མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨོན་ལམ་བོད་ཡིག་གསུམ་པ་དབུ་འབྱེད་གནང་ཡོད །

བོད་ཀྱི་དུས་བབ།
༢༠༠༩/༠༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ས་གླང་ལོའི་ལོ་གསར་ཉིན་ནི་བོད་དུ་མཚོན་ན་ལོ་ནག་སྲུང་གཙི་བྱས་པའི་ལོ་ཞིག་ཡིན་ལ། ཉིན་དེར་བོད་མི་ཚོས་རྒྱུན་སྲོལ་ལྟར་བོད་ཀྱི་ལོ་གསར་རྒྱས་སྤྲོས་ཀྱིས་སྲུང་གཙི་བྱས་མེད་མོད། བོད་ཀྱི་སྐད་དང་ཡི་གེའི་ངོས་ནས་བཤད་ན། དེང་དུས་ཀྱི་ཚན་རིག་གི་རྗེས་སུ་སྔར་ལས་གོམ་གང་མདུན་སྐྱོད་བྱས་པའི་ཉིན་ཞིག་ཡིན་ཞིང་། དེ་ནི་སྨོན་ལམ་བོད་ཡིག་མཉེན་ཆས་གསུམ་པ་དང་སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་གཉིས་དབུ་འབྱེད་དང་འགྲེམས་སྤེལ་བྱས་པས་ཡིན།

 

ཕྱི་ཚེས་ ༢༥ དང་བོད་ས་གླང་ལོའི་ཧོར་ཟླ་དང་པོའི་ཚེས་ ༡ ཉིན་སྦེལ་ཀོབ་གཞིས་གྲོང་བརྒྱད་པའི་ཕོ་བྲང་གཟིམ་ཆུང་དུ། ྋགོང་ས་མཆོག་གིས་མདོ་སྨད་སྤྱི་ཟུར་རོང་བོ་བློ་བཟང་སྙན་གྲགས་ལགས་ཀྱིས་བརྩམས་པའི་སེ་ར་བྱེས་ཀྱི་ལོ་རྒྱུས་ཀྱི་དེབ་ཅིག་དང་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས་གསར་བཟོ་བྱས་པའི་སྨོན་ལམ་བོད་ཡིག་མཉེན་ཆས་གསུམ་པ་དང༌། སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་མཉེན་ཆས་གཉིས་དབུ་འབྱེད་གནང་ཡོད་ཅིང༌། ཁོང་གིས་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས་ད་བར་ཧུར་ཐག་དགོས་དེང་དུས་ཚན་རིག་དང་མཐུན་པའི་བོད་ཡིག་མཉེན་ཆས་དེ་ལྟ་བུ་ཞིག་བཟོས་པར་ཡི་རངས་བསྔགས་བརྗོད་དང༌། དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

 

སྨོན་ལམ་བོད་ཡིག་གསུམ་པ་ནི་དེ་སྔའི་མཉེན་ཆས་ཁག་ལ་བརྟེན་པའི་ཉམས་མྱོང་ཕྱོགས་བསྡོམས་དང༌། ཤེས་ལྡན་པ་གང་མང་ཞིག་གི་དགོངས་ཚུལ་དང་ལེན་བྱས་ནས་ཐག་གཅོད་བྱས་པ་ཞིག་ཡིན་འདུག་ལ། མཉེན་ཆས་འདིར་ཡིག་གཟུགས་ཁག་བཅུ་གསུམ་ཡོད་པ་ཐམས་ཅད་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ (Unicode) གཞིར་བཟུང་ཐོག་བཟོས་ཡོད་པ་མ་ཟད། མཉེན་ཆས་གང་མང་ཞིག་གི་ནང་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ (Unicode) ཅན་གྱི་བོད་ཡིག་ལ་འཕྲད་བཞིན་པའི་དཀའ་ངལ་ལ་བསམས་ནས། སྨོན་ལམ་བོད་ཡིག་གཉིས་པ་གཞིར་བཞག་ཐོག་བེད་སྤྱོད་གཏོང་ཆོག་པའི་ཁྱད་ཆོས་ལྡན་པར་བྱས་འདུག་ལ། མཛུབ་གནོན་གྱི་ཐད་ལ། བོད་ཕྱི་ནང་གཉིས་སུ་ཁྱབ་ཆེ་བའི་མཛུབ་གནོན་ཁག་བཞི་བཟོས་ཡོད་པས་རང་མོས་ལྟར་འདེམས་ཆོག ཡིག་གཟུགས་རྙིང་བ་ཁག་གང་མང་ཞིག་ UDP བརྒྱུད་ནས་སྨོན་ལམ་བོད་ཡིག་གསུམ་པར་བསྒྱུར་ཆོག་ཅིང༌། ཡིག་གཟུགས་བསྒྱུར་ཚུལ་http://www.udp.leighb.com/getstart.htm དྲ་གནས་དེར་གསལ་འདུག

 

དེ་སྔོན་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་སྟེང་བཟོས་ཡོད་པའི་ཡིག་གཟུགས་གང་མང་ཞིག་གིས་དེབ་དང༌། དུས་དེབ། ཚགས་ཤོག་སོགས་ཇུས་འགོད་བྱེད་མི་ཐུབ་མོད། སྨོན་ལམ་གསུམ་པ་ནི་དཀའ་ངལ་དེ་དག་ལས་གྲོལ་ཏེ། རྒྱལ་སྤྱིའི་ཐོག་སྐད་གྲགས་ཅན་གྱི་དེབ་རིགས་ཇུས་འགོད་བྱེད་ཡུལ་Adobe InDesign CS3 མཉེན་ཆས་ནང་བེད་སྤྱོད་ལེགས་པར་གཏོང་ཐུབ་པ་ཆགས་ཡོད་པ་དང་། ཡིག་གཟུགས་ཆེ་ཆུང་ཐད། སྨོན་ལམ་བོད་ཡིག་གསུམ་པ་དབྱིན་ཡིག་དང་ཆེ་ཆུང་གཅིག་གྱུར་བཟོས་ཡོད་པས་བརྙན་ཡོལ་དང་ཡིག་ཆ་སོགས་བོད་ཡིག་ཐོག་བཞག་ན་ཆེ་ཆུང་དབྱིན་ཡིག་དང་གཅིག་མཚུངས་ཐོག་གནས་ཐུབ། ད་དུང་སྨོན་ལམ་བོད་ཡིག་གསུམ་པ་ནི་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་མ་ལག་གསར་པའི་ནང་བེད་སྤྱོད་ལེགས་པར་གཏོང་ཐུབ་པ་མ་ཟད། ཡིག་ཆ་འཚོལ་བ་དང་ཡིག་སྒམ་སོགས་བོད་ཡིག་ཐོག་ནས་རང་འདོད་ལྟར་བེད་སྤྱོད་གཏོང་ཆོག་གི་ཡོད་འདུག་ལ། འདི་ནི་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོར་མཚོན་ན་རང་ཉིད་གང་ལ་བྱང་ཞིང་གོམས་པའི་མཛུབ་གནོན་རང་འཇགས་ཐོག་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ཅན་གྱི་ཡིག་གཟུགས་བཀོད་སྤྱོད་ལེགས་པར་གཏོང་ཐུབ་ཀྱི་ཡོད་པས། གཅིག་གྱུར་གྱི་མཛུབ་སྣོན་ཞིག་བྱུང་བ་རེད་ལ། ང་ཚོའི་མདུན་དུ་ལྷག་པའི་མཛུབ་གནོན་གཅིག་གྱུར་མེད་པའི་དཀའ་ངལ་ཡོངས་སེལ་ཡོད།

 

དེ་བཞིན་སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་ནི། བོད་ལ་ཐུན་མོང་གི་སྐད་གདངས་ཤིག་ཡོང་ཆེད། གཙོ་བོ་ཡི་གེ་གྲངས་བཞི་བརྒྱ་ཉེར་བཞི་ལ་སྒྲ་གདངས་དང༌། སྐྱེ་གནས། བྱེད་པ། རྩོལ་བ། དྲག་ཞན། རླུང་ཤུགས་ཆེ་ཆུང་སོགས་ཡི་གེ་གཅིག་ལ་འགྲེལ་བཤད་ཁག་དགུ་རེ་བྱས་ཡོད་པ་དང༌། དེ་ཡང་བློ་རབ་འབྲིང་ཐ་གསུམ་ལ་དམིགས་ནས་མིག་གི་མཐོང་རྒྱུ་དང་རྣ་བས་གོ་རྒྱུ་ཡོད་པར་བཟོས་ཡོད། འདི་ལ་ཐོག་མར་དབྱངས་གསལ་སྦྱོར་ཀློག་ནས་མིང་ཚིག་དང༌། ཞེ་ས། ཚིག་ལྷུག ཚིགས་བཅད། གཏམ་བཤད་བྱེད་སྟངས་སོགས་རྩ་བའི་སྡེ་ཚན་ཁག་དྲུག་ཏུ་དབྱེ་ཡོད་ཅིང་། འདིའི་ནང་ཡིག་འབྲུ་གྲངས་ལྔ་ཁྲི་ལྷག་དང་སྐད་དུམ་བུ་ལྔ་སྟོང་ལྷག དེ་བཞིན་གློག་བརྙན་དང་འགུལ་རིས་གྲངས་སུམ་སྟོང་ལྷག པར་རིས་ཆིག་སྟོང་ལྔ་བརྒྱ་ལྷག་གིས་གྲུབ་པའི་མཉེན་ཆས་ཤིག་ཡིན་པ་མ་ཟད། ཕོ་སྐད་དང་མོ་སྐད་ཆ་ཚང་རེ་རང་མོས་ལྟར་འདེམས་ཆོག་པར་བཟོས་ཡོད། གལ་ཏེ་ཁྱེད་ཀྱི་གློག་ཀླད་ནང་དུ་མཉེན་ཆས་དེ་སྒྲིག་འཇུག་བྱས་ན། བོད་ཀྱི་སྐད་ཡིག་དང་ལྷག་པར་སྒྲ་གདངས་ཐད་ནས་དགེ་རྒན་ཞིག་གི་གོ་ཆོད་ཐུབ་པ་བཅས་ཀྱི་ཁྱད་ཆོས་ཚང་འདུག

 

 

སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་འདི་བཟོས་སྐབས་ཁོང་གིས་བོད་ཕྱི་ནང་གི་མཁས་དབང་དང་ཤེས་ཡོན་ཅན་གང་མང་ཞིག་གི་དགོངས་ཚུལ་བསྡུ་ལེན་དང་འབྲེལ། སྔོན་བྱོན་མཁས་པའི་ཁུངས་ལྡན་བརྡ་སྤྲོད་འགའ་གཞིར་བྱས་ཤིང༌། སྒྲ་གདངས་ལ་ཞིབ་འཇུག་གང་ཐུབ་གནང་ཡོད་འདུག་ལ། ད་ལྟ་ང་ཚོའི་མིག་མདུན་དུ་སླེབས་པའི་སྨོན་ལམ་བོད་ཀྱི་སྐད་གདངས་མཉེན་ཆས་འདིར་ྋགོང་ས་མཆོག་གིས་དཔེ་མི་སྲིད་པའི་ཡག་པོ་རེད། ང་ཚོར་མཚོན་ན་དེང་དུས་ཀྱི་ཚན་རིག་དང་མཐུན་པའི་གསར་བཏོད་ཀྱི་ནུས་པ་འདོན་མ་ཐུབ་པར་ལྷག་ཡོད་སྟབས། སྨོན་ལམ་བོད་ཀྱི་སྐད་གདངས་མཉེན་ཆས་འདི་ལྟ་བུ་ཞིག་བྱུང་བར་ཡག་པོ་རེད་ལ། རྗེས་ཕྱོགས་མུ་མཐུད་འདིའི་ཐད་དུ་ཤུགས་སྣོན་རྒྱག་དགོས་ཞེས་བཀའ་སློབ་གནང་ཡོད།

 www.lobsangmonlam.org

www.monlambodyig.com

གོང་གསལ་དྲ་རྒྱ་འདི་གཉིས་ནས་སྨོན་ལམ་བོད་ཡིག་མཉེན་ཆས་གསུམ་པ་དང་། སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་གཉིས་ཕབ་ལེན་བྱ་ཐུབ།

  

འདི་གའི་གསར་འགོད་པ་ཨ་རིག་འགྱུར་མེད་ཀྱིས་རྒྱ་གར་ལྷོ་ཕྱོགས་ནས་བཏང་བའི་གནས་ཚུལ།

 

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༡༣ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡༥ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 8

  1. བློ་བཟང་དངོས་གྲུབ་ says:
    ལོ་ 17 སྔོན།

    དགེ་སྦྱོང་བློ་བཟང་སྨོན་ལམ་ལགས།
    སྐུ་ཉིད་ཀྱི་བརླབ་ཆེན་མཛད་རྗེས་ལ་བརྟེན་ནས།ང་ཚོའི་རིག་གཞུང་དང་རིག་གཞུང་ཞེས་གང་ཡོད་པ་ནི་འདི་འོ་འདི་ལས་གཞན་མེད་དོ་སྙམ་པའི་རྨོངས་ཞེན་བཤིགས་ཤིང་།དེང་དུས་དང་མཐུན་པའི་གསར་བཏོད་ནི་ང་ཚོ་སྐད་རིགས་འདྲ་མིན་ཤེས་ཁན་དང་།མཐོ་སློབ་ལག་འཁྱེར་ཅན་པ་དག་གིས་ཡིན་ནོ་སྙམ་པའི་མངོན་པའི་ང་རྒྱལ་བཅོམ་ལ།གྲྭ་ཀྱང་དཀྱུས་མས་ཆོས་ཕྱོགས་ལས་གཞན་པའི་འགྲོ་བ་མིའི་སྤྱི་ཚོཌ་ནང་ཁ་ཡོད་ལག་ཡོད་ཀྱི་ཕན་འདོགས་བསྒྲུབ་མི་ཐུབ་སྙམ་པའི་ལོག་རྟོག་བཀག་སྟེ།རྒྱལ་བའི་དགོངས་པ་དང་མཐུན་པའི་སྲོལ་བཏོད་ལ་བསྔགས་བརྗོད་དང་གཞན་ཕན་རྒྱ་ཆེར་འགྱུར་པའི་སྨོན་འདུན་བཅས།།

    Reply
  2. pasang says:
    ལོ་ 17 སྔོན།

    སྐུ་ཞབས་སྨོན་ལམ་ལ་རྟེན་འབྲེལ་ཞུ།

    Reply
  3. ཆོས་འཕེལ། says:
    ལོ་ 18 སྔོན།

    སྐུ་ཞབས་སྨོན་ལམ་ལ་རྟེན་འབྲེལ་ཞུ།

    Reply
  4. ཨ་རིག་དགེ་མཐོང་། says:
    ལོ་ 18 སྔོན།

    ཨ་ཁུ་སྨོན་ལམ་ཁྱོད་ལ་ངོ་མ་སྐུ་བསོད་ཆེ་གི ཁ་སང་༸གོང་ས་མཆོག་གིས་སྔགས་བརྗོད་གནང་བ་དེ་ནི་བརྗེད་མི་སྲིད་པའི་དོན་དག་ཅིག དེ་རིང་ཁྱོད་ཀྱིས་ང་ཐེ་བའི་དེང་རབས་འཕྲུལ་ཆས་ལ་རྨོངས་པ་དག་གི་དཀའ་ངལ་སེལ་བར་སེམས་སྟེང་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།
    མཐར་སྨོན་ལམ་བོད་ཡིག་གསུམ་པ་ཕྱོགས་ཀུན་ལ་ཁྱབ་ནས་བོད་ཀྱི་སྐད་ཡིག་གི་བཀོད་སྤྱོད་འཛམ་གླིང་ལ་ཁྱབ་པ་དང་། ཁྱོད་ཀྱི་སྐུ་ཚེ་ཡུན་རིང་བརྟན་པར་སྨོན།

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 18 སྔོན།

    དྲ་གྲོགས་ཚོས་ཚང་མས་ཕན་ཚུན་ལ་ཚིགས་མདའ་འཕེན་རེའི་བྱེད་རྒྱུ་དེ་དག་བཞག་ནས་དྲང་ངེས་ལ་ཞུགས་དེ་རང་རང་གི་སེམས་གཏིང་གི་སྐད་ཆ་དག་བཤད་པ་ཡིན་ན་ཡག་པོ་རེད། དེ་མིག་གཅིག་གིས་ལས་ཀ་ཞིག་བྱས་པ་ཙམ་ནས་གཅིག་གིས་གཅིག་ལ་མི་དགའ་བའིོ་ཚིགས་སོགས་མ་འཕངས་ན་ཡག་པོ་རེད། དེ་མིན་ང་རང་ལྟ་བུ་ཞིག་ལ་མཚོན་ན་ཁྱེད་ཅག་གི་འདི་ལྟར་ཕན་ཚུན་ལ་རང་རང་གི་མ་བྱས་པ་ཞིག་དང་རང་རང་གི་དཀའ་ལས་མ་བརྒྱབ་པ་སོགས་ལ་བསམ་བློ་མི་གཏོང་བར་མི་ལ་ཁ་གཏོང་རྐྱང་བྱེད་པ་དེ་ནི་དངོས་ནས་ཡག་པོ་ཞིག་མཐོང་མ་སོང་ངོ། ད་ནི་གང་ཡིན་དྲ་གྲོགས་ཁྱེད་རང་གི་བསམ་བློ་ཞིབ་མོ་བཏང་ནས་ཕན་ཚུན་ལ་སྐད་ཆ་བཤད་རོགས་གནོང་།

    Reply
  6. སྤོབས་པ་མཐའ་ཡས། says:
    ལོ་ 18 སྔོན།

    ཡིག་གཟུགས་གསུམ་པ་འདི་ག་འདྲ་ཡོད་མི་ཤེས། སྨོན་ལམ་ཡིག་གཟུགས་དང་པོས་ཕན་ཐོགས་ཤིག་བྱུང་བ་ནི་ཡིག་གཟུགས་མི་འདྲ་བ་ཁ་ཤས་བེད་སྤྱོད་ཐུབ་པ་བྱུང་བ་དེ་ཙམ་རེད། གཉིས་པ་དེ་ཡིག་གཟུགས་དང་རི་མོ་སོགས་ཀྱི་ཆ་ནས་ཧ་ཅང་གྲ་རྒྱས་པོ་ཞིག་འདུག་མོད་དེ་ཙམ་ཕན་ཐོགས་ཡོད་པ་ཞིག་བྱུང་མ་སོང་། སྨོན་ལམ་རང་གིས་ལག་ལེན་གྱི་སྟེང་ནས་ངོ་སྤྲོད་བྱས་པ་བཞིན་ང་ཚོས་ནང་འཇུག་དང་ལག་ལེན་བྱས་ཁུལ་བྱས་ཀྱང་མཉེན་ཆས་འདི་ལ་བརྟེན་ནས་ལས་ཚན་གཞན་ལ་ཕོག་ཐུག་འགྲོ་བ་དང་གློག་ྐླད་ཀྱི་ལས་ཀ་འགག་འགྲོ་བ་སོགས་ཀྱི་སྐྱོན་བྱུང་ནས་ང་དང་གྲོགས་པོ་རེ་ཟུང་ཞིག་གིས་སྨོན་ལམ་བོད་ཡིག་གསུམ་པ་དེ་ཕྱིར་འདོན་བྱེད་དགོས་བྱུང་སོང་། ད་ཐེངས་ངོ་སྤྲོད་བྱེད་སྟངས་ཙམ་ལ་བལྟས་ན་ཧ་ཅང་སྟབས་བདེ་དང་ཡག་པོ་ཞིག་ཡིན་པ་འདྲ།
    ངས་བསམ་ན་གློག་ྐླད་ཀྱི་མཉེན་ཆས་མང་པོ་ཞིག་ཚོང་གི་བདག་དབང་ཅན་དུ་གནས་ཡོད་སྟབས་མཉེན་ཆས་ཁ་ཤས་རེའི་བདག་དབང་མ་ཉོས་ཐབས་མེད་ཡིན་པ་དེ་འདྲ་ཡོད་སྲིད་ལ། གལ་སྲིད་བདག་དབང་ཅན་དུ་གནས་པ་དེ་ཚོ་བརྐུ་བཤུ་བྱས་ཀྱང་མཉེན་ཆས་དེ་ཚོས་ཁུངས་འཁྱོལ་བ་ཞིག་མི་ཡོང་། སྨོན་ལམ་ཁོང་གྲྭ་རྐྱང་ཞིག་གི་དངུལ་ཁུག་གི་ལྗིད་ཚད་དེ་ང་ཚོས་ཚང་མས་ཤེས་པ་ཞིག་ཡིན་སྟབས་བོད་དང་བོད་ཀྱི་རིག་གཞུང་གི་ཆེད་དུ་ཅིག་ཅིག་མིག་མིག་བྱེད་ཀྱིན་ཡིན་ཟེར་མཁན་མ་མང་ན་མི་ཉུང་ཙམ་འདུག་པ་དེས་གྲས་ཀྱིས་དཔལ་འབྱོར་གྱི་རོགས་སྐྱོར་ཅུང་ཙམ་རེ་བྱས་ན་ཅི་མ་རུང་སྙམ། གཅིག་བྱས་ན་ངས་བླ་མས་ཅི་གསུངས་མ་ཤེས་གོང་། གྲྭ་བས་འདོན་ཚོད་རྡོ་རོ་རོ། ཞེས་པའི་དཔེར་གྱུར་པ་ཡིན་སྲིད། དེ་མིན་དཔེ་ཡག་པོ་རེད་དང་། རྒྱབ་སྐྱོར་ཡོད་དང་། ངོ་སོ་བསྟོད་སོགས་ཀྱི་ཚིག་སྟོང་པའི་ངོ་བསྟོད་དེ་ཚོས་ས་རྒྱ་མི་ཆོད་པ་ཚང་མས་ལོས་ཤེས།

    Reply
  7. kalsang says:
    ལོ་ 18 སྔོན།

    ཁ་སང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཚབས་ཆེན་ཡིན་སྐོར་གྱི་སྙན་ཞུ་ཕུལ་ཡོད་པ་རེད།

    Reply
  8. གླེན་པ་ལུག says:
    ལོ་ 18 སྔོན།

    སྟོང་སྐད་རྒྱུན་ཆད་མེད་པའི་རྩོམ་པ་པོ་སྡར་མ་ཚོ་དང་། འཕྲུལ་སྣང་ལས་ནམ་མཁར་འཕུར་བའི་སྙན་ངག་པ་ཅོལ་ཆུང་ཚོ། ད་ནི་བསམ་གཞིག་ཞིབ་མོ་ཞིག་ཐོངས་དང་། གྲྭ་རྐྱང་གཟན་རྐྱང་ཞིག་གིས་ལོ་བསྟུད་མར་འདི་ལྟར་མི་རིགས་ལ་ལེགས་སྐྱེས་འབུལ་བཞིན་འདུག མཐོ་སློབ་ནས་མཐོ་སློབ་འགྲིམས་པའི་བོད་ཀྱི་དེང་རབས་པ་ཚོ་གང་དུ་ཡོད་དམ། དེང་རབས་དང་བཅོས་སྒྱུར་གྱི་དཔའ་སྐད་འཐེན་པའི་གསར་བརྗེ་བ་ཚོ་སུ་ཡིས་བཟུང་སོང་། གླེན་པ་ལུག་ནི་ཁ་སྟོང་ནང་གི་དཔའ་སྐད་སྒྲོག་མཁན་ཚོར་གཞི་ནས་ཡིད་ཐང་ཆད་སོང་། ཁུ་སུམ་མེར་ལང་ཚོ་དང་མི་ཚེ་མི་རིགས་ལ་འབུལ་བཞིན་པའི་ཨ་ཁུ་སྨོན་ལམ་ལྟ་བུ་མཐོང་ན་དགའ་བའི་འབའ་སྒྲ་སྒྲོག་ན་འདོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese