མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་པ་ཞིག་རང་ཤི་བརྒྱབས་འདུག

བོད་ཀྱི་དུས་བབ།
༢༠༠༩/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp
ཕྱི་ཚེས་ ༢༡ ཉིན་གྱི་ཆུ་ཚོད་གཉིས་པ་ཡས་མས་སུ་རང་ལོ་ ༢༨ ཡིན་པའི་རྭ་རྒྱ་དགོན་དུས་འཁོར་གྲྭ་ཚང་གི་མགར་རྩེ་བཀྲ་ཤིས་བཟང་པོ་ལགས་རྒྱ་དམར་གྱི་གདུག་རྩུབ་འོག་རྨ་ཆུར་ལྕེབས་ཡོད་པ་དང་། ཁོང་ཉིན་ཤས་སྔོན་ནས་ཉེན་རྟོག་པས་འཇུ་བཟུང་གིས་འདྲི་གཅོད་བྱས་ཡོད་འདུག་ལ། དེ་རིང་ཁོང་དང་གྲྭ་བ་ཁ་ཤས་ལ་ཉེན་རྟོག་པས་གཅར་རྡུང་ཚད་མེད་བཏང་ནས་ར་སྐོར་ནང་གཡུགས་ཏེ་མི་གཞན་ཞིག་ལ་གཅར་རྡུང་གཏོང་སྐབས་ཁོང་གློ་བུར་དུ་བྲོས་ཐར་ནས་རྨ་ཆུའི་ནང་ལྕེབས་འདུག
དེ་ནི་ད་ལོའི་གསུམ་བཅུའི་དུས་དྲན་སྐབས་སུ་རྭ་རྒྱ་དགོན་པའི་ཚོགས་ཆེན་འདུ་ཁང་སྟེང་བོད་ཀྱི་རྒྱལ་དར་འཕྱར་བ་དང་། དགོན་པའི་གླིང་དུ་ཡི་གེ་བཀྲམས་པ་སོགས་ཀྱི་དོགས་གཞིའི་འོག་ཁོང་དང་གྲྭ་བ་སྐོར་ཞིག་འཇུ་བཟུང་བྱས་པ་ཞིག་ཡིན་འདུག་པ་དང་། ཚེས་༢༡ ཉིན་གྲྭ་བཀྲ་ཤིས་བཟང་པོས་ལག་ཏུ་བོད་ཀྱི་རྒྱལ་དར་ཞིག་འཕྱར་ནས་ཞི་བའི་ངོ་རྒོལ་གྱི་མགོ་རྩོམ་མཁན་ང་ཡིན། ཁོ་ཚོ་གཏོང་དགོས་ཞེས་བརྗོད་པས། གྲྭ་བ་གཞན་ཚོ་གློད་འདུག་པ་དང་། དེའི་རྗེས་ཉེན་རྟོག་པས་ཁོའི་ལག་གི་རྒྱལ་དར་འཕྲོག་ལེན་བྱེད་རྩིས་བྱས་ཡོད་ནའང་། ཁོང་གི་ལག་ཏུ་བོད་ཀྱི་རྒྱལ་དར་ཡོད་བཞིན་དུ་གློ་བུར་དུ་ཕྱི་ལོགས་སུ་བྲོས་ཏེ་རྨ་ཆུའི་ནང་ལྕེབས་ཡོད་པ་རེད། དེའི་རྗེས་སྐྱ་སེར་མང་ཚོགས་སྟོང་ཕྲག་གཉིས་ཙམ་འཛོམས་ནས་རྨ་ཆུའི་ནང་ཁོང་གི་སྐུ་ཕུང་བཙལ་འཚོལ་བྱས་ཡོད་ནའང་། རྙེད་ཡོད་མི་འདུག་ལ། སྐབས་དེར་གྲྭ་པ་འགས་སྣེ་ཁྲིད་དེ་སེར་སྐྱ་ཡོངས་ཀྱིས་བོད་ཀྱི་རྒྱལ་དར་བཟུང་སྟེ། རྭ་རྒྱ་གྲོང་བརྡལ་དུ་ཞི་བའི་ངོ་རྒོལ་བྱེད་པར་ཕྱིན་འདུག་ལ། ད་ལྟ་གནས་སྟངས་ཧ་ཅང་གི་ཛ་དྲག་ངང་ལྷག་ཡོད་འདུག   
          རྭ་རྒྱ་བཀྲ་ཤིས་བཟང་པོ་ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་ནང་མདོ་སྨད་རྭ་རྒྱ་མགར་རྩེ་སྡེ་བའི་ཕ་སྒྲོལ་མ་སྐྱབས་དང་མ་འཕགས་སྒྲོན་གཉིས་ཀྱི་བུ་རུ་སྐྱེས་ཤིང་།  རྭ་རྒྱ་དགོན་དུས་འཁོར་གྲྭ་ཚང་གི་ཆོས་སྒོར་ཞུགས་ཡོད་པ་དང་།  ཤེས་རིག་ནོར་བུའི་གླིང་དུ་ཞུགས་ནས་ལོ་ལྔའི་རིང་གི་སྦྱངས་འབྲས་རྩེར་སོན་དང་བཅས་མཐར་ཕྱིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

མཆན། 19

  1. འབྲོང་བུ says:
    ལོ་ 17 སྔོན།

    གྲོགས་པོ་ལེགས
    ཁྱེད་ཀྱིས་དཔའ་ངར་དང་སྙིང་རྗེ་དུས་ནམ་ཡང་ང་ཚོས་སེམས་ཁུངས་སུ་གནས་་་
    བྱམས་དང་སྙིང་རྗེས་ངང་ནས་ག་ལེར་ཕེབས་་་་་་་

    Reply
  2. རང་རྟོན། says:
    ལོ་ 17 སྔོན།

    ལྕེབས་རྒྱུ་ནི་དེ་བས་ལས་སླ་མོ་ཞིག་ལ་ཡིན།
    ཚང་མས་བསམ་བློ་རེ་ཐོངས་དང་འུ་ཚོར་འགན་འཁྲི་ཅི་ཞིག་ཡོད་དམ་ལགས།

    Reply
  3. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    ཁྱེད་ཀྱི་རིན་ཆེན་ཚེ་སྲོག་གསོན་པོ།།
    ནག་ཕྱོགས་ཀླ་ཀློས་འཆི་ལམ་བརྫངས་ན་ཡང་།།
    ཁྱོད་ཀྱི་མཛད་རྗེས་འོད་ཀྱི་གོང་བུ་དེ།།
    མགོ་ནག་བོད་པའི་སེམས་ནང་ནམ་ཡང་འཚེར།།

    Reply
  4. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    ཁྱེད་ཀྱི་རིན་ཆེན་ཚེ་སྲོག་གསོན་པོ་དེ།།
    ནག་ཕྱོགས་ཀླ་ཀློས་འཆི་ལམ་བརྫངས་ན་ཡང་།།
    ཁྱེད་ཀྱི་མཛད་རྗེས་འོད་ཀྱི་གོང་བུ་དེ།།
    མགོ་ནག་བོད་པའི་སེམས་ནང་ནམ་ཡང་འཚེར།།་

    Reply
  5. བློ་བཟང་མཁྱེན་བརྩེ། says:
    ལོ་ 17 སྔོན།

    རྭ་རྒྱའི་དཔའ་བོ་རབ་མེད་ཆུ་ལ་མཆོངས། །དཔའ་པའི་དཔའ་རྟགས་སྒང་བ་བོད་ལ་བཞག། །སྡུག་གི་འཁུར་བོ་ནང་མི་སྤུན་ཟླར་སྐྱུར།།སྙིང་གི་ཕུར་བུ་བོད་ཀྱི་གཞོན་ནུར་བརྡབས། །

    Reply
  6. བློ་བཟང་མཁྱེན་བརྩེ། says:
    ལོ་ 17 སྔོན།

    ད་དུང་ཕ་ཡུལ་དྲ་ལམ་ན་རྭ་རྒྱ་དགོན་པའི་དགེ་འདུན་དང་དམངས་ཚོགས་ཀྱིས་ངོ་རྒོལ་བྱེད་བཞིན་པའི་དངོས་ཡོད་གནས་ཚུལ་ལག་འཁྱེར་ཁ་པར་ལས་བླངས་པའི་བརྙན་འཕྲིན་ཐུངངུ་ཞིག་ཀྱང་འདུག་པ་དྲ་གྲོགས་ཚོས་ཅིག་གཟིགས་དང༌།

    Reply
  7. བློ་བཟང་མཁྱེན་བརྩེ། says:
    ལོ་ 17 སྔོན།

    དེང་སྐབས་ང་ཚོའི་མགོ་ཐོག་གི་སྡུག་བསྔལ་འདི་དག་ཅི་ཞིག་གིས་ཉེས་པ་ཡིན་ནམ། ང་ཚོའི་ཕ་མེས་ཚོས་བྱས་ཉེས་ཡིན་ནམ། ཡང་ན་ང་ཚོས་མ་འཇོན་རེད། ཉིན་འདི་ཚོར་ངས་སྡུག་གཏམ་བཤད་རྒྱུ་ཅི་ཡང་དྲན་གི་མི་འདུག གསར་འགྱུར་ལ་བལྟས་ན་སེམས་མི་སྐྱིད་ཅིང། མ་བལྟས་ན་བློ་མི་བདེ་བ་ཞིག་རེད།

    Reply
  8. བློ་བཟང་མཁྱེན་བརྩེ། says:
    ལོ་ 17 སྔོན།

    གནས་ཚུལ་འདི་འདྲ་གོ་ཡོང་དུས་དངོས་ནས་བཟོད་ཐབས་མི་འདུག་གི ལས་ཁུངས་སུ་སོང་བ་ལས་ལས་ཀ་ཅི་ཡང་བྱེད་འདོད་མེད་ཀི དངོས་ནས་ང་ཚོ་བོད་མིའི་ལས་དབང་ཟེར་བ་འདི་ཅི་འདྲའི་ཐབས་རྡུགས་ཤིག་རེང་ཨང༌། ད་དུང་དཔའ་བོ་བསྟན་དར་ལགས་ཀྱི་སྐུ་ཕུང་ལ་ཅིག་ལྟོས་དང༌། མིག་ཆུ་དབང་མེད་དུ་ལྷུང་འགྲོ་གི་ སྔ་ལོའི་བོད་ནང་དོན་རྐྱེན་སྐབས་སུ་ང་ལ་བོད་ནང་གི་གནས་ཚུལ་ཐེངས་འགར་བཏང་འབྱོར་བྱུང་བ་མ་ཟད། ད་དུང་གནས་ཚུལ་འདི་དག་ཁྱེད་ཀྱི་ངོ་ཤེས་ཕྱི་རྒྱལ་བ་དངདྲ་གྲོགས་ཚོར་གཏོང་རོགས་ཞེས་བྲིས་འདུག་ལ། ངས་ཀྱང་ཁོང་གིས་བཏང་བའི་གནས་ཚུལ་རྣམས་རེ་རེ་བཞིན་ཕྱི་རྒྱལ་གྱི་གྲོགས་པོ་དང་དྲ་གྲོགས་ཚོར་བཏང་མྱོང༌། རྗེས་ནས་ཁོང་གི་གནས་ཚུལ་མ་ཤེས་ལ་གསར་འགྱུར་ཡང་སྐུར་མཁན་མི་འདུག འོན་ཀྱང་ཁ་སྔོན་དྲ་ལམ་ཁག་ནས་ཁོང་ངོ་སྤྲོད་དང་འབྲེལ་བལྟ་མི་བཟོད་པའི་ཁོང་གི་སྐུ་ཕུང་མཐོང་མ་ཐག ང་ལ་སྐྱུག་མོད་ལངས་པ་ལྟ་བུའི་བཤད་མི་པའི་ཚོར་བ་ཞིག་གིས་དྲ་ངོས་ཀྱི་ཁོང་གི་སྐུ་པར་དང་ཡི་གེ་ཡང་རབ་རིབ་ཏུ་གྱུར་སོང༌། འོན་ཀྱང་མིག་ཆུ་བཞུར་བས་ཅི་ཞིག་ཕན་གི འོ་ན་ངས་ཅི་ཞིག་བྱ་དགོས་པ་རེད། རྔ་བའི་གྲྭ་བ་ཞིག་གིས་རང་ལུས་མེ་རུ་སྒྲོན་སོང༌། རྭ་རྒྱའི་གྲྭ་བ་ཞིག་གིས་རང་ལུས་ཆུ་ལ་ལྕེབས་སོང༌། ད་དུང་ང་ཚོས་མི་ཤེས་མི་མཐོང་ས་ན་རང་རིགས་བོད་མི་རྒན་དར་གཞོན་ནུ་ཚོས་ཅི་འདིའི་དདཀའ་སྡུག་མནར་གཅོད་ཞིག་མྱོང་གི་ཡོད་ན། ལས་རྒྱུ་འབྲས་ཟེར་ནི་ཅི་འདྲའི་ལྐོག་གྱུར་གྱི་གནས་ཚུལ་ཞིག་རེང་ཨང༌།

    Reply
  9. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    དེ་ཡང་དཔའ་བོའི་བྱེད་སྟངས་ཤིག་རེད། ཇི་སྲིད་བར་དུ་རང་རེའི་སྙིང་དབུས་སུ་འཛིན་པར་འོས།

    Reply
  10. བཙན་པོ། says:
    ལོ་ 17 སྔོན།

    དོན་དག་འདྲ་གསར་བ་ད་དུང་ཡོད་རྒྱུ་རེད་མུ་མཐུད་དུ་འགོལ་རོགས་ཞུ་གྲོགས་པོ་ལྷན་རྒྱས་རྣམ་པ་ལགས།

    Reply
  11. བཙན་པོ། says:
    ལོ་ 17 སྔོན།

    རེད་ངོ་མ་རེད་རྭ་ན་རྒྱ་དགོན་པ་ཟེར་བ་སྔོན་ཞིག་ནས་སྐད་གྲགས་ཡོད་པའི་བོད་མདོ་སྨད་ཀྱི་དགོན་པ་ཞིག་རེད། ད་བར་དུ་གོ་རྒྱུ་གྲག་རྒྱུ་མེད་པ་དོན་རྐྱེན་ངན་པ་འདྲ་བྱུང་ཡོད་སྲིད་རྒྱུ་ཞིག་རེད། ཡིན་ན་ཡང་དེ་རིང་གི་དོན་རྐྱེན་འདི་གོ་ནས་ང་ལ་ཡང་དགའ་སྤྲོ་ཞིག་སྐྱེས་སོང་།

    Reply
  12. མདའ་སྨྱུག says:
    ལོ་ 17 སྔོན།

    གླེན་པ་ལུག་གིས་གསུང་་པ་ལ་རྒྱལ་བསྐྱོར་ཡོད།
    ར་རྒྱ་དགོན་པའི་གྲ་བ་འདི་དག་གིས་ལོ་འགས་སྔོན་ནས་བཟུང་བོད་རང་བཅ༹ན་སོགས་ཀྱི་ནང་དོན་འཁོད་པའི་སྤྱར་ཡིག་བཀྲམས་པ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་གཏོང་མཁན་རྒྱ་གཞུང་གི་ལས་བྱེད་ཆོ༹་ལ་ངོ་རྒོལ་བྱས་པ་སོགས་ཆབ་སྲིད་ཀྱི་ལས་དོན་སྣ་མང་ཞིག་་སྤེལ་འདུག
    ངེད་རང་སྟོད་ལུང་བཅོ༹ན་ཁང་དུ་བསྡད་པའི་ལོ་དེར་ར་རྒྱའི་གྲ་བ་དགུ་ཅ༹མ་ཡང་བརྕོ༹ན་ཁང་དེར་འདུག་ལ་གྲ་བ་དེ་དག་གི་རང་མི་རིགས་ལ་བཅིང་པའི་ལྷད་མེད་པའི་བརྕེ་དུང་དེའི་ང་ལ་དངོས་ནས་བློ་རྒྱ་བསྐྱེད་སོང་།
    ཡིན་ནའང་བཅ༹ན་བྱོལ་སྤྱི་ཆོ༹གས་ནང་དུ་ཁོང་ཆོ༹འི་སྐོར་ལ་གསར་འགྱུར་སོགས་གང་ཡང་མཐོང་མ་སོང་།གཅིག་ཅེ་ན་རྒྱལ་གཅེས་ར་རྒྱ་པ་འདི་ཆོ༹ས་བོད་དོན་ལ་འབད་པ་མ་གཏོགས་བཅ༹ན་བྱོལ་སྤྱི་ཆོ༹གས་ནང་དུ་འབད་བཞིན་པའི་ཡུལ་ལུང་བྱེ་བྲག་གི་མིང་ལ་དོ་སྣང་མེད་པ་འདྲ།
    ཁོང་ཆོ༹འི་རྒྱལ་གཅེས་ཀྱི་་སྙིང་སྟོབས་འདི་ལྟ་བུ་ང་ཆོ༹འི་ལོ་རྒྱུས་ནང་དུ་ངེས་པར་དུ་འགོད་ན་འོས་བསམ།

    Reply
  13. གླེན་པ་ལུག says:
    ལོ་ 17 སྔོན།

    རྭ་རྒྱ་ཚང་ལ་སྔོན་མ་ཞིག་ནས་གྲག་འགུལ་མང་པོ་ཡོད། གྲོགས་པོ་ཞིག་གིས་བཤད་པ་ལྟར་ན། སྔ་ལོའི་གསུམ་ཟླའི་ཚེས་༡༦ ཉིན་ཡང་དམག་མི་བརྒྱ་ཕྲག་མང་པོའི་བསྟར་འཕྲེང་གཏོར་ནས་མར་མེ་ཁྲོམ་སྐོར་བྱས་ཡོད་པ་དང་། གྲྭ་བརྩོན་འགྲུས་མཐའ་ཡས་ཟེར་བ་སོགས་ལ་ཟླ་ངོ་མང་པོའི་རིང་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་བྱས་ཏེ་ཤི་མིན་རོ་མིན་བཟོས་ཡོད་མོད། ད་ལོའི་མདོ་སྨད་དབུས་རྒྱུན་ལས་ཁང་གིས་བསྒྲིགས་པའི་ས་བྱི་ཞི་རྒོལ་ཆེན་མོ་ཞེས་པར་རྭ་རྒྱའི་མར་མེ་ཁྲོམ་སྐོར་བྱས་པ་སོགས་བཀོད་མི་འདུག་ཟེར། ཁོས་བཤད་རྒྱུར་བཙན་བྱོལ་ན་རྭ་རྒྱ་ཚོའི་བྱས་རྗེས་ཧམ་འཕྲོགས་བྱེད་མཁན་རབ་རིམ་པར་མང་པོ་བྱུང་ནས་གནས་ཚུལ་རྫུན་སྒྲོག་བྱེད་མཁན་མང་གི་ཟེར། ཁོ་ཚོ་ལ་དེ་འདྲའི་རིགས་ལ་འཇོན་སྟོབས་ཅན་མེད་པ་འདྲ་མོད། ཐེངས་འདིར་གནས་ཚུལ་རག་པ་མགྱོགས་ཤིང་དེ་ཡང་གསལ་ཆ་ཅན་ཞིག་རེད།

    Reply
  14. གཡག་ལྡོམ། says:
    ལོ་ 17 སྔོན།

    གདོང་དམར་པའི་ཕ་གཞིས་དྲན་མོ་ལས་མཆེད་པའི་ལས་འགུལ་ནི་ཇི་འདྲའི་རླབས་ཆེ་ལ་གླེང་རིན་ལྡན་པ་ཞིག་རེད་ཨང༌།
    རྒྱལ་གཅེས་པ་ཁོང་འདས་རྗེས་རྭ་རྒྱ་རུ་དགོན་གཉིས་ནས་སྐྱ་སེར་བརྒྱ་ཕྲག་མང་པོས་བོད་ཀྱི་རྒྱལ་དར་འཕྱར་ཏེ་་རྒྱུས་འགོ་ཤང་སྲིད་གཞུང་དང་མངགས་གཏོང་ཁང་གི་སྒོ་འགྲམ་དུ་ངོ་རྒོལ་ཤུགས་ཆེན་བྱས་ཏེ། སུམ་བཅུའི་དུས་དྲན་སྐབས་རྭ་རྒྱ་དགོན་འདུ་ཁང་ཐོག་ཏུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་པ་འཕྲོགས་འཁྱེར་བྱེད་མཁན་ཤང་ཀྲང་རྒྱུས་སྟོབས་དང་ཤང་མངགས་གཏོང་ཁང་གི་རྒྱ་མི་ལིའ་སོ་ཀྲང་གཉིས་ལ་བོད་ཀྱི་རྒྱལ་དར་འཕྱར་བཅུག་པ་དང༌། བོད་ཀྱི་རྒྱལ་དར་འཕྱར་ན་ཁྲིམས་འགལ་མིན་པའི་མིང་རྟགས་བཀོད་བཅུག་སྟེ་མི་ལོ་ལྔ་བཅུའི་རིང་གི་གཉའ་གནོན་ལ་འཐབ་རྩོད་ཀྱི་དབུ་ཁྱུད་གསར་པ་ཞིག་བསླངས་ཡོད་འདུག

    Reply
  15. སྲེད་མེད་ཀྱི་བུ། says:
    ལོ་ 17 སྔོན།

    ཨ་རོགས་ཚོ། ད་འདུག་གི་མ་བཅུག་ད།

    Reply
  16. གླེན་པ་ལུག says:
    ལོ་ 17 སྔོན།

    གོ་ཚོད་ལ་ད་ལྟ་ཁོའི་ནང་མི་ཚོ་རྭ་རྒྱ་གྲོང་བརྡལ་དུ་འབྱོར་ཡོད་པ་དང་། ཁུལ་དང་རྫོང་གི་མཐོ་རིམ་ལས་བྱེད་པས་མི་དམངས་ལ་བཀག་འགོག་བྱེད་བཞིན་འདུག་པ་དང་། གནས་སྐབས་རང་མི་འཛིན་བཟུང་གི་གནས་ཚུལ་བྱུང་མི་འདུག

    Reply
  17. གླེན་པ་ལུག says:
    ལོ་ 17 སྔོན།

    རང་ཤི་རྒྱག་མཁན་ཇེ་མང་རེད། བོད་ཀྱི་གནས་ཚུལ་ཛ་དྲག་གི་ཕྱོགས་སུ་ཇི་ལྟར་བསྐྱོད་ཀྱི་ཡོད་མེད་ཚོད་དཔགས་ཐུབ་པ་ཞིག་རེད། བོད་རིགས་སྤུན་ཟླ་ཚོ། ལོངས་ཤོག ལོངས་ཤོག

    Reply
  18. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    གནམ་འོག་འདི་ནས་དྲང་བདེན་གྱི་ཞིང་ས་ཞིག་བསྐྲུན་པར་འདི་འདྲའི་དཀའ་ངལ་ཞིག་ཡོད་དོན་གང་ཡིན་ནམ། དངོས་ནས་དྲང་བདེན་ཟེར་བ་ནི་མི་ལ་ཕན་པ་ཞིག་ཡིན་ན་ནི། མི་ལུས་བླངས་པའི་རྒྱ་དམར་བ་དེ་དག་གིས་རང་དང་འདྲ་མཚུངས་ཀྱི་མི་ཉེས་མེད་ཅིག་ལ་འདི་ལྟར་བརྙས་བཅོས་བྱོས་དེ་ཐ་ན་གཅེས་པའི་སྲོག་དང་བྲལ་དགོས་པ་ཞིག་བཟོ་དོན་འདི་བོད་མི་ཡོད་ཚད་ཀྱི་སྙིང་ལ་གྲི་བཙུགས་པ་མ་རེད་དམ། འདས་པོ་འདིའི་ཕྱི་མར་ངན་སོང་ཞིག་མི་མྱོང་བ་ཞིག་གང་ནས་སྐྱེ་བ་དེ་རུ་དྲང་བདེན་དང་ཞི་བདེའི་ཁོ་ན་དོན་དུ་སྐྱེ་བ་ལེན་པར་སྨོན།

    Reply
  19. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    ལ་རྒྱ་ཅན་གྱི་རྭ་རྒྱ་ནས། །
    མགར་རྩེའི་དཔའ་པོས་རང་སྲོག་བཏང་། །
    སྐྱ་སེར་སྟོང་ཕྲག་གཉིས་ལྷག་གིས། །
    སྐུ་ཕུང་འཚོལ་བཞིན་སྡུག་གིས་གཟེར། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese