མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱབ་ཤ་དཀར་པོའི་དེབ་ལ་ལན་འདེབས་བྱས་ཡོད།

བོད་ཀྱི་དུས་བབ།
༢༠༠༩/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༢ ཉིན་རྒྱ་ནག་པེ་ཅིན་གསར་འགྱུར་གཞུང་ལས་ཁང་གིས། བོད་ལྗོངས་སུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ལྔ་བཅུ་འཁོར་བའི་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་ཞིག་བཏོན་པའི་ཐད། དེ་རིང་སྔ་དྲོ་རྒྱ་གར་བྱང་ཕྱོགས་ངྷ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་དོན་ཚན་བཞི་ཡིས་ལན་འདེབས་བྱས་ཡོད།

 

ཐེངས་འདིར་རྒྱ་གཞུང་གིས་བཏོན་པའི་རྒྱབ་ཤ་དཀར་པོ་ཞེས་པའི་དེབ་དེ་ནི། དངོས་ཡོད་ལ་འཁྱོག་བརྗོད་བྱས་ཏེ། བོད་ཀྱི་སྤྱི་ཚོགས་རྙིང་བའི་སྐབས་ཀྱི་བོད་མིའི་འཚོ་བའི་གནས་སྟངས་དང༌། རྒྱ་ནག་གཞུང་གིས་བོད་ཡུལ་བཙན་བཟུང་རྗེས་སུ་དམངས་གཙོའི་བཅོས་སྒྱུར་དང༌། སྤྱི་ཚོགས་འཕེལ་རྒྱས་ཟེར་བ་སོགས་འཛམ་གླིང་ལ་དྲིལ་བསྒྲགས་བྱ་ཆེད་ཡིན་པ་དང༌། རྒྱ་གཞུང་གིས་བོད་སྐོར་ལ་རྒྱབ་ཤ་དཀར་པོའི་དེབ་འདོན་ཐེངས་བརྒྱད་པ་དེ་ཆགས་ཡོད་འདུག དང་པོ། བོད་རང་བཙན་གྱི་དུས་སྐབས་ནི་ཆེས་མུན་ནག་ཡིན་པ། གཉིས་པ། རྔམ་བརྗིད་ལྡན་པའི་དམངས་གཙོའི་བཅོས་སྒྱུར་བྱས་ཚུལ། གསུམ་པ། དུས་རབས་ཕྱེད་ཀའི་རིང་བོད་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཚུལ་བཅས་གནད་དོན་གསུམ་བཤད་ཀྱིན་ཡོད་པ་དང༌། ད་ཕན་འདོན་སྤེལ་བྱས་པའི་དེབ་བརྒྱད་པོའི་ནང་དོན་ཡོངས་རྫོགས་མཐར་གཏུགས་ན་གཅིག་སྟེ། རླབས་ཆེན་གུང་ཁྲན་ཏང་གི་དབུ་ཁྲིད་འོག་བོད་མི་དམངས་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་ཅེས་པ་འདི་རེད། ཅེས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ལན་འདེབས་ནང་ཆོས་ལུགས་དང་སྐད་ཡིག མི་རིགས། ཁོར་ཡུག་བཅས་གནད་དོན་བཞིས་གསེད་བཀྲོལ་དང་ལན་འདེབས་བྱས་དོན། 

 

དང་པོ། ཆོས་ལུགས་ཀྱི་གནད་དོན་སྐོར་བཀོད་དོན། རྒྱ་གཞུང་གིས་བོད་ཀྱི་ལོ་རྒྱུས་ཐོག་གི་དགོན་སྡེ་ ༦༠༠༠ ལྷག་ཙམ་གཏོར་བཤིག་བཏང་བ་དེས།  བོད་ཀྱི་ལོ་རྒྱུས་དུས་སྐབས་རིམ་པའི་རིག་གནས་དང༌། ལོ་རྒྱུས། བཟོ་སྐྲུན། ཨར་ལས། སྒྱུ་རྩལ་སོགས་ལ་ཞིབ་འཇུག་བྱ་ཡུལ་མེད་པར་གྱུར་ཞིང༌། བོད་ཀྱི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་གྱོང་གུད་ཆེ་ཤོས་དེ་ཆགས་ཡོད། ད་ཆ་ང་ཚོའི་མིག་ལམ་དུ་མཐོང་ཐུབ་པ་ནི་ལོ་རྒྱུས་རིན་ཐང་དང༌། ཞིབ་འཇུག་གི་རིན་ཐང་མེད་པའི་དགོན་སྡེ་ཁག་ཡིན་ལ། དགོན་པ་དེ་དག་ཀྱང་ཚོང་ལས་འཕེལ་རྒྱས་གཏོང་ཡུལ་ཡོང་འབབ་གསོག་ས་དང༌། ཡུལ་སྐོར་འགྲེམ་སྟོན་ཁང་དུ་བསྒྱུར་ཅིང༌། གྲྭ་བཙུན་རྣམས་ལ་ནང་པའི་གསུང་རབ་ལྟ་ཀློག་གི་དབང་ཆ་འཕྲོག་སྟེ། ཉིན་མཚན་མེད་པར་མར་ལེའི་རིང་ལུགས་ཀྱི་དཔེ་དེབ་སྐྱོར་དུ་བཅུག་པ་དེ་ཡང་བོད་ཀྱི་ལོ་རྒྱུས་ཐོག་གི་གྱོང་གུད་ཆེ་ཤོས་ཤིག་རེད།

 

གཉིས་པ། སྐད་ཡིག་གི་གནད་དོན་སྐོར་བཀོད་དོན། བོད་རང་བཙན་སྐབས་བོད་ཀྱི་ལོ་ཙཱ་བ་ཚོས་སྔོན་ཐོན་མི་རིགས་གཞན་གྱི་རིག་གནས་སྟེ། སྒྲ་རིག་པ་དང་བཟོ་རིག་པ། གསོ་བ་རིག་པ། སྐར་རྩིས། སྙན་ངག ཟློས་གར། རྩོམ་རིག་སོགས་མི་རིགས་གཞན་དག་གི་རིག་གནས་ཡོད་ཚད་བོད་མི་རང་ཉིད་ཀྱི་སྐད་ཡིག་ཐོག་བསྒྱུར་ཡོད་པ་མ་ཟད། ཡིག་སྒྱུར་གྱི་གྲངས་འབོར་དང༌། སྤུས་ཚད། ཁྱབ་ཁོངས་བཅས་ཀྱང༌། འཛམ་གླིང་ཡིག་སྒྱུར་ལོ་རྒྱུས་ནང་དུ་མཐོང་དཀོན་པའི་རླབས་ཆེན་གྱི་གྲུབ་འབྲས་བླངས་ཡོད་ཀྱང༌། ད་ཆ་བོད་ནང་རྒྱ་གཞུང་གི་སྲིད་ཇུས་ལ་དགོས་ངེས་ཀྱི་དངོས་རིགས་འགའ་མ་གཏོགས། བོད་ཀྱི་གཞི་རྒྱ་ཆེ་བའི་འབྲིང་རིམ་དང་མཐོ་རིམ་སློབ་གྲྭ་ཁག་གི་སློབ་ཚན་རྣམས་བོད་ཀྱི་སྐད་ཡིག་ཐོག་ནས་སློབ་ཁྲིད་བྱེད་དུ་མ་བཅུག་པར། རྒྱའི་སྐད་ཡིག་གི་ཐོག་ནས་སློབ་ཁྲིད་བྱེད་ཀྱིན་ཡོད་པ་དང༌། རིམ་པ་ཁག་གི་ལས་ཁུངས་དང་ཚན་པ་ཁག་ཏུ་རྒྱུན་ལྡན་གྱི་ཚོགས་འདུ་འཚོགས་པ་དང་ཡིག་ཆ་བཟོ་བ་བཅས་རྒྱ་ཡིག་བཀོལ་སྤྱོད་བྱས་ཏེ། རྒྱ་སྐད་ཀྱིས་བོད་སྐད་ཀྱི་ཚབ་དང་རྒྱ་ཡིག་གིས་བོད་ཡིག་གི་ཚབ་བྱེད་དུ་བཅུག་པ་སོགས་བོད་ཡུལ་ནས་མི་རིགས་གཞན་གྱི་སྐད་ཡིག་བཙན་བཀོལ་བྱེད་པའི་ཚད་གཞི་འདི་ལོ་རྒྱུས་ཀྱི་དུས་སྐབས་གང་དུའང་བྱུང་མྱོང་མེད་པའི་ཆག་སྒོ་ཆེན་པོ་ཞིག་ཡིན།

 

གསུམ་པ། ཡང་མི་རིགས་ཀྱི་གནད་དོན་སྐོར་བཀོད་དོན། བོད་དེ་ས་རྒྱ་ཆེ་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་པའི་མི་རིགས་ཤིག་ཡིན་ཡང༌། མི་འབོར་ཧ་ཅང་ཉུང་བའི་དབང་གིས་མི་འབོར་འཕེལ་རྒྱས་གཏོང་རྒྱུ་དེ་ནི། དགོས་མཁོ་ཆེ་བའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཡིན་ཡང༌། མི་འབོར་མང་བའི་རྒྱ་རིགས་ས་ཁུལ་གྱི་འཆར་ལྡན་བུ་བཙའི་སྲིད་ཇུས་བོད་དུ་ལག་བསྟར་བྱས་ཤིང༌། བོད་པའི་མི་འབོར་འཕར་ཚད་ལ་ཚོད་འཛིན་དམ་དྲག་བྱས་ཏེ། མི་རིགས་འཕེལ་རྒྱས་གཏོང་རྒྱུར་ཚབས་ཆེའི་འགོག་རྐྱེན་བཟོས་པ་དང་ཆབས་ཅིག གནས་སྤོའི་རྒྱ་རིགས་ཀྱི་མི་འབོར་ལ་སྔར་ལས་ལྷག་པའི་ཤུགས་སྣོན་བརྒྱབས་ཡོད་པ་དེ་ནི། བོད་ཀྱི་ལོ་རྒྱུས་སྟེང་མི་རིགས་གཞན་དག་གནས་སྤོ་དང་གཏན་སྡོད་བྱེད་པའི་གྲངས་ཚད་མང་ཤོས་ཀྱི་དུས་སྐབས་ཤིག་ཡིན་ལ།  བོད་མིའི་རང་དབང་གི་སྐྱེ་འཕེལ་དབང་ཆར་བཀག་འགོག་བྱེད་པའི་ཚད་གཞི་མཐོ་ཤོས་ཀྱི་དུས་སྐབས་ཤིག་ཀྱང་ཡིན།

 

བཞི་བ། ཁོར་ཡུག་གི་གནད་དོན་སྐོར་བཀོད་དོན། མདོ་དབུས་མཐོ་སྒང་དུ་བོད་མི་རིགས་ཆགས་ནས་ལོ་ངོ་ཁྲི་སྟོང་མང་པོའི་ལོ་རྒྱུས་ལ་ཕྱོགས་སྡོམ་བྱས་ཚེ། དེང་གི་དུས་སྐབས་འདི་ནི་བོད་ཀྱི་རྩྭ་ཐང་དང་ནགས་ཚལ། གཙང་པོ། མཚེའུ། རྒྱུག་ཆུ་སོགས་རང་བྱུང་ཁོར་ཡུག་དང༌། དེབཞིན། བདག་མེད་སྲོག་ཆགས་དང་ཆུར་གནས་ཀྱི་ཉ་རིགས། ནམ་མཁའི་འདབ་ཆགས་སོགས་ལ་ལོ་རྒྱུས་ཀྱི་དུས་སྐབས་གང་འདྲ་ཞིག་ཏུའང་བྱུང་མྱོང་མེད་པའི་གནོད་འཚེ་ཆེ་ཤོས་དང་ཉམས་ཉེས་ཆེ་ཤོས། འབག་བཙོག་མང་ཤོས། གཏོར་སྐྱོན་ཆེ་ཤོས་ཕོག་པ་སོགས་ནི། དེང་སྐབས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ཞིབ་འཇུག་བྱེད་མཁན་ཚང་མས་བཞེད་པ་གཅིག་མཐུན་ཡིན། ཞེས་དོན་ཚན་བཞི་ཡིས་རྒྱ་ནག་གི་འཁྱོག་བཤད་དང་ཕྱོགས་གཅིག་ཁོ་ནའི་ལྟ་བ་བརྒྱུད་བསྒྲགས་བྱེད་པའི་རྒྱབ་ཤ་དཀར་པོའི་དེབ་ལ་ལན་འདེབས་ཁ་གསལ་བྱས་ཡོད།

 

དེ་བཞིན་བཙན་བྱོལ་བོད་གཞུང་གི་ཡང་དག་པའི་དམངས་གཙོའི་རང་ལུགས་དང༌། རྒྱ་ནག་དམར་གཞུང་གི་སྤྱི་ཚོགས་རིང་ལུགས་སུ་འབོད་པའི་ལམ་ལུགས་གཉིས་ལ་གཤིབ་བསྡུར་གྱི་ཚུལ་དུ་བཀོད་དོན། བོད་རང་བཙན་སྐབས་ཀྱི་སྤྱི་ཚོགས་དེ་སྐྱོན་མེད་དྭངས་གཙང་གི་སྤྱི་ཚོགས་ཤིག་མ་ཡིན་ཡང༌། ད་ཆ་བཙན་བྱོལ་བོད་གཞུང་འདི་ནི་ཡང་དག་པའི་དམངས་གཙོའི་ལམ་ལུགས་སུ་སྐྱོད་མགོ་ཚུགས་པ་དང༌། གཞུང་གི་ཆེས་མཐོའི་མགོ་ཁྲིད་རྣམས་མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱེད་ཀྱིན་ཡོད་པ། བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་གཞུང་འབྲེལ་མིན་པའི་ཆབ་སྲིད་ཚོགས་པ་དང༌། རིག་གཞུང་གི་སྡེ་ཁག  དེ་མིན་ཚགས་པར་དང་དུས་དེབ་སོགས་རང་དབང་ཅན་གྱི་གླེང་སྟེགས་སྣ་མང་ཡོད་འདི་ནི། བོད་ཀྱི་ལོ་རྒྱུས་དུས་སྐབས་གང་དུ་ཡང་བྱུང་མྱོང་མེད་པའི་འགྱུར་བ་དང༌། བོད་ནང་གི་བོད་མི་ཚོར་མེད་པའི་ཐོབ་ཐང་ཡིན་མོད། རྒྱ་ནག་གཞུང་གི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས། གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་ཞེས་མི་དམངས་ལ་བདམས་བྱ་འདེམས་བྱེད་ཀྱི་དབང་ཆ་དང་རང་དབང་སྤུ་ཙམ་མེད་སྟབས། དེ་ནི་ངེས་པ་དོན་གྱི་སྲིད་དབང་སྒེར་གཅོད་པ་ཞིག་ཡིན་ལ། ཇི་ལྟར་ཐབས་མཁས་བྱས་ཀྱང་བཙན་རྒྱལ་རིང་ལུགས་ཀྱི་ངོ་གདོང་ནམ་ཡང་སྦས་སྐུང་བྱེད་མི་ཐུབ་ཅིང༌། ཁོང་ཚོས་བཏོན་པའི་རྒྱབ་ཤ་དཀར་བོ་ཞེས་པའི་འཆར་ཅན་གྱི་དཔེ་དེབ་དེ་ཡང་ཞིབ་མཇུག་གི་རིན་ཐང་གང་ཡང་མེད་པའི་ཤོག་སྙིགས་ཤིག་ཡིན་སྟབས། དམངས་གཙོ་དང་རང་དབང་གི་ལམ་བུར་བློ་ཁ་ཕྱོགས་པའི་ང་ཚོས་ཅིའི་ཕྱིར་གདེང་འཇོག་བྱེད་དགོས་སམ། ཞེས་བྲིས་ཡོད་པ་རེད།   

 

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༡༤ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༡༧ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

མཆན། 4

  1. རྡོ་རྗེ་རྒྱལ་མཚན། says:
    ལོ་ 17 སྔོན།

    ཚང་མས་དོ་ཁུར་ཆེན་པོས་ཡག་པོ་ཞེ་དྲག་བྲིས་གནང་བ་ལ་སྙིུུང་ནས་ཐུགས་རྗེ་ཆེ་ཞུ་བ་ལགས།

    Reply
  2. གནས་ཚང་། says:
    ལོ་ 17 སྔོན།

    མཛངས་མ་ལགས།

    ངས་སྐུ་ཉིད་བོད་པའི་བུད་མེད་ཀྱི་མིག་དཔེ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། དེ་གཞན་མ་ཡིན་པར་ཁྱོད་རང་གི་སྙིང་སྟོབས་སམ་ཕོད་སེམས་དེ་ཡིན་ལ། ག་དུས་ཀྱང་ཡི་རངས་ཡོད། འདི་གཅིག་ཡིན།

    གཞན་དེ་སྙན་ངག་པ་ནས་མཛངས་མའི་བར་དང་མཛངས་མ་ནས་གསར་འགོད་པའི་བར་དེའང་ལས་སླ་བོ་ཞིག་མ་རེད། ཡིན་ནའི། དུས་བབ་ཚང་ལ་ས་བཅད་མང་པོ་འདུག དེ་ཆ་ཚང་ལ་སྙན་ངག་སྤེལ་མ་ཆོག་པ་སྲིད་རྒྱུ་མ་རེད་དེ། མི་ཁ་ཤས་ནས་བགྲོ་གླེང་ནང་སྙན་ངག་སྤེལ་ཡོང་གི་འདུག གལ་སྲིད་བོད་སིལ་བུར་འཐོར་བའི་སྐབས་ཡིན་ན། གླུ་ཐ་ལ་ལ་མོ་ཐ་ལ་ལེན་ཟེར་ཆོག་གི་ཡོད་མོད། དེང་སྐབས་དེ་དུས་རབས་ཤིག་གི་མཚོན་རྟགས་ལས་ལག་ལེན་ནང་ཡོང་ཐབས་མི་འདུག དེ་མ་གཏོགས་པཱ་ལེ་བས་སྙན་ངག་མི་གོ་ཡང་སྤེལ་ཆོག་པར་མ་ཟད། འཛམ་གླིང་རྩོམ་སྟེགས་སུ་འབུད་ཆོག་གི་ཡོད་པ་ཧ་གོ་གི་ཡོད། འདི་གཞན་དེ་ཡིན།

    ཁྱེད་རང་གིས་སྒེར་གྱི་བསམ་ཚུལ་གླེང་གི་འདུག པཱ་ལེ་བས་ག་དུས་ཀྱང་སྒེར་སྐད་ལས་རྒྱག་མྱོང་མེད། དེ་བས། དྲི་བ་གཅིག་ཡོད། དགོངས་འགལ་མེད་པ་ཞུ།
    ཁྱོད་རང་གིས་གསར་འགྱུར་ཞིག་འགོད་སྐབས་ཚད་ལྡན་ཡིན་མིན་ག་འདྲ་བྱས་ནས་ཐག་གཅོད་བྱེད་ཀྱིན་ཡོད་དམ། ཡང་ཅིག་བཤད་ན། ཡོང་ཁུངས་ག་ཚོད་དང་མཐུན་བསྡེབས་བྱེད་ཀྱི་ཡོད་ཡོད་དམ།

    དུས་བབ་བོད་དྲའི་ཀློག་མཁན་རྙིང་བ་པཱ་ལེ་བ་ནས་རང་མལ་བག་ལེབ་ཞིམ་པོའི་དགའ་ཚལ་ནས་ཕུལ་བ་དགེའོ།

    Reply
  3. ཚེ་རིང་སྐྱིད། says:
    ལོ་ 17 སྔོན།

    ང་ཚོའི་དྲ་རྒྱའི་སྐུ་མགྲོན་རྙིང་པ་གནས་ཚང་ལགས།
    སྐབས་འདིར་ང་གསར་ཁང་གི་ཚབ་མིན་པར་རང་གི་ཚབ་བྱེད་ནས་སྐད་ཆ་འགའ་བཤད་འདོད་བྱུང་།
    དུས་བབ་དྲ་རྒྱ་ངོས་སུ་གནས་ཚུལ་ཁ་གསལ་མིན་པ་དང་ཁུངས་ལྡན་ཡིན་མིན་མི་ཤེས་པ་དེ་ཚོ་འགོད་རྐྱང་བྱེད་གི་མི་འདུག དུས་བབ་ཚང་ལ་ཁྱད་ཆོས་གཅིག་ཡོད་པ་ནི་གནས་ཚུལ་གང་ཞིག་ཡིན་རུང་ཚང་མར་ཞིབ་འཇུག་རང་པཞིན་ལྡན་པ་དང་། དེ་བཞིན་འབྲེལ་ཡོད་ཁག་ལ་གནས་ཚུལ་བཅར་འདྲི་བྱེད་བཞིན་པ་འདི་རེད་འདུག ད་དུང་རིག་རིག་གོ་གོ་ཚང་མ་དང་གལ་ཆེ་ཆུང་ཚང་མ་ཡང་འགོད་རྐྱང་བྱེད་གི་མི་འདུག ཚགས་པར་ལ་གསར་འགྱུར་གདམས་བསེས་དང་གནད་འགག་གི་སྒྲིག་སྟངས་སོགས་ཡོད་དང་ཡོད། དྲ་རྒྱའི་སྒང་ལ་ཡང་གང་ཐུབ་བྱེད་གི་འདུག
    གཞན་སྐུ་ཉིད་ནས་བསམ་ཚུལ་ནང་ལ་སྙན་ངག་མ་འབྲི་གསུངས་འདུག དེ་བདེན་པ་རེད། བསམ་ཚུལ་དང་དཔྱད་བརྗོད། བསྒྲགས་གཏམ། དགོག་ལན་སོགས་ཀྱི་དབྱེ་བ་ཧ་གོ་བ་གནང་དགོས་གྱིན་འདུག དྲ་རྒྱར་གཟིགསམཁན་ཚོས་རང་གིས་གསར་འགྱུར་ཀློག་གི་ཡོད་པ་དང་། ཡང་ན་དཔྱད་རྩོམ་སོགས་ག་རེ་ཀློག་གི་ཡོད་མེད་ཀྱང་ཤེས་དགོས་པ་འདུག
    ཡང་སྐུ་ཉིད་ཀྱིས་སྙན་ངག་འབྲི་རྒྱུ་ཡིན་ན་འཛམ་གླིང་རྩོམ་སྟེགས་སུ་སྤེལ། གསུངས་འདུག དེ་ནི་བདེན་པ་ཡིན་མིན་གང་ཤེས། དུས་བབ་དྲ་རྒྱས་བཟོས་པའི་མི་སྒེར་གྱི་ཟིན་བྲིས་སུ་རྕོམ་ལུས་གང་ཡང་བཀོད་ཆོག་པར་སྣང་། གསར་འགྱུར་ལ་བསམ་ཚུལ་སྤེལ་སྐབས་སྙན་ངག་འབྲི་བ་ལས་ཟིན་བྲིས་སུ་བྲིས་ན་འོས་པར་མཐོང་།
    གཞན་སྐུ་ཉིད་ཀྱིས་ནམ་རྒྱུན་ང་ཚོར་ཁ་ལྟ་མིག་ལྟ་རེ་བྱེད་བཞིན་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ལ། ཤ་ཚ་བའི་གཏམ་རེ་སྨྲ་བཞིན་པར་ཡང་བཀའ་དྲིན་ཆེ།

    Reply
  4. གནས་ཚང་། says:
    ལོ་ 17 སྔོན།

    རྒྱབ་ཤ་དཀར་པོ་བསྐྱར་བཟློས་རེད་ལ། ལན་འདེབས་འདི་རིགས་ཀྱང་བསྐྱར་བཟློས་རེད། གལ་སྲིད་འདི་ལས་ལྷག་པ་ཞིག་ལ་བསམ་བློ་གཏོང་བ་དང་ལག་ལེན་ནང་ཡོང་མ་ཐུབ་ཚེ། མནར་གཅོད་མྱོང་མཁན་བོད་ནང་གི་མང་ཚོགས་རེད། དེང་སྐབས་ལས་ཁུངས་ཁག་ཏུ་དུས་ཚོད་ཉེར་བཞིར་རེས་མོས་ཀྱིས་ལས་མཚམས་འཇོག་མི་ཆོག་པ་དང་གུང་གསེང་གཅིག་ཀྱང་གཏོང་གི་མེད་པ་ཧ་མ་གོ་དོན་ཅི། པཱ་ལེ་བ་ཞིག་གིས་གསར་འགོད་པ་ཚོར་ལམ་སྟོན་བྱེད་དགོས་ཆགས་པ་འདི་ངོ་ནས་དྲང་ནས་ཐབས་སྐྱོ་བོ་རེད། ཚང་མ་ལོས་བསམ་ཚུལ་ཤོད། བསམ་ཚུལ་ནང་སྙན་ངག་མ་འབྲི། སྙན་ངག་འབྲི་རྒྱུ་ཡིན་ན་འཛམ་གླིང་རྩོམ་སྟེགས་སུ་སྤེལ། དེས་ག་དུས་ཀྱང་སྒོ་འབྱེད་ཡོད་པ་རེད་ལ། བོད་པ་ཞེས་པ་ཞིག་ཐོན་པ་ཡིན་ན་རང་གཞན་གཉིས་ཕན་རེད། དེ་ལས་ལྡོག་ན། སྙན་ངག་གི་རིན་ཐང་གཅོག་ཀྱིན་པ་ལས་མཁས་ཉམས་ཁྱོན་ནས་མཐོང་མ་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese