མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་འབོར་ཕྱེད་ཀ་ནུས་མེད་ལ་འཇོག་རྒྱུ་ཡིན་ནམ།

བོད་ཀྱི་དུས་བབ།
༢༠༠༩/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟའི་ཆར་བོད་ནང་གི་གནས་སྟངས་ཐབས་སྐྱོ་བོ་དང་ཛ་དྲག་གི་སྐབས་འདིར་བོད་མི་མང་པོ་ཞིག་ཞི་རྒོལ་ལ་ཞུགས་ཏེ་རྒྱ་ནག་གིས་མནར་གཅོད་སྡུག་སྦྱོང་གཏོང་གི་ཡོད་ལ། ཁ་ཤས་ཤིག་རང་སྲོག་ཀྱང་ཤོར་གི་ཡོད་པ་རེད། ཡིན་ཡང་དཔའ་བོ་འདི་དག་གི་རྒྱབ་ཏུ་ཡོད་པའི་ཨ་མ་དང་བཟའ་ཟླ་བུད་མེད་དེ་ཚོས་རང་སེམས་ཀྱི་སྡུག་བསྔལ་མནན་སྟེ། ད་དུང་༧གོང་ས་མཆོག་དང་བོད་མི་ས་ཡ་དྲུག་གི་དོན་དུ་ཡིན་པར་རྒྱབ་སྐྱོར་དང་བློས་གཏོང་བྱེད་བཞིན་པ་འདི་ཚོ་མིག་དཔེ་ལྟ་ས་རེད་ལ། འདི་ཚོའི་སྙིང་སྟོབས་དང་བློས་གཏོང་གི་སྤོབས་པ་ལ་ང་ཚོས་ཁ་མིག་ཡར་ལྟ་བྱ་དགོས་ཀྱི་ཡོད་པ་རེད་ཟེར།

ཕྱི་ཚེས་ ༡༨ ཉིན་གྱི་ཕྱི་དྲོ་ང་རང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཀྱི་མདུན་དུ་བཅར་ཏེ། བུད་མེད་སྐོར་ལ་སྤྱིར་བཏང་གི་བགྲོ་གླེང་ཐུང་ཐུང་ཞིག་བྱུང་ཞིང༌། འདི་ནི་ང་རང་ཁོ་མོའི་མདུན་ལ་བཅར་ནས་བོད་ཀྱི་བུད་མེད་སྐོར་ལ་བགྲོ་གླེང་བྱས་པ་ཐོག་མ་ཡིན་ལ། བཙན་བྱོལ་གྱི་བུད་མེད་ཁྲོད་གནས་རིམ་མཐོ་ཤོས་ཀྱི་བུད་མེད་ཅིག་དང་མཉམ་དུ་བུད་མེད་སྐོར་ལ་གླེང་སློང་བྱུང་བ་ཐོག་མ་དེ་ཡང་ཡིན། ངས་རང་ཉིད་ཀྱི་ཡོང་དོན་ཞུས་པ་དང་བསྟུན་ཁོང་གིས་ངེད་གཉིས་ཀྱི་བརྗོད་གཞིའི་གནད་ལྗིད་ས་དེར་དམིགས་ནས་བཀའ་མོལ་གྱི་མགོ་བཙུགས་སོང༌། བུད་མེད་ལ་ཐོབ་ཐང་སྤྲོད་མི་སྤྲོད་ཀྱི་གནད་དོན་ཅིག་མིན་པར། སྤྱི་ཚོགས་གང་འདྲ་ཞིག་ཡིན་ཡང་བུད་མེད་ཀྱིས་སྤྱི་ཚོགས་དེའི་མི་འབོར་ཕྱེད་ཀ་ཟིན་གྱི་ཡོད་པ་རེད། དེའི་རྐྱེན་གྱིས་ང་ཚོས་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་མི་འབོར་ཕྱེད་ཀ་ནུས་མེད་ལ་འཇོག་རྒྱུ་ཡིན་ནམ་ཡང་ན། བོད་ཀྱི་རྩ་དོན་དང་འབྲེལ་བའི་སྤྱི་ཚོགས་དང་ནང་མི་ལ་ཕན་པའི་ནུས་པ་ལྡན་པ་ཞིག་བཟོ་རྒྱུ་ཡིན། འདི་དྲི་བ་རེད། ཟེར། རྒྱ་རི་སྒྲོལ་མ་ལགས་ཀྱིས་བཙན་བྱོལ་བོད་གཞུང་གིས་བུད་མེད་ལ་བཟུང་བའི་སྲིད་བྱུས་ཀྱི་ཐད་ནས་གསུངས་དོན། གཞུང་ཞིག་གི་ངོས་ནས་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་སྲིད་ཇུས་གཏན་འབེབས་བྱས་པ་དེར་ང་རང་གི་ངོས་ནས་རྒྱབ་སྐྱོར་ཡོད། ཡིན་ན་ཡང་གཞུང་ཞིག་ གི་ཁྲིམས་ཀྱི་ཐོག་ནས་འདྲ་མཉམ་དང་ནུས་ཤུགས་སྤེལ་བའི་སྲིད་བྱུས་གཏན་འབེབས་བྱས་པ་དེས་བུད་མེད་ཀྱི་གཞི་རྩའི་ནུས་པ་ཇེ་མཐོར་གཏོང་རྒྱུ་ཧ་ཅང་ཁག་པོ་རེད། གཙོ་བོ་ཐུག་ས་དེ་སྤྱི་ཚོགས་དང་བུད་མེད་མི་རེ་ངོ་རེ་ལ་རག་ལས་ཡོད་པར་འདོད། ཅེས་གསུངས་བྱུང་ལ། དེ་བཞིན་ཁོང་ཉིད་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་སློབ་ཕྲུག་ཚོའི་གོ་སྒྲིག་ལྟར་བུད་མེད་ཀྱི་ལས་འགན་སྐོར་བགྲོ་གླེང་ཞིག་ཡོད་པར་མཉམ་ཞུགས་བྱས་པའི་སྐོར་གསུངས་དོན། མཐོ་རིམ་བུ་མོ་ཚོས་རང་རང་གི་ཉམས་མྱོང་དང་འབྲེལ་བའི་ཐོག་གཏམ་བཤད་བྱས་པ་སོགས་བགྲོ་གླེང་འདི་བརྒྱུད་ནས་ང་རང་གིས་སྔོན་ཆད་ཐོས་མ་མྱོང་བ་དང་ཡང་ན་བསམ་བློར་འཁོར་མ་མྱོང་བ་མང་པོ་ཞིག་ཤེས་བྱུང༌། དངོས་ཡོད་གནས་ཚུལ་ཐོག་བུད་མེད་ཚོར་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་ནས་སློབ་གསོ་སྤྲོད་སྟངས་དེས་ཁྱད་པར་ཆེན་པོ་ཡོད་པའི་ཚོར་བ་ཤུགས་ཆེན་པོ་བྱུང་སོང༌། མཐོ་རིམ་བུ་མོ་ཁ་ཤས་ཀྱིས་རང་གི་ཕ་མས་སྐྱེས་པ་ཕོ་ལ་ཡོན་ཏན་དགོས་པ་དང་བུད་མེད་ལ་ལས་ཀ་དགོས་པ་རེད་ཅེས་སློབ་གསོ་རྒྱག་གི་འདུག་ཟེར་མཁན་ཡང་འདུག དེ་ཡིན་དུས་གཙོ་བོ་རང་ཁྱིམ་དང་སློབ་གྲྭ་སོགས་ཁོར་ཡུག་གང་དུ་འཚར་ལོངས་འབྱུང་བཞིན་པའི་བུ་མོ་ཚོ་ལ་མིའི་ལྷན་སྐྱེས་ཀྱི་ནུས་པ་དེ་གཅིག་མཚུངས་ཡིན་པའི་སློབ་གསོ་བརྟན་པོ་ཞིག་དགོས་པ་གལ་ཆེན་པོ་རེད་བསམ་གྱིན་ཡོད། ཅེས་གསུངས་བྱུང༌།

རྒྱ་རི་སྒྲོལ་མ་མཆོག་གིས་གསུང་བཤད་གནང་སྐབས་རང་གི་སྐད་ཆའི་ཚིག་རེ་རེ་ལའང་ཧ་ཅང་གི་དོ་སྣང་དང་བསམ་གཞིགས་བྱེད་ཀྱིན་འདུག་ལ། དེ་ལྟར་ངེད་གཉིས་ཀྱི་སྐད་ཆ་རིམ་བཞིན་རིགས་གཅིག་རྐང་འཛིན་གྱི་ཐོག་ལ་བབ་ཅིང༌། འདིའི་ཐད་ལ་ཁོང་གིས། སྤྱིར་རང་ལ་ཐུན་མིན་གྱི་ཡོན་ཏན་དང་ཡང་ན་ལྷན་སྐྱེས་ཀྱི་དང་བ་གང་ལ་ཡོད་མེད་དེ་འདེམ་དགོས་ལ།  ང་རང་གི་ཉམས་མྱོང་ཐོག་བཤད་ན། བོད་ཀྱི་བུད་མེད་ཚོས་འབྲེལ་མཐུད་པ་དང་ཚོགས་འདུ་དང་རིག་རྩལ་གྱི་ལས་རིགས་དེ་འདྲ་གཙོ་གཉེར་བྱ་རྒྱུ་གཉིས་ནི་ང་ཚོའི་སྤྱི་ཚོགས་ལ་ནུས་པ་ཆེན་པོ་འདོན་ཐུབ་པའི་ཆེད་ལས་ཤིག་རེད། ང་ཚོའི་གནས་སྟངས་ནི་སྤྱི་ཚོགས་གཞན་གྱི་གནས་བབ་དང་འདྲ་མཚུངས་མིན་པས་ང་ཚོརཕྱི་འབྲེལ་གྱི་ནུས་པ་ཆེན་པོ་དགོས་ལ། མདོར་ན་ང་ཚོའི་སྤྱི་ཚོགས་སྤྱིའི་འཚོ་གནས་དང་ཁོར་ཡུག་སོགས་གཞན་ལ་བསྟེན་ཡོད་པས་ཕྱི་འབྲེལ་ནི་གལ་ཆེན་ནང་གི་དོན་ཆེན་རེད། དེ་བཞིན་ད་ལྟའི་ཆར་སྤྱི་ཚོགས་ཀྱི་ཟུར་སོ་སོ་ནས་མི་མང་གི་བསམ་བློའི་གོ་རྟོགས་དང་མི་རིགས་སྤྱིའི་རྩ་དོན་ལ་འགན་ལེན་གྱི་ནུས་པ་ཇེ་མཐོར་གཏོང་དགོས་ན། བགྲོ་གླེང་དང་ཚོགས་འདུ་གཙོས་པའི་འདུ་འཛོམས་རིགས་ཧ་ཅང་གི་གལ་ཆེན་པོ་རེད། དེར་བུད་མེད་ཚོས་དམིགས་བསལ་གྱིས་ནུས་པ་འདོན་ཐུབ་གི་རེད། དེ་བཞིན་འདས་པའི་ལོ་ལྔ་དྲུག་གི་སྔོན་དུ་གསར་འགོད་ལས་རིགས་གཉེར་མཁན་གྱི་བུད་མེད་ཤིན་ཏུ་ནས་ཉུང་ལ་ཕལ་ཆེར་མེད་ལབ་ན་ཡང་འགྲིག ད་ལྟ་གསར་འགོད་ལས་རིགས་ལ་བུད་མེད་ཁ་ཤས་ཡོད་པ་འདི་ཚོས་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་སྟོང་ཆ་ཞིག་ཁ་གསབ་བྱས་ཡོད་པ་རེད། ལས་རིགས་འདིའི་རིགས་ལ་བུད་མེད་ཚོས་དམིགས་བསལ་གྱི་ནུས་པ་འདོན་ཐུབ་གི་རེད། དེང་རབས་ཀྱི་རྣམ་པའི་ཐོག་ནས་བཤད་ན་ཡང་བོད་ཀྱི་མཛངས་མའི་འགྲན་བསྡུར་ཡིན་ཡང་ང་རང་སྒེར་གྱི་ངོས་ནས་དེ་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་སྙིང་རྗེ་མོ་ཞིག་རེད་འདོད་ཀྱིན་ཡོད་པས་མི་སྒེར་གྱི་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན།  འདི་རིགས་གཅིག་རྐང་འཛིན་དེ་འདྲ་མ་ཡིན་ཡང་བོད་ཀྱི་བུད་མེད་ཅིག་གིས་བོད་ཀྱི་ཆབ་སྲིད་གནས་སྟངས་ལ་ལས་འགན་ཁུར་བའི་ངོ་བོའི་ཐོག་བསམ་བློ་གཏོང་ཆོག་གི་རེད།  རྒྱ་དང་བོད་ཁ་ཁ་ཡིན་པ་རིགས་སོ་སོར་དབྱེ་འབྱེད་བྱེད་སྟངས་དེ་ཡང་གར་སྟེགས་སྙིང་རྗེ་བོ་ཞིག་ནས་དེང་རབས་ཀྱི་ན་གཞོན་མང་པོའི་དོ་སྣང་འདྲེན་ཐུབ་གི་ཡོད་པ་རེད། ཅེས་གསུངས་བྱུང༌། 
 

ངས་ཁོང་ལ་བོད་ཀྱི་བུད་མེད་ཅིག་གིས་མི་རབས་གསར་བར་འགན་ལེན་སྟངས་ཀྱི་ཕྱོགས་ནས་གླེང་སློང་བྱེད་སྐབས། ཁོང་གིས་གསུངས་དོན། ང་རང་ཉིད་ནི་བོད་ཀྱི་བུད་མེད་ཀྱི་མིག་དཔེར་ལྟ་ས་དེ་འདྲ་ཞིག་ཆགས་མེད་དུས། བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་སྒང་ལ་སྐད་ཆ་བཤད་ན་བདེ་བོ་མི་འདུག་ལ། བུད་མེད་ཅིག་ལ་མཚོན་ན་ཤེས་ཡོན་ཡོད་མེད་གང་ལྟར་ཡང་བོད་མིའི་ཡ་རབས་སྤྱོད་བཟང་སོགས་ཀྱི་ཐད་ནས་བུ་ཕྲུག་སྐྱེད་སྲིང་བྱེད་སྟངས་མང་པོ་ཡོད་པ་རེད་དེ། སྒེར་གྱི་ངོས་ནས་མཚམས་རེར་དཀའ་ངལ་ཞིག་ལ་ཆགས་ཡོང་དུས་སྐད་ཆ་བཤད་རྒྱུ་ཁག་པོ་འདུག ང་རང་གི་སེམས་འཚབ་ཆེ་ཤོས་དེ་༧གོང་ས་མཆོག་གི་བཀའ་དགོངས་འོག་བཙན་བྱོལ་སྤྱི་ཚོགས་ཁྲོད་ལས་འགན་གང་འདྲ་ཞིག་ལ་ཐུག་ཀྱང༌། ལྷག་བསམ་ཆེན་པོས་ལས་འགན་གྱི་ངོ་བོ་རང་གི་ཐོག་ནས་ལས་ཀ་བྱས་བསྡད་ཡོད། ལས་འགན་འཁུར་རྒྱུ་འདིའི་ཁྲོད་ནས་མཚམས་རེར་ང་རང་གི་བྱེད་སྟངས་དེ་ཚོ་སྐྱོན་དང་དགེ་མཚན་གང་ལ་འགྱུར་གི་ཡོད་པ་ཧ་མ་གོ་དུས་སེམས་འཚབ་ཆེན་པོ་ཡོང་གི་འདུག ཡིན་ན་ཡང་ང་ཚོའི་ལྟ་ས་དེ་ཐག་རིང་པོ་ལ་མ་སོང་བར་ ༡༩༥༩ ལོའི་ཚུན་ཆད་ནས་བལྟས་ན། བུད་མེད་མང་པོ་ཞིག་གིས་ཁྱིམ་དང་བུ་ཕྲུག བཟའ་ཚང་སོགས་བློས་བཏང་ནས་ཆབ་སྲིད་ཀྱི་འཐབ་རྩོད་ནང་དུ་ཞུགས་ཡོད་པ་དེ་ཚོ་རེད་ལ། དམིགས་བསལ་གྱིས་ད་ལྟའི་ཆར་བོད་ནང་གི་གནས་སྟངས་ཐབས་སྐྱོ་བོ་དང་ཛ་དྲག་གི་སྐབས་འདིར་བོད་མི་མང་པོ་ཞིག་ཞི་རྒོལ་ལ་ཞུགས་ཏེ་རྒྱ་ནག་གིས་མནར་གཅོད་སྡུག་སྦྱོང་གཏོང་གི་ཡོད་ལ། ཁ་ཤས་ཤིག་རང་སྲོག་ཀྱང་ཤོར་གི་ཡོད་པ་རེད། ཡིན་ཡང་དཔའ་བོ་འདི་དག་གི་རྒྱབ་ཏུ་ཡོད་པའི་ཨ་མ་དང་བཟའ་ཟླ་བུད་མེད་དེ་ཚོས་རང་སེམས་ཀྱི་སྡུག་བསྔལ་མནན་སྟེ། ད་དུང་༧གོང་ས་མཆོག་དང་བོད་མི་ས་ཡ་དྲུག་གི་དོན་དུ་ཡིན་པར་རྒྱབ་སྐྱོར་དང་བློས་གཏོང་བྱེད་བཞིན་པ་འདི་ཚོ་མིག་དཔེ་ལྟ་ས་རེད་ལ། འདི་ཚོའི་སྙིང་སྟོབས་དང་བློས་གཏོང་གི་སྤོབས་པ་ལ་ང་ཚོས་ཁ་མིག་ཡར་ལྟ་བྱ་དགོས་ཀྱི་ཡོད་པ་རེད། ཅེས་བཤད་ཞོར་ཁོང་མོའི་སྐད་ངག་འདར་གྱིན་འདུག་ལ་མིག་མཐར་མཆི་མ་འཁྱིལ་ནས་འོད་འཁྱུག་གེར་བུད་སོང༌། མཚམས་དེར་ངེད་གཉིས་ཀྱི་གླེང་མོལ་ཡང་རེ་ཞིག་དལ་ཅག་གེར་གྱུར་སོང་ལ། ཕར་བལྟས་ཚོད་ཀྱིས་དཔའ་བོ་དཔའ་མོ་དེ་དག་ལ་སྐར་ཆ་འགའ་ཤས་རིང་མགོ་སྒུར་ཏེ་ངག་བཅད་གུས་འདུད་ཞུ་བཞིན་པ་ལྟར་གྱུར། དེ་ནི་ཁོ་མོའི་སེམས་ཁམས་ནས་སླེབས་པའི་ཚོར་བ་ཡིན་ངེས་ལ། ཁོ་མོའི་རྣམ་པ་དེས་ངའི་སྣ་ཁུང་ལ་ཡང་ཙག་ཤད་ཅིག་བསླངས་སོང༌།
 

ངས་མུ་མཐུད་དུ་གླེང་མོལ་གྱི་མཇུག་སྐྱོང་འདོད་པས་ཁོང་ལ། བོད་ཀྱི་བུད་མེད་ཚོ་ལ་གནོན་ཤུགས་དང་འགག་རྡོ་གཞན་ཞིག་ཡོད་པ་ནི། བུད་མེད་རང་ཉིད་བུད་མེད་ཀྱི་གནོན་ཤུགས་ལས་ཐར་ཐུབ་ཀྱིན་མེད་པར་བརྗོད་སྐབས། ཁོང་གིས། དེ་ལ་ངས་ཀྱང་ངོས་ལེན་བྱེད་ཀྱིན་ཡོད་ལ། ཐོག་མར་ཨ་མས་བུ་མོ་ལ་སློབ་གསོ་སྐྱོན་སྟངས་དང་བུ་མོ་ལ་རྒྱབ་སྐྱོར་བྱེད་པ་ནས་མགོ་བཙུགས་ཏེ། གཅེན་མོས་གཅུང་མོ་ལ་རྒྱབ་སྐྱོར་བྱེད་པ། གྲོགས་མོས་གྲོགས་མོ་ལ་རྒྱབ་སྐྱོར་བྱས་ནས་སྤྱི་ཚོགས་ནང་དུ་བུད་མེད་ཀྱིས་བུད་མེད་ལ་རྒྱབ་སྐྱོར་དང་སྐུལ་སློང་བྱ་དགོས་པ་དེ་ནི་ཧ་ཅང་གི་གནད་འགག་ཞིག་རེད། བུད་མེད་མང་པོ་ཞིག་གི་སྤྱོད་སྟངས་དང་མདུན་བསྐྱོད་ཀྱི་བསམ་བློ་ལ་བཀག་འགོག་དང་དམའ་འབེབས་བྱེད་མཁན་ཕལ་ཆེ་ཤོས་དང་ཤུགས་རྐྱེན་ཆེ་ཤོས་དེ་བུད་མེད་ཀྱིས་རང་གི་ནང་ཁུལ་དུ་སྤྲོད་ཀྱི་ཡོད་དུས། བུད་མེད་ཀྱིས་བུད་མེད་ལ་རྒྱབ་སྐྱོར་དང་བུད་མེད་རང་ཉིད་བུད་མེད་ཀྱི་གནོན་ཤུགས་ལས་ཐར་དགོས་པ་ཧ་ཅང་གནད་འགག་ཆགས་འདུག ཁྲིམས་ཀྱི་ཐོག་ནས་འདྲ་མཉམ་ཡིན་ཡང་ཆོག་མོད། དངོས་ཡོད་སྤྱི་ཚོགས་ཁྲོད་དུ་ད་དུང་བུད་མེད་ལ་དཀའ་ངལ་ཡོད་དུས། དེ་སེལ་ཐབས་ལ་བུད་མེད་རང་གི་ནང་ཁུལ་ནས་ཕན་ཚུན་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་པ་ནས་མགོ་འཛུགས་དགོས་པར་མཐོང༌། ཞེས་གསུངས་བྱུང༌། སྐབས་དེར་ཁོང་གིས་ཆུ་ཚོད་ལ་ལྟ་ཙམ་བྱས་ཏེ། ང་རང་ཚོགས་འདུའི་བར་ནས་ཡོང་བ་ཡིན་པས་ད་ཚོགས་ཐོག་ལ་མ་སོང་ན་འགྲིག་གི་མི་འདུག་ཅེས་གསུངས་བྱུང་བས་ངས་ཀྱང་རང་གི་གསར་འགོད་ལས་རིགས་ཀྱི་ཅ་ལག་རྣམས་བསྡུས་ནས་ཡོང་དགོས་བྱུང་སོང༌།

གསར་འགོད་པ། ཚེ་རིང་སྐྱིད།

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༡༣ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༡༧ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese