མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱབས་རྗེ་༸པད་ནོར་རིན་པོ་ཆེ་དགོངས་པ་རྫོགས།

བོད་ཀྱི་དུས་བབ།
༢༠༠༩/༠༣/༣༠
Share on FacebookShare on TwitterShare on EmailShare on Whatsapp

སྔ་འགྱུར་བསྟན་པའི་གཙུག་རྒྱན། ཤར་རྒྱལ་བ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་ཁྲི་འཛིན་བཅུ་བཅུག་པ་སྐྱབས་རྗེ་༸གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཚུལ་བསྟན་པ་དང་། ད་ལྟ་སྐུ་ཐུགས་དམ་དུ་བཞུགས་ཡོད་འདུག

ཁོང་ནི་ཕྱི་ལོ་ ༡༩༣༢ ལོར་མདོ་ཁམས་སྤུ་བོ་སྟོད་དུ་སྐུ་བལྟམས་ཤིང་། ཕྱི་ལོ་ ༡༩༤༣ ལོར་དཔལ་ཡུལ་དགོན་དུ་གདན་ཞུས་ཀྱིས་སྐུ་གོང་མའི་གསེར་ཁྲིར་མངའ་གསོལ་རྗེས་མཆོག་སྤྲུལ་ཐུབ་བསྟན་ཆོས་ཀྱི་ཟླ་བས་གཙོས་པའི་དགེ་བའི་བཤེས་གཉེན་དུ་མའི་མདུན་ནས་བཀའ་གཏེར་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་མཐར་ཕྱིན་གནང་། བོད་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས། དེ་རྗེས་ ༡༩༦༣ ལོར་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་རྟེན་དང་བརྟེན་བཅས་གསར་བཞེངས་ཐོག་རྒྱལ་བསྟན་བཤད་སྒྲུབ་ལས་གསུམ་གྱིས་བསྐྱངས། ༡༩༩༣ ལོར་སྔ་འགྱུར་བའི་བླ་ཆེན་ཁག་དང་འདུས་པ་སྤྱི་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་འགྱུར་བསྟན་པ་ཡོངས་རྫོགས་ཀྱི་དབུ་འཛིན་དུ་མངའ་གསོལ་གྱིས་ལོ་བཅུ་ཕྲག་གཅིག་ལྷག་ཐུགས་འགན་བཞེས་ཏེ། རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་བའི་བསྟན་པ་ལ་ཕྱག་རྗེས་བླ་མེད་འཇོག་གནང་མཛད།

ཡིན་ནའང་། སྔ་ལོ་ནས་ཁོང་གིས་སྐུའི་འབྱུང་ཁམས་མི་བདེ་བའི་ཚུལ་བསྟན་ཅིང་། ལྷག་པར་དུ་ཟླ་འདིའི་ཚེས་ ༢༤ ཉིན་སྐུའི་སྙུན་གཞི་ལྕི་རུ་སོང་བར་བརྟེན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ས་བྷེང་ལོར་དུ་སྨན་བཅོས་ཆེད་ཕེབས་དགོས་བྱུང་འདུག་ལ། ཕྱི་ཚེས་ ༢༧ ཉིན་ནམ་བོད་ཟླ་ ༢ ཚེས་ ༡ རེས་གཟའ་པ་སངས་ཉིན་སྨན་ཁང་གི་སྡེ་ཚན་ནང་རྙིང་མའི་བླ་ཆེན་ཁག་དང་གནད་ཡོད་མི་སྣ་ཁག་མཇལ་བཅར་གནང་ཞིང་། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༣ དང་སྐར་མ་ ༣༠ ཐོག་སྨན་ཁང་ནས་ཐེག་མཆོག་རྣམ་གྲོལ་གླིང་དགོན་དུ་རྒྱ་གར་ས་གནས་སྐོར་སྲུང་བས་དམིགས་བསལ་མི་སྣའི་ཆེ་མཐོང་དང་ལྟ་རྟོག་འོག་ཛ་དྲག་གི་རླངས་འཁོར་ཐོག་གདན་འདྲེན་གྱིས་ཕྱི་དྲོའི་ཆུ་ཚོད་ ༦ དང་སྐར་མ་ ༤༠ ཙམ་ལ་དགོན་པར་ཞབས་སོར་འཁོད་ཅིང་། དགོན་པའི་མཁན་པོ་བླ་སྤྲུལ་ལས་བྱེད་ཡོངས་ཀྱིས་མཇལ་བཅར་གྱིས་གསོལ་འདེབས་སྨོན་ལམ་ཞུས་སྐབས་སྐུས་ཞལ་མཛུམ་མདངས་མཛད་པ་སོགས་ཟུག་རྔུའི་རྣམ་པ་ཅི་ཡང་མེད་པའི་ཐོག་དགོང་མོའི་ཆུ་ཚོད་ ༨ དང་སྐར་ ༢༠ ཐོག་གདུལ་བྱ་རྟག་འཛིན་ཅན་གྱི་ངོར་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཚུལ་བསྟན་ཅིང་ ད་ལྟའི་ཆར་ཐུགས་དམ་དུ་བཞུགས་བཞིན་བླ་ཆེན་ཁག་གི་ཞལ་བཀོད་ལྟར་སྐུའི་ཞལ་སློབ་རྣམས་ཀྱིས་དགོངས་རྫོགས་ཀྱི་མཆོད་འབུལ་ཞུ་བཞིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

སྐར་མ ༢ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༧ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༨ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༩ སྔོན་ལ།

མཆན། 18

  1. tenpa says:
    ལོ་ 16 སྔོན།

    བླ་མ་མཁྱེན་ནོ།
    པད་ནོར་རིན་པོ་ཆེ་མཁྱེན་ནོ།

    Reply
  2. Tenpa Nyima says:
    ལོ་ 16 སྔོན།

    Hi Gangthuk, actually you have not read carefully Sha Tak Rusum’s comments. He simply wanted to know whether H.H Penor Rinpoche recognized famous actor as a reincarnation or not. That’s ok. It’s good question.
    I also thought who is the one finder actor as Rinpoche.
    Hope H.H penor Rinpoche will rebirth as soon as for all the sentient beings.
    Nyima.

    Reply
  3. གཞིས་ལུས་བོད་པ། says:
    ལོ་ 16 སྔོན།

    གྲུབ་དབང་༧པད་ནོར་རིན་པོ་ཆེ་ནི་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་ཞིག་ཡིན་པས་བོད་ནང་ནས་ཀྱང་དཔེར་ན་གོ་འཇོ། སྡེ་དགེ དཔལ་ཡུལ། བྲག་འགོ གསེར་རྟ། རྒྱལ་རོང་། མགོ་ལོག སོགས་ཡུལ་གྲུ་མང་པོ་ན་དགོན་པ་དང་ཡུལ་སྡེ་མྱ་ངན་ཞུ་མཁན་དང་འདས་མཆོད་འཚོགས་མཁན་འདུག །

    Reply
  4. གངས་རི། says:
    ལོ་ 16 སྔོན།

    རྗེས་དྲན་སྣང་བ་དཀར་བོ།

    རང་བཞིན་དག་པའི་སྐུ་ལ་འདས་འཁྲུངས་ཐ་སྙད་མ་མཆིས་ཀྱང་།།
    ཟབ་གསལ་ཤེས་རབ་འཇུག་པ་གདུལ་བྱའི་དོན་དུ་སྤྲོས་པའི་ཕྱིར།།
    གསུང་དབྱངས་སྙན་པའི་ཆོས་སྒྲ་རེ་ཞིག་བྲལ་བའི་ཚུལ་འདི་ཡིས།།
    བློ་ལྡན་ཆོས་ཀྱི་སྤྲིན་ཀློང་དགའ་བའི་མྱོས་པར་ཚུལ་འདིར་རོལ།།

    ཨེ་མ་སྐྱོ་བའི་ཚེ་ན་ཡིད་ཀྱི་རི་བོར་དཔྱིད་མདངས་བབས།།

    དད་པའི་སྣང་བར་རོལ་བའི་བློ་ལྡན་བློ་ཡི་དཀྱིལ་འཁོར་ལ།།
    འཁྲུངས་འདས་ཚུལ་ཙམ་ཅི་ཡང་མ་ཡིན་རྟག་ཏུ་བྱིན་ཉིད་ལ་རོལ།།

    Reply
  5. གངས་ཕྲུག says:
    ལོ་ 16 སྔོན།

    དུས་རབ་ཀྱི་རྣལ་འབྱོར་བ་ལཊ། gangthuk ཟེར་བ་དེ་དང་ང་གཉིས་མི་གཅིག་གི ང་ལ་ཤོད་ཀྱི་ཡོད་ན་ནི་ངས་gangthuk ཟེར་བ་དེར་གནས་ལུཊ་བཤད་པ་མ་གཏོགས་ཚིག་མཚོན་འཕངས་པ་མེད། ང་ལ་བཤད་མིན་ན་ནི་དགོངས་པ་མ་འཚོམ།

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    དྲ་གྲོགས་དབྱིན་ཡིག་འབྲི་མཁན་ལགས། འདི་ནི་བོད་ཡིག་གི་དྲ་ཚིགས་ཡིན་པ་མ་ཟད། དབྱིན་ཡིག་འབྲི་མཁན་ལ་དགའ་བསུ་མེད་ལ་དེ་བས་ཀྱང་ཉིད་ཀྱིས་སྐད་ཆ་གོ་ལོག་དེ་འདྲ་ལ་དེ་བས་དགའ་བསུ་མི་བྱེད། ཞོར་འཕྲོས་སུ་དྲ་གྲོགས་དགེ་མཐོང་ལགས། ཁྱེད་རང་གི་ཁ་བརྡ་སློབ་གསོ་གནང་བ་དེར་ཐུགས་རྗེ་ཆེ། ངས་བླ་ཆེན་འདི་བ་ཚང་ལ་སྐྱོན་བརྗོད་བྱེད་ཀྱི་མེད་པ་མ་ཟད། དད་པ་ཡང་བྱེད་མྱོང་མེད། འོན་ཀྱང་། ང་རང་གིས་གོང་གི་དྲི་བ་དེ་ནི་བླ་མ་སུས་གློག་བརྙན་འཁྲབ་མཁན་སྐད་གྲགས་ཅན་ཞིག་རྙིང་མའི་བླ་ཆེན་ཞིག་ལ་ངོས་འཛིན་བྱས་པ་དེ་ཤེས་འདོད་གཅིག་བུ་ལས་གཞན་བཀུར་འདེབས་ཟེར་བ་དང་གུས་བརྩི་མེད་པའི་སྐད་ཆ་དང་རྙིང་མའི་ཆོས་བརྒྱུད་ལ་དམའ་འབེབས་བྱེད་འདོད་དེ་འདྲ་རྩ་བ་ནས་སེམས་ནང་དུ་མེད་དོ། ང་རང་ལྟ་བུ་ཞིག་གིས་དུས་ནམ་ཡང་རང་གི་ཆོས་བརྒྱུད་ཆེན་པོ་ལྔ་ལ་བཀུར་འདེབས་བྱེད་འདོད་ཀྱི་བློ་ཞིག་སྐྱེ་མྱོང་མེད་པ་མ་ཟད། དག་སྣང་ཀྱང་ཁྱེད་ཅག་ལས་ཀྱང་ཚད་མཐོ་བོ་དེ་འདྲའི་སྤྱོང་མ་ཐུབ་ཀྱང་། དམའ་འབེབས་དེ་འདྲའི་བྱེད་འདོད་ཀྱི་ཀུན་སློང་སེམས་ནང་དུ་ཤར་མ་མྱོང་ངོ།

    Reply
  7. དུས་རབ་ཀྱི་རྣལ་འབྱོར་བ། says:
    ལོ་ 16 སྔོན།

    ཁྱེད་གངས་ཕྲུག་ངོ་མ་ཞིག་ཡིན་ན་ཚིག་གི་མདའ་མཚོན་འདི་དག་ཁ་ནང་དུ་མ་གཏད་ན་ཨི་ཆོག་གི གཞན་སྐྱོན་འཚོལ་བའི་ཐུར་མ་འདི་ཁྱེར་ལ་རྒྱ་གུང་ཁྲན་དམར་པོའི་སྐྱོན་མཚང་བྲུས་ལ་ཤོག ཨེ་གོ་གངས་ཕྲུག

    Reply
  8. སེམས་བཟང་ says:
    ལོ་ 16 སྔོན།

    Gangthuk ཡ་སྐུ་ཞབས། ཁྱོད་ཀྱི་དབྱིན་ཡིག་འཕྲིན་ཐུང་དེའི་ནང་ཚིག་འདྲ་མིན་བེད་སྤྱད་དེ་བོད་ཀྱི་དུས་བབས་སྨྱུག་གྲོགས་ཚོར་དམའ་འབབ་དང་མཐོང་ཆུང་བྱས་འདུག་པས་ཕལ་ཆེར་ཁྱེད་ཀྱིས་བོད་ཡིག་ཡག་པོ་ཤེས་ཀྱི་མེད་པ་འདྲ།
    གང་ལྟར་ཁྱེད་ཀྱིས་བེད་སྤྱད་པའི་ཚིག་ངན་དེ་དག་གིས་ཁྱོད་རང་མི་དྲི་མི་བྲོ་བའི་སྤྱི་ཚོགས་ཁྲག་ལྟར་དཀྲུག་མཁན་གྱི་གཏེ་རྒན་ཞིག་ཡིན་པར་འབྲེལ་བརྗོད་བྱས་འདུག
    རྗེས་ཕྱོགས་སུ་གཟབ་གཟབ་བྱོས་ན་ལེགས།

    Reply
  9. གངས་བུ། says:
    ལོ་ 16 སྔོན།

    Gangthuk ཟེར་བ་འདི་ནི་བོད་རིགས་ཞིག་ཡིན་མིན་མི་ཤེས་ཡང་ཁྱོད་ཀྱིས་བོད་ཡིག་མི་ཤེས་བའམ་དོན་མི་གོ་ན་དབྱིན་ཡིག་གི་ཚིག་རྫོབ་དེ་འདྲ་བོད་ཀྱི་དུས་བབ་དྲ་ངོས་སུ་མ་བཀོད་ན་ཡག་ཤས་ཆེ། སྤྱིར་བོད་ཀྱི་སྤྲུལ་སྐུ་ཟེར་བ་དེ་བོད་རིགས་ནང་ཁུལ་ནས་མ་གཏོགས་འཁྲུངས་མི་ཆོག་པ་ཞིག་གཏན་ནས་མིན་པས་དེ་ལྟར་དགོངས་འཇག་འཚལ། གོང་གི་ཚིག་དེ་འདྲ་ཞིག་གིས་ང་ཚོ་དམྱལ་བར་འགྲོ་ཆོག་ཆོག་ཡིན་ན་དེ་ལས་ལྡོག་ན་མཐོ་རིས་སུ་སྐྱེས་ཆོག་ཆོག་ཡིན་ངེས་རེད། དེ་རིང་ངས་འདི་ནས་སྐྱག་པ་ལ་ལག་པ་འཆང་ན་སྐྱག་དྲི་བྲོ་ལས་གཞན་མི་འདུག་པས་འདི་མུར་འཇོག་རྒྱུ་ཡིན།

    Reply
  10. གངས་ཕྲུག says:
    ལོ་ 16 སྔོན།

    Gangthuk ཟེར་བ་ཁྱོད་བོད་ཡིག་ཤེས་ན་བོད་ཡིག་ཕྲིས། འདིར་དབྱིན་ཇི་ལ་དགའ་བསུ་མེད་པ་མ་ཟད་ངོ་རྒོལ་ཡོད། “ཀ་ཅ་”དངོས་གནས་ཁྱོད་རང་རེད་འདུག། པད་ནོར་རིན་པོ་ཆེས་་གློག་བརྙན་འཁྲབ་མཁན་སྐད་གྲགས་ཅན་Steven Seagal རྙིང་མའི་བླ་མར་ངོས་འཛིན་གནང་བ་རེད།

    Reply
  11. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ནོར་བཅོས་ཕོག་ཐུག་མ་བཏང་ན

    Reply
  12. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ཤ་ཁྲག་རུས་གསུམ་ལགས།
    ད་ལྟ་བླ་མ་ཁོང་སྐུ་མྱང་ངན་ལས་འདས་པས་ཚུལ་བསྟན་མ་ཐག་ལ་དེ་འདྲའི་སྐད་ཆ་མ་གླེང་ན་ཡག་པོ་རེད། ང་ཚོ་སྔ་འགྱུར་རྙིང་མའི་བླ་མ་གལ་ཆེན་ཞིག་ཡིན་པ་རེད། ཁྱོད་ཀྱིས་མང་པོ་ཞིག་མི་ཤེས་ན་ཡང་གྲུབ་མཐའ་བོད་ཀྱི་རྒྱུན་སྲོལ་དེ་ཚོ་མ་བརྗེད་ཡག་ལ། ཁྱོད་ལྟ་བུ་ཞིག་གིས་རྙིང་མའི་དགེ་འདུན་པ་མང་བོ་དང་མི་སྐྱ་གང་མང་ཞིག་ལ་ཕོག་ཐུག་བཏང་ན་བཟང་ནི་རེད་སྙམ་གི ངས་ཁྱོད་ལ་ཤ་ཚ་བའི་སྐད་ཆ་ཡིན།

    Reply
  13. Gangthuk says:
    ལོ་ 16 སྔོན།

    hey bod sha tha ruesum. what are you talking about? i think you are really new commer crazy kacha one. you know the h.h the penor rinpoche? dont try to pull our greatest yogi rinpoche. i am pretty sure that you are dafinetly go to hell soon as possible. dont put this kind of stupid topic.

    Reply
  14. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    བླ་ཆེན་འདི་བ་ཚང་གིས་གློག་བརྙན་འཁྲབ་མཁན་སྐད་གྲགས་ཅན་ཞིག་རྙིང་མའི་བླ་ཆེན་ཞིག་གི་སྐུ་སྤྲུལ་དུ་ངོས་འཛིན་བྱས་རབས་ཤིག་ཞིག་གོ་རྒྱུ་འདུག་ན་དེ་ནི་བདེན་པ་ཡིན་ནམ། ཤེས་མཁན་ཡོད་ན་ལན་གསལ་བོ་ཞིག་གནོང་རོགས་ཞུ།

    Reply
  15. བློ་བཟང་མཁྱེན་བརྩེ། says:
    ལོ་ 16 སྔོན།

    སྔ་འགྱུར་རྙིང་མ་ཚང་མ་ཟད། གངས་ཅན་བོད་ཀྱི་གྱོང་གུན་ཞིག་རེད། དངོས་ནས་ཕངས་པ་ལའང༌།

    Reply
  16. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 16 སྔོན།

    ཨའུ་ད་ཡིན་ན་བོད་གངས་ཅན་ལྗོངས་ལ་བསྟན་འཛིན་གྱི་སྐྱེ་བུ་ཞིག་མེད་པ་ཆགས་པ་རེད་ཕམ་པ་ལ་བྱས་ན་བླ་སྤྲུལ་ན་གཞོན་དེ་ཚོས་འགན་འཁྱེར་དགོས་པ་མ་ཟད་དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་རྗེས་སུ་སྐྱོངས་དགོས་པ་དེ་གལ་ཆེ་མ་རེད་པས།

    Reply
  17. གཞིས་ལུས་བོད་པ། says:
    ལོ་ 16 སྔོན།

    ཇི་འདྲའི་ཕངས་པ་ལའང་། ནམ་ཡང་ཁོང་ལ་རྗེས་དྲན་ཞུ།

    Reply
  18. ཁྲག says:
    ལོ་ 16 སྔོན།

    ཨ་ཧོ། བསྟན་པའི་ཀ་ཆེན་ཞིག་འགྱེལ་སོང༌། ཁོ་ནི་སྔ་འགྱུར་བ་ཚང་གི་ཡོད་ནོ་ཡིན། ནང་སྒོས་སུ་བོད་གངས་ཅན་པ་ཚང་གི་ཡོད་ནི་ཞིག་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese