མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བལ་ཡུལ་དུ་བོད་མི་འཛིན་བཟུང༌།

བོད་ཀྱི་དུས་བབ།
༢༠༠༩/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp

གསུམ་བཅུའི་དུས་དྲན་ཐོན་ལ་ཉེ་བའི་སྐབས་འདིར་བལ་ཡུལ་གཞུང་གིས་བོད་མི་ཚོར་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང༌། དོན་མེད་ཁྱིམ་ཚང་ནང་ཡོང་སྟེ་བོད་མི་རྣམས་འཛིན་བཟུང་བྱེད་ཀྱིན་འདུག་ཟེར།

ཕྱི་ཚེས་ ༩ ཉིན་གྱི་ཕྱི་དྲོར་འདི་གའི་གསར་འགོད་པར་བལ་ཡུལ་དུ་གཏན་སྡོད་བྱས་པའི་བོད་མི་ཞིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན། ད་ལྟ་བལ་ཡུལ་དུ་བོད་མི་རྣམས་ལ་བལ་ཡུལ་གཞུང་གི་དམག་མི་དང་ཉེན་རྟོག་པས་བཀག་སྡོམ་དང༌། དོན་མེད་འཛིན་བཟུང་བྱེད་ཀྱིན་ཡོད་པ་མ་ཟད། བོད་མི་རྣམས་སྲང་ལམ་དུ་འགྲོ་རུ་འཇུག་གི་མེད་ཅིང༌། ཕྱི་ཚེས་ ༨ ཉིན་གྱི་དགོང་མོར་ཁྱིམ་ཚང་མང་པོའི་ནང་དམག་མི་དང་ཉེན་རྟོག་པ་ཡོང་སྟེ། བོད་མི་ ༢༠༠ ལྷག་འཛིན་བཟུང་གིས་ཁྲིད་ཡོད་པ་དང༌། དེ་ནི་གསུམ་བཅུའི་དུས་དྲན་སྐབས་བོད་མི་ཚོས་ཞི་བའི་ངོ་རྒོལ་བྱ་རྒྱུར་སྐྲག་པ་ཞིག་ཡིན་འདུག་ལ། འགྲེལ་ཡོད་མི་སྣ་དེས་བརྗོད་པ་ལྟར་ན། ང་ཚོར་ཞི་བའི་ངོ་རྒོལ་དང་སྐད་འབོད་ཁྲོམ་སྐོར་བྱེད་མི་འཇུག་ནའང༌། བལ་ཡུལ་མཆོད་རྟེན་ཆེན་མོའི་མཐའ་འཁོར་དུ་འཛོམས་བཅུག་སྟེ། ཞལ་འདོན་རེ་སྐྱོར་དུ་བཅུག་ཀྱང་འགྲིག་མོད། ད་ལྟ་དེ་ཡང་འཇུག་གི་མེད་པར་སྲང་ལམ་དུ་བོད་པ་ཐོན་ཚད་འཛིན་བཟུང་བྱེད་ཀྱིན་འདུག་ལ་བལ་ཡུལ་མཆོད་རྟེན་གྱི་ནང་ལོགས་སུ་དམག་མིས་ཁེངས་འདུག་ཅེས་བརྗོད་སོང༌།

མཆན། 4

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    བལ་ཡུལ་ཟེར་བའི་རྒྱལ་ཁབ་ཞིག་གི་མིང་ཡོད་ཀྱང་། རང་ཉིད་ཀྱི་རྒྱལ་ཁབ་བརྟན་སྲུང་ཐད་དུ་དཔལ་འབྱོར་གྱི་ཡོངས་ཁུངས་མང་བོ་ཞིག་རྒྱ་ནག་སྲིད་གཞུང་དང་ཐད་གར་འབྲེལ་བ་ཆགས་ཡོད་སྟབས། བོད་པ་དེ་དག་འཛིན་བཟུང་བྱས་དེ་ངོ་རྒཽལ་གྱི་རྣམ་པ་གང་ཡང་སླེབས་དུ་མི་འཇུག་པ་བྱེད་རྒྱུ་དེ་ནི་ཁོང་ཚོས་རང་ཉིད་ཀྱི་རྒྱལ་ཁབ་ལ་ཤ་ཚ་བྱོས་དེ་མ་འོངས་བོད་ཀྱི་བདེན་སྡུག་ལ་བསམ་ཤེས་བྱེད་མཁན་གྱི་སྲིད་ཀྱི་སྣེ་ཁྲིད་པ་མེད་པའི་ལན་པ་རེད། ཡིན་ཡང་ནམ་ཞིག་ཁོང་ཚོ་ཡང་རྒྱ་ནག་བསླུ་བའི་དུས་ཚོད་ཅིག་ཏན་ཏན་ཤར་ངེས་རེད། སྡུག་ས་ནས་བཤད་པ་ཡིན་ན་རྒྱ་ནག་གི་མངའ་ཁོང་གི་རྒྱལ་ཁབ་ཆུང་ཆུང་ཞིག་ཆགས་ཀྱང་སྲིད་ངེས་རེད། དེའི་ཕྱིར་དུ་ཁོང་ཚོས་གང་ཡང་བྱེད་སྲིད་དོ། བོད་མི་དག་གིས་རང་རང་གི་རྩ་དོན་བསྒྲུབ་པ་ལ་ཡང་བསམ་བློ་སྤྱང་བོའི་སྒོ་ནས་སྤེལ་ཤེས་བྱེད་་རྒྱུ་ནི་དངོས་ནས་གལ་ཆེན་པོ་ཆགས་ཡོད།

    Reply
  2. མདའ་སྨྱུག says:
    ལོ་ 14 སྔོན།

    རྒྱ་གར་དང་བལ་ཡུལ་ལྟ་བུ་ལ་མཆོ༹ན་ན་ཉམས་ཐག་་བོད་ལ་བཀའ་དྲིན་ཧ་ཅང་ཆེ།་སྡང་སེམས་སྐྱེས་དོན་ཞིག་ཨེ་ཡོད།སྤྱིར་བོད་པ་ཆོ༹་ལ་ཡུལ་ཕྱོགས་གང་སར་ནས་འདི་ལྟ་བུ་དམ་དྲགས་བྱས་ན་མ་གཏོགས་རང་ཉིད་ཀྱི་ཕོ་བ་འགྲེངས་རྗེས་སྒྱིད་ལུག་གི་བསམ་བློ་དང་ལྷན་དུ་ཉིན་དཀར་གྱི་རྨི་ལམ་ཁོ་ན་ཅ༹མ་ལས་རང་ཉིད་ལ་རྒྱབ་ཁབ་མེད་པའང་སྔ་མོ་ནས་བརྗེད་ཟིན།དོ་དགོང་འདིར་བརྙན་འཕྲིནསྐུད་ལམ་ཞིག་་ལས་བོད་པའི་གནས་སྟངས་སྐོར་གྱི་གློག་བརྙན་ཞིག་སྟོན་བཞིན་འདུག་གློག་བརྙན་དེའི་ནང་དུ་བོད་པའི་གནད་ཡོད་མི་སྣ་ཁ་ཤས་དང་་ད་དུང་དེར་རྒྱ་རྒན་གསར་འགོད་པ་ཞིག་ལའང་བཅར་འདྲི་བྱས་འདུག
    རྒྱ་རྒན་དེ་འདི་ལྟར་བརྗོད་བྱུང་།
    ༦གོངས་ས་མཆོག་དགོངས་པ་རྗོ༹གས་རྗེས་བོད་པའི་འཐབ་རྕ་ོ༹ད་མཇུག་རྗོ༹གས་པ་ཡིན་ལ་བོད་པའི་གནད་དོན་ཟེར་བ་ཞིག་འཇ༹མ་གླིང་ནང་དུ་གོ་མི་སྲིད་ཟེར།ཡ་ཕྱི་ཡུལ་ན་ཡོད་པའི་དྲ་གྲོགས་ཆོ༹།
    སང་ཉིན་གསུམ་བཅུ་དུས་དྲན་ལ་གྲ་སྒྲིགས་ག་འདྲ་ཡོད།གཅིག་ཅེ་ན་ཁྱེད་ཀྱི་ལས་དཀའ་བྱེད་སའི་སྤྱིན་བདག་རྒྱ་རྒན་ཏེ་དགོངས་པ་སྤྲོད་མི་ཟེར།
    གསུམ་གྱི་དུས་དྲན་ལ་སོང་ན་གཟབ་གཟབ་བྱས་མ་གཏོགས་ལས་དཀའ་ཤོར་འོང་།

    Reply
  3. གངས་ཕྲུག says:
    ལོ་ 14 སྔོན།

    ཕ་རོ་མ་རོ་་་་། བལ་པོའེ་གཞུང་གིས་རྒྱ་དམར་ལ་སྤྲེལ་ལད་འཁྲབ་ཀྱིན་ཡོད་རེད། རྒྱལ་ཁབ་ཐེབས་ཆག་དེ་སྔ་ཕྱི་མ་ཏོག་རྒྱ་འོག་ལ་ཚུད་རྒྱུ་རེད། མ་གཞི་བལ་ཡུལ་ནས་ཡིན་པའི་བོད་པ་མང་པོ་ཞིག་གིས་བོད་སྐད་ཕར་བཞག་ནས་”པ་རེས”སྐད་དེ་རྒྱག་གང་ཐུབ་བྱེད་ཀྱིན་འདུག་པ་དེ་རྣ་བར་ཀྱོན་ནས་འགྲོ་གི་མི་འདུག །

    Reply
  4. གཞིས་ལུས་བོད་པ། says:
    ལོ་ 14 སྔོན།

    བལ་ཡུལ་གཞུང་འདི་ངོ་མ་ཕམ་པར་རྒྱག་འོས་པའི་གཞུང་ཞིག་རེད། འདི་རྒྱ་དམར་དང་ནམ་ཡང་ཁྱི་སྤྱང་ལག་སྦྲེལ་བྱེད་ཀྱིན་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist