་བདེན་པའི་དབང་བོ་ཕྱིར་མངོན་པ་འདི་ལ་བདེན་པའི་ཨུ་ཚིགས་ཀྱི་ཐ་སྙད་ཟེར།

    Reply
  6. kalsang says:
    ལོ་ 17 སྔོན།

    ཞི་མོལ་བྱེད་དགོས་ལ་དེ་གཅིག་པོར་མགོ་གཡེང་ནས་མི་འདུག་པར་ཞི་བའི་ལམ་གྱི་འཐབ་རྩོད་མཐའ་གཅིག་ཏུ་བྱ་དགོས། དེང་རབས་རང་བཞིན་གྱི་འཐབ་རྩོད་ཁྱད་ཆོས་གཞིར་བཟུང་གིས་ཀླ་ཀློའི་དྲག་སྤྱོད་རིགས་རིང་ནས་འདོར་དགོས། བོད་མི་རིགས་ཆོས་ལྡན་རྒྱལ་ཁབ་ཀྱི་ཁྱད་ཆོས་ལྡན་པ། འཛམ་གླིང་གོ་ལ་གཅིག་གྱུར་རང་བཞིན་གྱི་ཁྱད་ཆོས་ལྡན་པ་བཅས་བྱས་ནས་ཁྲིམས་དང་། ཞི་བའི་ལམ་མ་བརྗེད་པར་གྱིས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese