ཁམས་དཀར་མཛེས་ས་ཁུལ་དུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་རབས་དང་རིམ་པ་བྱས་ཏེ། འདས་པའི་ཉིན་བཅུ་གྲངས་ནང་མི་དྲུག་ཅུ་ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང༌། ད་ལོའི་སོ་ནམ་ཞིང་ལས་ཀྱང་མཚམས་འཇོག་བྱས་ཏེ། ཚད་གཞི་ཧ་ཅང་མཐོ་བའི་ཞིང་པའི་འཚེ་མེད་ཞི་བའི་ལས་འགུལ་སྤེལ་ཡོད་འདུག
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ བའི་ཐོག་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཐོག དགེ་ལུགས་སྤྱི་འཐུས་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་ཁམས་དཀར་མཛེས་ཁུལ་དུ་ཉེ་ཆར་གསུམ་བཅུའི་དུས་དྲན་ནས་ཞི་བའི་ངོ་རྒོལ་མཚམས་འཇོག་མེད་པར་བྱས་ཏེ། ཉིན་བཅུ་གྲངས་རིང་མི་ ༦༠ ཙམ་འཛིན་བཟུང་དང་རྡུང་རྡེག་ཚད་ལས་བརྒལ་བ་བཏང་འདུག་ལ། དེ་ལ་ཡུལ་མི་ཚོས་བློ་ཕམ་མཚོན་ཆེད། ཞིང་ཁ་འདེབས་ལས་མ་བྱས་པར་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་སྟབས། རྒྱ་གཞུང་གིས་ཞིང་ཁ་འདེབས་ལས་ལ་འགོག་རྐྱེན་བཟོ་མཁན་གྱི་ཉེས་མིང་འོག བསྐྱར་དུ་མི་མང་པོ་འཛིན་བཟུང་དང༌། སྔར་རྒྱུན་བཞིན་ཞིང་ཁ་འདེབས་ལས་བྱ་དགོས་པའི་བཙན་དཀའ་ལག་བསྟར་བྱེད་ཀྱིན་འདུག གནད་དོན་དེའི་ཐད་བོད་གཞུང་བཀའ་ཤག་གིས་ཐུགས་སྣང་བཞེས་དགོས་པའི་འབོད་སྐུལ་ཞུས་སོང༌།
གོང་གི་གནད་དོན་དེའི་ཐད་འདི་གའི་གསར་འགོད་པས་དཀར་མཛེས་ཁུལ་གྱི་འབྲེལ་ཡོད་མི་སྣར་འབྲེལ་བ་བྱས་ཏེ་དོགས་འདྲི་བྱས་པར། དཀར་མཛེས་ཊེ་ཧོར་སྐྱིད་སྡུག་གི་སྐལ་བཟང་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དཀར་མཛེས་རྫོང་ཁོངས་སུ་བོད་མི་ཚོས་སོ་ནམ་ཞིང་ལས་མི་བྱེད་པར་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་སྟབས། རྒྱ་གཞུང་འབྲེལ་ཡོད་ཚན་པས་ཡུལ་མི་ཚོར་ས་ཞིང་འདེབས་ལས་མི་བྱེད་ན། ས་ཞིང་གཞུང་བཞེས་གཏོང་རྒྱུ་དང་ཁྱིམ་མི་འཛིན་བཟུང་བྱ་རྒྱུའི་གསལ་བསྒྲགས་བྱས་ཏེ། ཕྱི་ཚེས་ ༡༩ ཉིན་རྒྱབ་ཆུ་ཚོད་ ༣ ཡས་མས་སུ་མཀར་མཛེས་རྫོང་སྤྱི་བདེ་ཉེན་རྟོག་པས་རྩིས་ཚང་དགོན་གྱི་གྲྭ་རང་ལོ་ ༢༧ ཡིན་པ་བྱམས་པ་དོན་གྲུབ་འཛིན་བཟུང་བྱས་འདུག ཁོང་འཛིན་བཟུང་བྱས་དོན་ཡུལ་མི་ཚོས་ས་ཞིང་འདེབས་ལས་མི་བྱེད་པའི་ངོ་རྒོལ་དེར་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་ཡོད་འདུག
བྱམས་པ་དོན་གྲུབ་ཀྱི་གཅེན་པོ་བཀྲ་ཤིས་རྣམ་རྒྱལ་སྔར་ལོ་ཟླ་ ༣ ཚེས་ ༡༧ ཉིན་གསེར་རྟ་རྫོང་ཁོངས་སུ་བོད་ཀྱི་རྒྱལ་དར་ཕྱར་ཏེ། ཞི་བའི་ངོ་རྒོལ་བྱས་པར་བརྟེན་ས་གནས་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་བྱ་རྒྱུའི་བརྡ་ཐོ་འབྱོར་བར་བརྟེན་ད་ལྟ་བྲོས་བྱོལ་དུ་ཕྱིན་ཡོད་པ་དང༌། གཅེན་མོ་ལྷ་དགའ་ནི་དཀར་མཛེས་སྤང་རི་སྣ་བཙུན་དགོན་གྱི་བཙུན་མ་ཡིན་ཞིང༌། སྔར་ལོའི་ཟླ་ ༥ ཚེས་ ༡༤ ཉིན་དཀར་མཛེས་རྫོང་ཐོག་ཏུ་ཞི་བའི་ངོ་རྒོལ་ནང་ཞུགས་ཏེ་འཛིན་བཟུང་གིས་ཉེ་ཆར་གནས་སྐབས་གློད་བཀྲོལ་བཏང་ཡོད་ཀྱང༌། ཉིན་བདུན་རེའི་མཚམས་སུ་རྫོང་འབྲེལ་ཡོད་སྤྱི་བདེ་ཚན་པར་འབྱོར་ཐོ་འགོད་དགོས། ཁྱིམ་དུ་མ་རྒན་ལོ་དྲུག་ཅུ་བརྒལ་བ་ཞིག་དང༌། བཀྲ་ཤིས་རྣམ་རྒྱལ་གྱི་བཟའ་ཟླ་དང་བུ་ཕྲུག་ཆུང་ཆུང་གཉིས། སྲིང་མོ་བཅས་ལས་ལྷག་མེད་སྟབས་ཁྱིམ་ཚང་ལ་ངལ་ཆེན་པོ་འཕྲད་ཡོད་འདུག ཅེས་དང༌།
ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༥ ནས་ཁམས་དཀར་མཛེས་ས་ཁུལ་དུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བསྟུད་མར་ཐེངས་ ༢༨ ཙམ་བྱས་ཡོད་པ་དང༌། ངོ་རྒོལ་དེ་དག་གི་བརྒྱུད་རིམ་ཁྲོད་བསྡོམས་པའི་གྲྭ་བཙུན་དང་མི་སྐྱ་ ༦༠ ལས་བརྒལ་བ་ད་ལྟ་འཛིན་བཟུང་བཀག་ཉར་འོག་ཡོད་སྟབས། རྒྱ་གཞུང་གིས་ཇི་ལྟར་བཙན་དཀའ་བཏང་སྟེ་ཞིང་ཁ་འདེབས་ལས་བྱེད་དགོས་ཟེར་ཡང༌། ངོ་རྒོལ་ལས་འགུལ་ཁྲོད་སྐྱེས་པ་ན་གཞོན་ཕལ་ཆེ་བ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་སྟབས། ད་ལྟ་གྲོང་སྡེ་སོ་སོར་ཞིང་ཁ་འདེབས་ལས་བྱེད་མཁན་གྱི་མིའི་ནུས་ཤུགས་ཀྱིས་ཀྱང་འདང་དཀའ་བའི་གནས་སྟངས་ཆགས་ཡོད་འདུག
NO2009/310
(བློ་བཟང་ལགས། ཁོང་ཁྲོ་མ་ཟ་རོགས། ཧའ་ཧའ་་་་་)
ཆུ་མིག་ལགས་ཁྱེད་ལ་མི་རིགས་ཀྱི་ལ་ཞེན་འདུག ངས་ཁྱེད་ལ་གོ་བ་ལོག་སྒྲུབ་བྱས་སོང་བས་དགོངས་དག་ཞུ།
མ་ཟད་ཁྱོད་ཀྱིས་དམངས་གཙོ་དང་རང་དབང་ལོག་བཤད་བྱས་པ་ལས་གཞན་གྱི་དམངས་གཙོ་དང་ རང་དབང་འཕྲོག་གིན་འདུག་གོ།
ནོར་བུ་ལགས་གནས་ལུགས་ནི་མིའི་ལེགས་བཤད་དང་ཆུ་ནི་ཉ་ཡི་ལེགས་བཤད།སྐྱག་པ་ནི་ཕག་གི་ལེགས་བཤད་
མ་རེད་དམ།
བློ་བཟང་ལགས། ཁོང་ཁྲོ་མ་ཟ་རོགས། ཧའ་ཧའ་་་་་་་
རྩེ། ཆུ་མིག་དང་། བློ་བཟང་རྣམ་གཉིས་ལགས། ཁྱོད་གཉིས་ཀ་ལ་ནོར་འཁྲུལ་ཤིག་གི་གྲོད་པ་ཙམ་རེ་འདུག དེ་སྨན་ཁང་ཆེན་པོ་ཞིག་གི་ནང་དུ་འགྲོ་ནས་བཤག་བཅོས་བྱས་ན་མ་གཏོགས་ནད་གཞི་ཇེ་ཆེར་སོང་ན་ང་ཚོ་བོད་ཀྱི་ཁྱིམ་ཚང་ནང་དུ་བཀའ་ངལ་ཆེ་རུ་འགྲོ་ས་རེད། ད་དུང་བློ་བཟང་ཁྱོད་རང་གིས་རང་གར་མི་འཇོག་ཁོ་ཐག་ཡིན་ཟེར་བ་དེ་རང་དབང་དམངས་གཙོའི་ལུང་པའི་སྤྱི་ཚོགས་ནང་ཚིག་དེ་ཚོ་བེད་སྤྱོད་དེ་ཙམ་ཡོད་པ་རེད།
སྤྱི་ལ་ཕན་པའི་བསམ་འཆར་འདོན་ན་དགའ་བསུ་ཞུ་རྒྱུ་ལས་དོན་མེད་རྙོག་གླིང་གོང་གི་རྩེད་གླིང་དེ་ལྟ་བུ་ནི་བྱིས་པའི་རྩོད་པ་རང་ལས་བོད་བསྟན་སྲིད་ལ་ཕན་པའི་དགོངས་འཆར་གྱི་དྲི་མ་ཙམ་ཡང་མི་འདུག་པས་ནམ་ཡང་དགའ་བསུ་མི་ཞུའོ།
ལ་རྒྱ་ཁབ་རྩེ་ཙམ་དང་བློ་རྒྱ་ཆུ་མིག་སྐམ་པོ་ཙམ་ལས་མེད་པའི་རྒྱ་མ་བོད་འདི་རིགས་ལ་ང་ཁོང་ཁྲོ་ཟ་གི་འདུག དེ་རིགས་ཀྱིས་ད་ལྟ་བར་བོད་རིགས་ནང་ཁུལ་དཀྲུགས་ཤིང་བརྒྱབ་བྱུང༌། ད་ལྟ་བོད་མི་རིགས་གནས་སྟངས་སྐྱོ་བོ་འདི་འདྲ་ཞིག་གི་འོག་ལ་ཡོད་ཀྱང་ཁོས་དེ་དག་ལ་ཇི་སྙམ་པར་ད་རུང་བཙན་བྱོལ་བོད་གཞུང་གི་སྤྱི་འཐུས་ཀྱི་མིང་ཡོད་པའི་མི་ ཞིག་ལ་མི་ཁ་གཏོང་བ་ནི་བོད་མི་དམངས་ལ་མི་ཁ་བཏང་བ་མ་ཡིན་ནམ།
རྩེ། ཆུ་མིག་སྐྱག་ཟན་ཁྱོད་ནི་ལྟ་མི་ཟོད་མའི་གློག་བརྙན་ཞེས་པའི་ནང་བོད་པས་བོད་པར་བརྡུང་མཁན་དེ་དག་ནང་གི་གཅིག་རེད་ཟེར་ཀྱང་མི་ཆོག་པ་མེད།
བོད་མི་རིགས་ཀྱི་ལ་རྒྱ་མེད་པའི་རྒྱ་སྐྱག་ཟ་མཁན་ཁྱོད། སྡོད་ཐུབ་ན་བཟང༌། མིན་ན་རང་གར་མི་འཇོག་ཁོ་ཐག་ཡིན་ནོ༎
བོད་རྒྱལ་ལོ།
དཀའ་སྡུག་ཚད་མེད་མྱང་དང་མྱོང་བཞིན་པའི་ཤ་ཁྲག་གཅིག་པའི་བོད་མི་རྣམས་ཀྱི་དཀའ་སྡུག་མི་གླེང་བར་ཁྱོད་ཀྱི་ཁ་དང་ངའི་རྣ་ཞེས་རྩོད་མཁན་གྱི་ཀླད་སྟོང་བ་དེ་ཚོར་ད་ནས་བཟུང་ཁ་ཡ་མི་བྱེད་པར་སྨོན། དེ་བས་ང་ཚོས་སྤྱི་འཐུས་བེ་རི་འཇིགས་མེད་ལགས་དང་ཁོང་འདྲ་བའི་རྒྱལ་ཞེན་ཅན་དང་མཉམ་དང་བོད་མི་རིགས་ཀྱི་བདེ་སྡུག་གླེང་ཡ། བོད་པ་ཚོ། བླུན་པོ་ཆུ་སྣ་གང་འཁྲིད་མ་གནང་རོགས་ཞུ།
ན་ནིང་ཁམས་ཀྱི་རྟའུ་རྫོང་ཁོངས་ཀྱི་ཤང་གཅིག་གཉིས་ཤིག་གིས་ས་གནས་དེར་གཏེར་ཁ་སྔོགས་འདོན་ལ་ངོ་རྒོལ་ཆེད་ཟས་བཅད་ངོ་རྒོལ་སོགས་སོགས་ངོ་རྒོལ་གྱི་རྣམ་གྲངས་ཡག་པོ་མང་པོ་སྤེལ་འདུག་ཅིང་ལོ་གཅིག་གི་རིང་ཞིང་ལས་མཚམས་འཇོག་བྱས་འདུག ངས་ནི་ཞིང་ལས་མཚམས་འཇོག་བྱེད་པ་དེ་ངོ་རྒོལ་བྱ་སྟངས་ལེགས་པོ་ཞིག་ཏུ་མཐོང་མ་སོང་།
འཇིགས་བྲལ་བསྟན་འཛིན་ལགས། དེ་ཡིན་ན་ཁྱེད་ཀྱིས་དུས་བབ་རྩོམ་སྒྲིག་པས་བེ་རི་ལགས་ལ་འདོད་པ་ཡོད་མེད་མ་བལྟོས་པར་འདིར་བཀོད་པ་ཞིག་རེད་སྙམ་བཞིན་ཡོད་ན། ཡིན་ན་འང་འདིར་ང་རང་གི་བསམ་ཚུལ་ཙམ་བརྗོད་པ་ཡིན་པས་ནོར་ཡོད་ཀྱང་སྲིད། ཁྱེད་ཀྱིས་བཤད་པ་ལྟར་ཡིན་ན་འང་འབོད་སྐུལ་སྔར་བཞིན་ཡིན།
རྩེ་ཆུ་མིག་ལགས། བོད་ཀྱི་དུས་བབ་གསར་ཁང་ལ་དེ་ལྟར་མི་བྱེད་པའི་རེ་སྐུལ་ཞུ་དགོས་པ་རེད། བེ་རི་འཇིགས་མེད་ཀྱིས་ང་པར་རྒྱབ་ནས་ཁྱབ་བསྒྲགས་བྱེད་རོགས་ཞུས་ཡོད་རྒྱུ་མ་རེད་སྙམ། དེ་ལས་དུས་བབ་སོགས་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་ཚོར་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་སྐུ་དཔར་ཐབས་འཚོལ་གྱིས་མིག་མདུན་དུ་བཤམས་རོགས་ཞུས་ན་མ་རེད་དམ།
ཁམས་དཀར་མཛེས་ས་ཁུལ་དུ་བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་དོར་ཐུབ་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་བགྲང་གིས་མི་ལངས་བ་འདུག དེ་དག་དང་མཉམ་དུ་གདུང་སེམས་མཉམ་སྐྱེད་ཅིག་བྱེད་བསམ་ན་སོ་སོའི་པར་ཅིག་ཁྱབ་བསྒྲགས་བྱོས་པ་འདིར་དགོས་པ་མི་འདུག་སྙམ།