མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལི་ཐང་དུ་སྐད་འབོད།

བོད་ཀྱི་དུས་བབ།
༢༠༠༩/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp
ལི་ཐང་དུ་སྐད་འབོད།
སླར་ཡང་ཁམས་ལི་ཐང་དུ་གྲྭ་པ་ཞིག་གིས་ཞི་བའི་སྐད་འབོད་བྱས་ཡོད་འདུག
ཕྱི་ཚེས་ ༢༢ ཉིན་ནམ་ཁ་སང་ཉིན་གུང་བོད་ནང་གི་ཆུ་ཚོད་ ༡༡ དང་སྐར་མ་ ༢༠ ཙམ་ལ་ཁམས་ལི་ཐང་མཐིལ་གྱི་རྣ་རོ་ཚོང་ཁང་དང་དགོན་པའི་ཚོང་ཁང་གཉིས་ཀྱི་བར་དུ་གྲྭ་རང་ལོ་ ༡༨ དང་ལི་ཐང་ཨོ་ཐོག་འབྲོག་སྡེའི་རྒྱ་ཤོག་ཧོ་ར་རྒྱ་ཤོག་གི་མ་སྒྲོལ་དཀར་གྱི་བུ་ཆོས་སྐྱོང་ཚེ་རིང་འབོད་པས་ལག་ཏུ་བོད་ཀྱི་རྒྱལ་དར་ཆེན་པོ་ཞིག་བཟུང་སྟེ། བོད་རང་བཙན་ཡིན། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་དུས་ཡུན་སྐར་མ་བཞི་ཙམ་ལ་སྐད་འབོད་དང་ཞི་བའི་ངོ་རྒོལ་བྱས་ཡོད་འདུག
དེ་རྗེས་བོད་ཆས་གྱོན་པའི་རྒྱའི་ཉེན་རྟོག་པས་ཁོང་ལ་རྡུང་རྡེག་ཚད་ལས་བརྒལ་བ་གཏོང་ཞོར་འཛིན་བཟུང་བྱས་འདུག་ལ། ཁ་སང་དགོང་མོའི་ཆུ་ཚོད་ ༨ ཡས་མས་སུ་ཉེན་རྟོག་པས་དགོན་པའི་གཡས་གཡོན་གྱི་ཁྱིམ་ཚང་ཡོངས་སུ་སྔོག་བཤེར་དང་སྡིག་ར་སྣ་ཚོགས་བཏང་འདུག་ནའང་། དེའི་མཚན་དཀྱིལ་ཙམ་ལ་ལི་ཐང་དགོན་པའི་ཉེ་འགྲམ་སོགས་སུ་བོད་རང་བཙན་གྱི་འབོད་ཚིག་འཁོད་པའི་ཡིག་ཆ་མང་བོ་འགྲེམས་སྤེལ་བྱས་འདུག་སྟབས། དེ་རིང་ཞོགས་པ་ནས་བཟུང་དམག་མིས་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་སྟེ། འགྲོ་འོང་གི་འགྲིལ་ལམ་བཅད་པ་མ་ཟད། ཁ་སང་གྲྭ་ཆོས་སྐྱོང་ཚེ་རིང་གིས་སྐད་འབོད་བྱེད་ས་དང་། ཟླ་འདིའི་ཚེས་ ༡༠ ཉིན་ལི་ཐང་དབྲ་བ་ནས་ཡིན་པའི་གྲྭ་བློ་བཟང་དབང་ཕྱུག་གིས་སྐད་འབོད་བྱེད་སར་གཉིས་ལ་ལྕགས་རྩི་སེར་བོས་རྟགས་བརྒྱབ་ཡོད་འདུག
ད་ལྟ་འདི་ལོའི་གསུམ་བཅུའི་དུས་དྲན་སྐབས་ནས་བཟུང་ལི་ཐང་དུ་དམག་མི་ ༢༤༥༠༠ ལྷག་ཡོད་པའི་སྟེང་དུ། དམག་མི་འཕར་སྣོན་གྱིས་དམ་དྲག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་དང་། དེང་རབས་ཀྱི་གོ་མཚོན་ངོམས་འཕྱར་བྱེད་པ་སོགས་མི་མང་འདུག་བཟོད་དཀའ་བའི་གནས་སུ་ལྷག་ཡོད་འདུག

མཆན། 6

  1. དུང་མཚོ་ says:
    ལོ་ 13 སྔོན།

    སྤྱིར་ན་མདོ་དབུས་ཁམས་གསུམ་གྱིས་ལ་རྒྱ་ཅན་གྱི་སྤུན་ཟླ་ཡོངས་དང་དམིགས་བསལ་དུ་ཁམས་ལི་ཐང་གི་དཔལ་རྒོད་རྣམས་ལ་སྔགས་བརྗོད་ཡོད།

    Reply
  2. རང་རྟོན། says:
    ལོ་ 13 སྔོན།

    དཔའ་ངར་ཤོར་མ་མྱོང་བའི་ལི་ཐང་བ།
    གངས་ཅན་པའི་གཟི་བརྗིད་ངོ་མ་ཞིག

    Reply
  3. གངས་རིའི་གླིང་བུ། says:
    ལོ་ 13 སྔོན།

    གཤིན་རྗེའི་སྒོ་དྲུང་དུ་དྲང་བདེན་གྱི་དཔའ་སྐད་སྒྲོགས་པ་དང་།་མེ་མདའི་རལ་ཁ་རུ་སེམས་ནང་གི་ན་ཟུག་ཕྱིར་བཏོན་པ་ནི་ཇི་འདྲའི་བརྗིད་སྙན་ལྡན་པ་ཞིག་དང་ཇི་འདྲའི་དོན་སྙིང་ཅན་ཞིག་རེད།

    Reply
  4. གངས་རིའི་གླིང་བུ། says:
    ལོ་ 13 སྔོན།

    གཤིན་རྗེའི་སྒོ་དྲུང་དུ་དྲང་བདེན་གྱི་དཔའ་སྐད་སྒྲོགས་པ་དང་།་་མེ་མདའི་རལ་ཁརུ་སེམས་ནང་གི་ན་ཟུག་ཕྱིར་བཏོན་པ་ནི་ཇི་འདྲའི་བརྗིད་ཉམས་ལྡན་པ་ཞིག་དང་ཇི་འདྲའི་དོན་སྙིང་ཅན་ཞིག་རེད།

    Reply
  5. གངས་རིའི་གླིང་བུ། says:
    ལོ་ 13 སྔོན།

    གཤིན་རྗེའི་སྒོ་དྲུང་དུ་དྲང་བདེན་གྱི་དཔའ་སྐད་སྒྲོགས་པ་དང་།་་མེ་མདའི་རལ་ཁརུ་སེམས་ནང་གི་ན་ཟུག་ཕྱིར་བཏོན་པ་ནི་ཇི་འདྲའི་བརྗིད་ཉམས་ལྡན་པ་ཞིག་དང་ཇི་འདྲའི་དོན་སྙིང་ཅན་ཞིག་རེད།

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 13 སྔོན།

    ཕོ་ལོ་བཅོ་བརྒྱད་བློ་ནི་ཕ་མི་འདྲི།།
    གསར་རྒོད་དར་མའི་རང་གཤིས་ཡོད་རབས་བཤད།།
    དེ་རིང་ཐོས་པའི་དབའ་རྒོད་ལོ་ཆུང་འདིས།།
    བོད་ཀྱི་བདེན་དོན་ཆེད་དུ་རང་གཅིག་བུ།།
    སྟག་རྒོད་ནགས་ནས་ཤོར་བ་ཇི་བཞིན་དུ།།
    རང་གི་གཅེས་པའི་སྲོག་དང་འཚོ་དགོས་སོགས།།
    རྒྱབ་ནས་བཞག་ནས་བོད་ཀྱི་རང་དབང་དོན།།
    སྐད་འབོད་ཐེངས་ཤིག་བྱས་པའི་དབའ་སྐད་དེ།།
    འཛམ་གླིང་ཁོར་ཡུག་ཟླུམ་པོ་ཅོང་བརྡ་བསྒྲགས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist