མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་གྲོལ་དུས་དྲན་ངོས་ལེན་མེད །

བོད་ཀྱི་དུས་བབ།
༢༠༠༩/༠༣/༢༧
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་དང་གྲོས་ཚོགས་ཁག གཞུང་བཅས་ཀྱིས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་ངོས་ཟིན་གསལ་བོ་བྱུང་ཡོད་པ་ལྟར། རྒྱ་གཞུང་ནས་ཀྱང་ང་ཚོས་དུས་དྲན་འདི་ངོས་ལེན་བྱ་ཐབས་མེད་པའི་རྒྱུ་མཚན་གསལ་བོར་མཁྱེན་རྒྱུ་རེད་བསམ་ཡོད་ཟེར།

 

སང་ཉིན་ཕྱི་ཚེས་ ༢༨ ཉིན་རྒྱ་གཞུང་གིས་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་གྲོལ་བཏང་སྟེ་མི་ལོ་ ༥༠ འཁོར་བ་དང༌། བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་གཉིས་ལྷན་དུ་གཙི་སྲུང་བྱ་འཆར་ཡོད་པའི་ཐད། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཐོག ངོ་རྒོལ་ཡོད་པའི་གྲོས་ཆོད་བཞག་སོང་ལ། དེ་བཞིན། ཉིན་རྒྱབ་ཆུ་ཚོད་ ༢ སྟེང་བོད་གཞུང་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་གིས་རྒྱ་གཞུང་གི་དུས་དྲན་དེར་བོད་གཞུང་དམངས་གཉིས་ནས་ངོས་ལེན་མེད་པའི་གསར་འགོད་གསལ་བསྒྲགས་བསྐྱངས་ཡོད།

 

སྐབས་དེར་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་གིས་གསུངས་དོན། མི་ལོ་ལྔ་བཅུའི་རིང་རྒྱ་གཞུང་གི་གདུག་རྩུབ་དང་བཙན་དབང་འོག བོད་མི་ཚོ་བཙན་བྱོལ་དུ་ཡོང་དགོས་པའི་གནས་སྟངས་བྱུང་ཡོད། རྒྱ་གཞུང་གིས་བོད་ཀྱི་གནད་དོན་དེ་འཛམ་གླིང་ནང་གསལ་བོ་གང་འདྲ་ཆགས་ཡོད་མེད་ལ་མ་ལྟོས་པར། བོད་མིའི་འཚོ་བ་ཡར་རྒྱས་བཏང་ཡོད་ཚུལ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱིན་ཡོད། གལ་སྲིད་དེ་དག་དངོས་ཡོད་ཡིན་ན། ཁ་སང་དང་དེ་རིང་བོད་མི་ཚོ་འཛིན་བཟུང་བཙོན་འཇུག་དང༌། སྡུག་སྦྱོང་མནར་གཅོད་གཏོང་དགོས་དོན་མེད། དུས་དྲན་དེ་ཁྱབ་བསྒྲགས་ཆེད། ད་ལོའི་ལོ་གསར་སྐབས་ནས་བོད་མི་ཚོར་བཙན་གྱིས་སྤྲོ་སྐྱིད་གཏོང་དུ་བཅུག་སྟབས། ངོ་རྒོལ་སྐད་འབོད་དང་འཛིན་བཟུང་བཙོན་འཇུག ཚེ་སྲོག་ཤོར་བ་སོགས་ཀྱི་གནས་སྟངས་བྱུང་ཡོད།

 

༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས། རྒྱ་ནག་གིས་བོད་ནང་ཡར་རྒྱས་བཏང་བ་དང་གནོད་འཚེ་བྱས་པ་གཉིས་བསྡུར་བ་ཡིན་ན། གནོད་སྐྱོན་ཚབས་ཆེན་བཟོས་ཡོད། ཅེས་གསུངས་བ་བཞིན། སྔ་ཕྱི་བར་གསུམ་དུ་བཅིངས་གྲོལ་བཏང་བ་དང༌། འཕེལ་རྒྱས་ཕྱིན་ཡོད་སྐོར་ཀྱི་བསྒྲགས་གཏམ་སྤེལ་གྱིན་ཡོད་ཀྱང༌། རྒྱ་མིས་མཐོང་ཆུང་དང་གནོད་འཚེ་བྱེད་པ། འགྲོ་བ་མིའི་ཐོབ་ཐང་མེད་པ་གསལ་ཡིན་སྟབས། ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཚང་མས་དུས་དྲན་འདི་ལ་ངོས་ལེན་མེད་པ་གསལ་བོ་ཡིན། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་དང་གྲོས་ཚོགས་ཁག གཞུང་བཅས་ཀྱིས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་ངོས་ཟིན་གསལ་བོ་བྱུང་ཡོད་པ་ལྟར། རྒྱ་གཞུང་ནས་ཀྱང་ང་ཚོས་དུས་དྲན་འདི་ངོས་ལེན་བྱ་ཐབས་མེད་པའི་རྒྱུ་མཚན་གསལ་བོ་མཁྱེན་རྒྱུ་རེད་བསམ་ཡོད། ཅེས་གསུངས་སོང༌།

 

 

དེ་བཞིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་ནང་བཀོད་དོན། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་མགོ་བཙུགས་པ་ནས། བོད་དང་ཐའེ་ཝན་གཉིས་གང་མགྱོགས་བཅིངས་གྲོལ་གཏོང་རྒྱུ་ཡིན་ཟེར་ནས་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་ལ། རྒྱ་ནག་དམར་པོའི་སྲིད་གཞུང་གིས་དྲག་གནོན་དང་དབང་བསྒྱུར་བྱས་ཏེ། ཟིང་འཁྲུག་ཞོད་འཇགས་དང་དམངས་གཙོ་བཅོས་བསྒྱུར། གྲལ་རིམ་འཐབ་རྩོད། མི་དམངས་སྤྱི་ཁང༌། རིག་གནས་གསར་བརྗེ། དམག་ཁྲིམས་བསྡམས་པ། རྒྱལ་གཅེས་ཆོས་གཅེས། རྡུང་རྡེག་ཚ་ནན། གསུམ་གཅིག་བཞིའི་དོན་རྐྱེན་ལ་གདོང་ལེན་ཟེར་བ་སོགས་ཀྱི་བྱ་འགུལ་གཅིག་རྗེས་གཉིས་མཐུད་དུ་སྤེལ་བའི་ཁྲོད། བོད་ཀྱི་སྣོད་བཅུད་ཡོངས་ལ་གཏོར་ཚད་ལས་འདས་པ་བཏང་ཡོད་པ་མ་ཟད། བོད་མི་འབུམ་ཕྲག་མང་པོ་རྐྱེན་ལམ་དུ་བཏང་ཡོད།

 

སྤྱི་ནོར་༧གོང་ས་མཆོག་གི་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་མང་ཡོངས་ནས། དུས་རྒྱུན་གཞིས་བཞུགས་ཆོལ་གསུམ་བོད་མི་རྣམས་ཀྱི་འགྱུར་བ་མེད་པའི་ལྷག་བསམ། ཞུམ་པ་མེད་པའི་སྙིང་སྟབས། རྒྱུན་ཆད་མེད་པའི་ཆོད་སེམས། མདོར་ན་ལུས་ངག་གི་ཡིད་གསུམ་ཀྱི་སྐྱིད་སྡུག་མཉམ་མྱོང་གིས་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད་ལ། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གླུ་གར་སྤྲོ་སྐྱིད་སོགས་མཚམས་འཇོག་བྱས་ཟིན་པ་ལྟར། ད་རེབ་རྒྱ་ནག་གཞུང་གིས་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་གྲོལ་ཐོབ་སྟེ། མི་ལོ་ ༥༠ འཁོར་བའི་དུས་དྲན་དང༌། བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ཏེ། མི་ལོ་ ༥༠ འཁོར་བའི་དགའ་སྤྲོའི་དུས་དྲན་གཉིས་དགའ་སེམས་འཁོལ་བའི་ངང་ཕྱི་ཚེས་ ༢༨ ཉིན་གཙི་སྲུང་བྱ་རྒྱུ་ཡིན་ཟེར་དེ་དོན་དངོས་དང་མི་མཐུན་ཞིང༌། གཞིས་བྱེས་བོད་མིའི་མངོན་འདོད་དང་མི་འཚམས་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ངོས་ལེན་མེད་པ་མ་ཟད་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། ཞེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 8

  1. དགའ་བ། says:
    ལོ་ 17 སྔོན།

    ངའི་རྒྱུན་ལྡན་གྱི་ངོས་འཛིན་ནང་དུས་བབ་གསར་ཤོག་འདི་བཙན་བྱོལ་བའི་གསར་ཤོག་ཁག་ནང་གི་གསར་འགྱུར་དག་ཤོས་དང་། སྤུས་ཚད་བཟང་ཤོས། ཚིག་གི་བརྗོད་པ་ཡག་ཤོས་བཅས་སུ་མཐོང་ནས་དགའ་མོས་ཆེ་ཤོས་བྱེད་ཀྱིན་ཡོད། འོན་ཀྱང་བར་ལམ་ནས་ཡིག་ནོར་དང་ཆད་ལྷག་སྣ་ཚོགས་འབྱུང་གི་འདུག་པ་དཔེར་ན། གོང་གསལ་གྱི་འགྱུར་ཉུང་ངུ་འདིའི་ནང་དུ། འགྲོ་བ་མིའི་ཐོབ་ཐང་མེད་པ་གསལ་ཡིན་སྟབས་ཞེས་པ་དང་། བོད་ཀྱི་སྣོད་བཅུད་ཡོངས་ལ་གཏོར་ཚད་ལས་འདས་པ་བཏང་ཡོད་པ་མ་ཟད་ཅེས་པ། སྤྱི་ནོར་༧གོང་ས་མཆོག་གི་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་ཞེས་པ། ཞུམ་པ་མེད་པའི་སྙིང་སྟབས་ཞེས་པ། གཙི་སྲུང་བྱ་རྒྱུ་ཡིན་ཟེར་དེ་དོན་དངོས་དང་མི་མཐུན་ཞེས་པ་སོགས་ལ་གཟིགས་དང་། ནོར་འཁྲུལ་ཅི་ཙམ་འདུག གསར་འགོད་པ་ལགས་འདིའི་ཐད་ཅུང་གཟབ་ན་བཟང་། སྐད་ཆ་འདི་དུས་བབ་གསར་ཤོག་ལ་དང་བ་ཡོད་པའི་མི་ཞིག་གི་ཤ་ཚའི་སྐད་ཆ་ཡིན་པ་ལས་སྡིགས་སྨོད་དང་སྐྱོན་བརྗོད་བྱས་པ་མིན།

    Reply
  2. ཁྲག says:
    ལོ་ 17 སྔོན།

    ཁོ་ལ་དྲ་གྲོགས་྄རྣམས་ཀྱིས་གཟབ་གཟབ་བྱོས།
    ཁ་བ་དཀར་བོ་ཟེར་བ་འདི་དངོས་གནས་རྒྱ་ནག་གི་རྒྱུག་ཁྱི་ཡིན་འདྲ། ཁོས་ཁ་སང་རྒྱ་ནག་གིས་བཤད་ཀྱིན་པའི་སྐད་ཆ་དག་བཤད་ཀྱི་འདུག

    Reply
  3. ཨ་འཇིགས། says:
    ལོ་ 17 སྔོན།

    དྲིན་ཆེན་ཚོ། བཙན་བྱོལ་ལ་མཚོན་ན་སྐུ་དྲག་ཟེར་བའི་དཔོན་པོ་དང༌། མངའ་བདག་དང༌། ས་བདག་ཟེར་བ། བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་ཟེར་བ་མཇུག་རྫོགས་ནས་ལོ་ཡི་འཁོར་མོ་བཅུ་ཕྲག་མང་པོ་ཕྱིན་ཚར་ལ། དེང་སྐབས་ང་ཚོས་ང་ཚོའི་དཔོན་པོ་འདེམས་བཞིན་ཡོད་ལ། ང་ཚོས་ང་ཚོའི་ངོ་ཚབ་གཙང་མ་བྱེད་ཀྱིན་ཡོད་པ་མིག་མཐོང་ལག་ཟིན་རེད། དེ་ལས་བཙན་བྱོལ་བོད་གཞུང་དང་བཙན་འཛུལ་བ་རྒྱ་གཞུང་གཉིས་གདན་ཐོག་གཅིག་ལ་བཞག་ན་ཧ་ཅང་མི་འོས།

    Reply
  4. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    ཡིག་ནོར་རེད། རྒྱ་དཔོན་གྱི་་་་་་

    Reply
  5. གངས་བུ། says:
    ལོ་ 17 སྔོན།

    ང་ཚའོ་ངོས་ནས་འདི་ལྟར་བཤད་དགོས་བ་རེད་བྱ་བའི་དགོས་མཁོ་རེད།

    Reply
  6. གངས་བུ། says:
    ལོ་ 17 སྔོན།

    རྒྱ་ནག་གིས་བོད་ལ་ཞི་བའི་བཅིངས་གྲོལ་མ་རེད་དྲག་པོའི་བཙན་འཛུལ་རེད། ཞིང་བྲན་རྐང་འོག་ནས་ཐར་བ་མ་རེད་སྐུ་དྲག་ཚོའི་རླུང་རྟ་རྒུད་པ་རེད།

    Reply
  7. གངས་བུ། says:
    ལོ་ 17 སྔོན།

    ཁ་བ་དཀར་པོ་ལགས་་ཞིང་བྲན་ཁྲི་ཚོ་བརྒྱ་རྒྱ་དཔོན་ནས་རྐང་འོག་ཏུ་ཡང་བསྐྱར་ལྷུང་བ་རེད་ཟེར་བའི་དོན་མ་གོ་བས་ཡང་བསྐྱར་གསལ་བཤད་ཡོངས་བར་མཁྱེན།

    Reply
  8. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    ཞིང་བྲན་ཁྲི་ཚོ་བརྒྱ་སྐུ་དྲག་ཚོའི་རྐང་འོག་ནས་ཐར་བ་རེད། ཞིང་བྲན་ཁྲི་ཚོ་བརྒྱ་རྒྱ་དཔོན་ནས་རྐང་འོག་ཏུ་ཡང་སྐྱར་ལྷུང་བ་རེད། འདི་ནི་ལོ་རྒྱུས་ཀྱི་དོན་དངོས་རེད། འདི་ལ་བོད་རྒྱ་སུས་ཀྱང་འགྱུར་བ་གཏོང་ཐུབ་ཀྱི་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese