མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གུ་རུའི་སྐུ་བརྙན་ཞིག་ཁྲོས་འདུག

བོད་ཀྱི་དུས་བབ།
༢༠༠༩/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

གུ་རུའི་སྐུ་བརྙན་ཞིག་ལ་ཐུགས་ཁྲོས་པ་དང་བཤུམས་པ། ཞལ་མདངས་ཤོར་བ་སོགས་ཀྱི་མཇལ་སྣང་བྱུང་འདུག

 

ལྷོ་ཕྱོགས་རྣམ་གྲོལ་གླིང་དགོན་པའི་ཟངས་མདོག་དཔལ་རིའི་མཆོད་རྟེན་གྱི་འདུ་ཁང་ནང་སྟོན་པ་ཐུབ་པའི་དབང་བོ་དང་གུ་རུ། འཇམ་པའི་དབྱངས་སོགས་སྐུ་བརྙན་ཆེན་པོ་བདུན་བཞེངས་སྐྲུན་བྱས་ཡོད་པ་ལས། ཕྱི་ཚེས་ ༣༠ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦ ཡས་མས་སུ་དགོན་པའི་གྲྭ་པ་རྣམས་ཀྱིས་གུ་རུ་རིན་པོ་ཆེའི་སྐུ་བརྙན་དེའི་ཞལ་མདངས་ཤོར་བ་དང་སྐུ་བཤུམས་པ། སྤྱན་ཆབ་ཤོར་བ། ཐུགས་ཁྲོས་པ་སོགས་ཀྱི་མཐོང་སྣང་སྣ་ཚོགས་བྱུང་འདུག་ལ། དེ་རྗེས་དགོང་མོའི་ཆུ་ཚོད་ ༡༠ ཙམ་ལ་དགོན་པའི་འདུ་ཁང་སྒོ་ཕྱེས་ཏེ་གྲྭ་བཙུན་རྣམས་མཇལ་ཁ་ཞུ་རུ་བཏང་བས། ནམ་རྒྱུན་ལྟར་མིན་པར་དངོས་གནས་དྲང་གནས་ཞལ་ལ་མཇལ་སྐབས་ཞལ་ཁྲོས་པ་འདྲ་བོ་དང་། ཐུགས་ཕམ་བྱུང་བ་ལྟ་བུ་སོགས་མང་ཆེ་བར་དེ་འདྲའི་མཇལ་སྣང་བྱུང་འདུག་ཅེས་རྣམ་གྲོལ་གླིང་དགོན་པའི་མཁན་པོ་ཚེ་དབང་རྒྱ་མཚོ་མཆོག་གིས་འདི་གའི་གསར་འགོད་པར་གསུངས་བྱུང་།

དེ་བཞིན་ཁོང་ལ་ཐེངས་འདིར་༸པད་ནོར་རིན་པོ་ཆེ་མཆོག་ནས་སྐུ་གཤེགས་པའི་ཚུལ་བསྟན་ནས་ཉིན་གཉིས་ལས་ཕྱིན་མེད་སྟབས། དེ་ལ་དམིགས་བསལ་རྟགས་མཚན་བྱུང་བ་ཡིན་མིན་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། སྤྱིར་བཏང་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་བླ་མ་རྩ་ཆེན་པོ་དེ་འདྲ་སྐུ་གཤེགས་དུས། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། བྱེ་བྲག་ཏུ་ང་ཚོ་རྣམ་གྲོལ་གླིང་དགོན་པར་མཚོན་ན་རྩ་བའི་བླ་མ་ཟེར་ན་འདྲ། མགོན་སྐྱབས་ཟེར་ན་འདྲ། བླ་མ་སྐྱེས་བུ་དམ་པ་ཁོང་སྐུ་གཤེགས་པས་ང་ཚོ་མི་མང་དང་ཁོང་གི་རྗེས་འཇུག་པ་དག་བློ་ཕམ་ཡོང་བས་མི་ཚད། ལྷ་དེ་འདྲ་ཡང་ཐུགས་ཕམ་བྱུང་བའི་རྟགས་མཚན་རེད་སྙམ་པ་བྱུང་། ཞེས་གསུངས་བྱུང་།
ཕྱི་ཚེས་ ༣༡ ཉིན་སེར་སྐྱ་མི་མང་ཡོངས་ཞལ་མཇལ་ཞུ་རུ་བཏང་ཡོད་འདུག

མཆན། 21

  1. ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    ས་པཎ་ཀྱིས་སྡོམ་གསུམ་རབ་དབྱེ་སོགས་སུ་འདྲ་སྐུ་ལས་མཆི་མ་འཛགས་པ་སོགས་བཀྲ་མི་ཤིས་པའི་རྟགས་སུ་བཤད་པ་ལྟར་ན་གྲུབ་དབང་མཆོག་སྐུ་གཤེགས་པ་འདིས་བསྟན་འགྲོ་ལ་བཀྲ་མི་ཤིས་པའི་གནས་ཚཱུལ་ཞིག་ལྷགས་པ་དེ་མཚོན་པ་ལོས་ཡིན།

    Reply
  2. ང་དུར་ཁྲོད། says:
    ལོ་ 14 སྔོན།

    དངོས་བྱུང་བདེན་པའི་བྱང་བུ་ས་རུ་འབྱར་ཏེ།།
    ལོ་ཟླའི་རི་མོ་དག་སྣང་མཁའ་རུ་འཁྱིལ་དུས།།
    ལྷ་ཡང་མིག་ཆུ་ཤོར་བའི་ནམ་ཟླ་ཞིག་ལ།།
    དངོས་བདེན་རྩོད་པའི་རྣམ་པ་དགོས་པ་མི་འདུག

    ྄མཐོན་པོ་བླ་མའི་ཞལ་རྫུན་གསུངས་པ་མ་ཡིན།།
    བླ་རྒན་འགའ་ཡིན་རྫུན་བཟོ་བྱས་པ་མ་རེད།།
    སོ་སོའི་སྣང་བའི་གཉེར་མ་མ་བསྡུས་བར་དུ།།
    ཁྱོད་ཀྱིས་མཐོང་བ་གཞན་གྱིས་མཐོང་དགོས་མེད་ཨང་།།

    Reply
  3. གངས་རིའི་གླིང་བུ། says:
    ལོ་ 14 སྔོན།

    ལྷ་ངུ་ན་ཐམས་ཅད་ངུ་མི་་དགོས་ལ་མི་ངུ་ན་མི་ཐམས་ཅད་ངུ་མི་དགོས་སོ།

    Reply
  4. bodpayin says:
    ལོ་ 14 སྔོན།

    ངས་བོད་མི་རྣམས་ལ་དམིགས་བསལ་ཀྱིས་ཁྱད་གསོད་དང་དམའ་འབེབས་བྱེད་འདོད་པ་མིན་ཡང་། གུ་རུ་རིན་པོ་ཆེ་ཟེར་བ་འདི་དོན་དངོས་ཀྱི་ཆ་ནས་དེ་འདྲའི་མཐུ་སྟོབས་ཅན་ཞིག་ཡིན་ན། བོད་ནང་དུ་བོད་མི་མང་དག་ཅིག་གིས་ཁོ་ལ་སྐྱབས་སུ་བརྟེན་ནས་ཉིན་མཚན་ཀུན་ཏུ་གསོལ་འདེབས་དང་མཆོད་འབུལ་གྱི་རྒྱུན་མ་ཆད་པར་ཡོད་ན་ཡང་། བོད་མི་རྣམས་ཉིན་རེ་ནས་དཀའ་སྡུག་ཇེ་ཆེ་ནས་ཇེ་ཆེ་རུ་འགྲོ་བཞིན་འདུག འདི་ཅི་ཡིན་ནམ།

    Reply
  5. ནོར་བུ། says:
    ལོ་ 14 སྔོན།

    ཁྱོད་ཚོས་འདི་ལྟར་རྩོད་པ་ཞིག་རྒྱག་དོན་གྱི་འབྲས་བུ་ཅི་ཞིག་གི་ཆེད་དུ་རེད། དེ་ལས་དད་པ་ཡོད་ན་གསོལ་བ་ཐོབ། དད་པ་མེད་ན་དག་སྣང་སྦྱོངས།

    Reply
  6. གནས་ཚང་། says:
    ལོ་ 14 སྔོན།

    ཇི་སྐད་དུ་མཁས་དབང་དགེ་ཆོས་ཀྱི་ཞལ་ལས།

    ལ་རེ་རྒྱབ་ཏུ་མི་མཐུན་ཆོས་ལུགས་རེ།
    དེ་ཡི་རྒྱབ་རྟེན་རྡོ་རྗེ་བཀའ་ལུང་རེ།
    འདི་ཉིད་བདེན་ལ་དེ་ཡིས་མི་བསླུ་ཞེས།
    རིགས་མཐུན་ཚོགས་ལ་སྨྲས་ན་ཉམས་རེ་དགའ།
    མི་མཐུན་ཚོགས་ཀྱིས་ཐོས་ན་ཞེ་རེ་ཁྲེལ།

    Reply
  7. གངས་བུ། says:
    ལོ་ 14 སྔོན།

    སྤྱིར་བོད་ཀྱི་བླ་ཆེན་ཞིག་མྱ་ངན་ལས་འདས་བའི་ཚུལ་བསྟན་པ་ཙམ་གྱིས་གུ་རུ་རིན་པོ་ཆེ་ཁྲོས་བའི་རྣམ་འགྱུར་སྟོན་དགོས་བའི་རྒྱུ་མཚན་གང་ཡིན་ནམ། བླ་ཆེན་འདི་ཞལ་བཞུགས་པའི་སྐབས་སུ་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་དུ་བཏང་མང་དྲག་པས་ཡིན་ནམ། དྲ་གྲོགས་ཚོར་ད་ཐེངས་གུ་རུ་རིན་པོ་ཆེ་ཁྲོས་བ་དང་བཤུམས་པའི་མཛད་པ་སྟོན་དགོས་དོན་གང་རེད། གནས་ལུགས་དང་མཐུན་པའི་སྒོ་ནས་འབྲེལ་བཤད་རེ་རྒྱག་རྒྱུ་མཁྱེན།

    Reply
  8. གངས་བུ། says:
    ལོ་ 14 སྔོན།

    དགོངས་དག་ཡིག་ནོར་ཞིག་ཐེབས་སོང་།

    Reply
  9. གངས་བུ། says:
    ལོ་ 14 སྔོན།

    དེང་སྐབས་ས་དགེ་བཀའ་རྙིང་དགོན་པ་གང་སར་གུ་རུའི་སྐུ་བརྙན་མེད་ས་ཞིག་མེད་པས་འདི་དག་ཐམས་ཅད་མ་བཤུམས་པ་དང་ཐུགས་མ་ཁྲོས་བ་དེ་ཡ་མཚན་རེད ། རྡ་སའི་གཙུག་ལག་ཁང་དུའང་སློབ་དཔོན་གྱི་སྐུ་བརྙན་དམིགས་བསལ་ཅན་ཞིག་ཡོད་ན་ཁོང་གི་ཐུགས་དེ་འདྲ་སྐྱོ་བ་དང་ཁྲོས་བའི་རྣམ་པ་ཞིག་མེད་པས་དེ་ལས་ཀྱང་ཡ་མཚན་པ་ཞིག་རེད ། གུ་རུ་ཁྱོད་ཀྱིས་བོད་ཁམས་ལ་བཏང་སྙོམས་སུ་གཟིགས་ཡོད་ན་བོད་ཁམས་ཀྱི་དད་པ་དམ་ཚིག་གཅིག་ཏུ་སྒྲིལ་ཡོད་པས་མི་རིགས་འདིའི་སྣང་ངོར་ཡང་ཅི་ཅར་དུ་མངོན་པར་མཛོད།

    Reply
  10. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 14 སྔོན།

    མཐའ་གཅིག་ཏུ་རྨོངས་དད་དང་སྲོལ་རྒྱུན་རེད་ཅེས་དམོད་པ་པྱེད་མི་རུང་། མ་གཞི་ཁྱོད་ཚོས་དངོས་ཡོད་ལས་འདས་པ་ཞིག་ཡིན་པར་ཚན་རིག་དང་མཐུན་ པའི་པཤད་པ་རེ་རྒྱག་རྒྱུ་ཡོད་དམ། དེང་སང་ང་ཚོའི་སྤྱི་ཚོགས་ཁྲོད་གསར་བརྗེའི་ངོ་འཔག་གྱོན་པའི་མི་མང་པོ ་འཚངས་ཡོང་གི

    Reply
  11. ཁྲག says:
    ལོ་ 14 སྔོན།

    དགོད་པའི་ཁ་ལ་བལྟས་ན་དགོད་བྲོ་བ། ངུ་བའི་གདོང་ལ་བལྟས་ན་ངུ་བྲོ་བ་ཞིག་ཡིན་ནི་རེད། འདི་གཙོ་བོ་དད་པ་དང་དམ་ཚིག་ལ་བརྟེན་ནས་བྱུང་བ་ཞིག་རེད། ཡིན་ནའང་མ་གཞི་གུ་རུརིན་པོ་ཆེ་སྐབས་ལ་ལར་ཁྲོས་འདུག་པ་དང་མཚམས་ལ་རེར་དགད་འདུག་པ་ལྟ་བུ་ཞིག་མ་རེད་དམ། གང་ལྟར་གོང་གི་གསར་འགྱུར་འདིར་ཅུང་ཟད་བརྟག་ན། འདིས་པད་ནོར་རིན་པོ་ཆེར་བསྟོད་པ་ཞིག་བྱེད་བསམ་པ་རེད། འདིའི་ཐད་ནས་ག་རེ་བྱེད་ཀྱང་བཤད་དུ་ཆུགས། འདི་ལ་རྩོད་པ་བྱེད་དགོས་དོན་མི་འདུག་ཨང༌། ཡིན་ནའང་ང་ཚོས་གཟབ་གཟབ་བྱེད་དགོས་ས་ནི་རྗེས་མར་འདིའི་རིགས་ཁྱིམ་པ་བསུན་འབྱིན་དུ་མི་འགྱུར་བའི་ངེས་པ་མེད། གཙོ་བོ་ཆོས་བརྫུན་བཤད་ནའང་རྗེས་མར་རྐུབ་མི་བརྡོལ་བ་ཞིག་འབད་ཐབས་བྱེད་རྒྱུ་ནི་ཐབས་དམ་པ་ཉག་ཅིག་ཡིན། དེ་མིན་རྡུལ་རྩི་མི་འབབ་ན་འབབ་ཁ་འདྲ་དང༌། དྲི་བསུང་མི་བྲོ་ན་བྲོ་ཁ་འདྲ། བླ་མ་ཞིག་གི་དགོངས་པ་གཞན་དུ་གཏད་ཚེ་རུལ་དྲི་བྲོ་ནའང་དེའི་གདུལ་བྱ་རྣམས་ཀྱིས་དྲ་བཟང་དུ་གོ་བ་ནི་ཆོས་ཉིད་དུ་སོང་བས། ང་ཚོའི་བོད་རྒན་དད་པ་ཅན་རྣམས་ཀྱིས་དེའི་རིགས་ཀྱི་སྐད་ཆ་ལ་གཟབ་གཟབ་བྱེད་པར་རན། དད་པ་ནི་དད་པ་སྟེ། དེ་འགོག་མི་རུང་ནའང་དད་པར་བརྟེན་ནས་འུར་སྒྲོགས་བྱེད་པ་ནི་རང་ཉིད་གཡང་དུ་སྐྱུར་བྱེད་ཀྱི་རྙི་ཐིག་ཡིན་པས། དེའི་རིགས་ལ་སྐད་ཆ་ཉུང་ཙམ་བྱེད། བསམ་བློ་མང་ཙམ་གཏོང་རྒྱུ་གལ་ཆེ།

    Reply
  12. ཁ་བ་དཀར་པོ། says:
    ལོ་ 14 སྔོན།

    ནོར་བཅོས།
    ཧ་ཅང་བླུན་པའམ།
    ཧ་ཅང་བླུན་པོའང་།

    Reply
  13. ཁ་བ་དཀར་པོ། says:
    ལོ་ 14 སྔོན།

    རྗེ་ཙོང་ཁ་པའི་གསང་བའི་རྣམ་ཐར་ཚིགས་བཅད་མ་ལས། སྐུ་གསུང་ཐུགས་རྟེན་རབ་གནས་མཛད་པའི་ཚེ། །དམ་ཚིག་པ་ལ་ཡེ་ཤེས་མངོན་སུམ་ཞུགས། །གང་གིས་བྱིན་གྱིས་བརླབས་པའི་ལྷ་ཚོགས་རྣམས། །སྐྱེ་རྒུའི་བསོད་ནམས་ཞིང་དུ་ལེགས་གྲུབ་པ། །ཞེས་གསུངས་པ་བཞིན། རྡོ་རྗེ་ཐེག་པའི་ལུགས་ལ་དམ་ཚིག་པ་ལ་ཡེ་ཤེས་པ་དངོས་སུ་ཞུགས་ཟེར་བ་ཞིག་ཡོད་པས། གལ་སྲིད་དེ་ཁས་ལེན་ན་ནི་དམ་ཡེ་དབྱེར་མེད་དུ་བཞུགས་པའི་སྐུ་འདྲ་དག་གིས་ལས་དག་པའི་སྣང་ངོར་རྣམ་འགྱུར་སྣ་ཚོགས་ཤིག་སྟོན་པ་འདི་ནི་སངས་རྒྱས་པ་གཅིག་པོ་མ་ཡིན་པར་ཆོས་ལུགས་གཞན་པ་དག་ལ་ཡང་དེ་བཞིན་ཡོད་འདུག་ན། དགེ་ལྡན་ལེགས་བཤད་ལས། ཧ་ཅང་མཁས་པའང་མཁས་པ་མིན། །ཧ་ཅང་བླུན་པའམ་བླུན་པོ་མིན། །ཧ་ཅང་མཁས་པའང་མཁས་ཡིན་ན། །ཕ་རྒན་དུ་བས་གསོད་ཅེས་གྲགས། །།ཞེས་པ་འདི་ཐུགས་ལ་ཟུངས།

    Reply
  14. ཁ་བ་དཀར་པོ། says:
    ལོ་ 14 སྔོན།

    ཁྱེད་ཅག་ལ་ལས་རིགས་པ་སྤྱངས་པར་རློམས་ནས་དངོས་ཡོད་གནས་ཚུལ་ཁས་མི་ལེན་པ་མ་བྱེད་རོགས། ལྷ་སྐུ་བཞད་པ་དང་བཤུམས་པ། ཁྲོས་པ་དང་ཡང་ན་རྔུལ་ནག་རྒྱག་པའམ་བདུད་རྩི་འབབ་པ་འདི་ནི་རང་རེའི་ལོ་རྒྱུས་ནང་དངོས་ཡོད་དུ་བྱུང་དང་འབྱུང་བཞིན་པའི་གནད་དོན་ཞིག་རེད། དཔེར་ན་སྔོན་མར་བྱ་ཁྱུང་དགོན་པར་ཡོད་པའི་ཆོས་རྗེ་དོན་རིན་པའི་སྐུ་གདུང་བཞུགས་པའི་མཆོད་རྟེན་དེར་བོད་ཟླ་བཞི་པའི་ཚེས་བཅོ་ལྔ་ནམ་ཡིན་ལ་བདུད་རྩི་འབབ་རྒྱུ་ཡོད་འདུག་ལ། དེ་དུས་བྱ་ཁྱུང་དགོན་པའི་གླིང་གསེབ་ཧྲིལ་བོ་དྲི་བཟང་གིས་ཁྱབ་འགྲོ་ཚུལ་ཚེ་ཏན་ཞབས་དྲུང་ཚང་དང་ཤར་གདོང་ཚང་སོགས་ཚད་མའི་སྐྱེས་ཆེན་དུ་མས་གསུངས་པ་དང་། ཐ་ན་བོད་གངས་ཅན་པའི་རིགས་པ་སྨྲ་བའམ་དངོས་ཡོད་སྨྲ་བའི་ཁྱུ་མཆོག་ཏུ་གྲགས་ཤིང་གྲུབ་པའི་རྟོག་གེ་བ་མགོ་མཁྲེགས་འགྲན་ཟླ་མེད་པ་དགེ་འདུན་ཆོས་འཕེལ་གྱིས་ཀྱང་ཁོང་གིས་གར་ཞ་ནས་གར་ཞའི་འཕགས་པའི་རྡོ་སྐུ་དེ་མཇལ་དུས་སྐུ་དེ་ལ་རྔུལ་ནག་ཤུགས་ཆེན་བརྒྱབ་སོང་ལ་ལྕེ་ཡིས་མྱངས་དུས་ཆུ་ཡི་རོ་ལྟ་བུ་ཞིག་ལས་མ་ཚོར་བའི་ཚུལ་ཡོངས་འཛིན་ཁྲི་བྱང་དང་ཁོང་གི་སློབ་མ་ཚོ་ལ་བརྗོད་འདུག་པས། ལྷ་སྐུ་བཞད་བཤུམ་ཁྲོས་གསུམ་གྱི་སྐད་ཆ་ཞིག་གིས་མི་དེ་སྲོལ་རྒྱུན་གྱི་རྨོངས་དད་ཅེས་པའི་རྒྱ་མིའི་བཤད་སྟངས་དེའི་གཡང་དུ་འཕེན་རྩིས་མ་བྱེད་ཨང་། ད་དུང་རྒྱལ་དབང་བདུན་པའི་དུས་ཀྱི་བཀའ་བློན་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱི་རྣམ་ཐར་དུ་རྒྱ་དཔོན་ཞིག་གིས་ཤེལ་དཀར་ཆོས་སྡེ་ཡིན་ནམ་དགོན་པ་ཞིག་གི་རྟེན་གཙོ་སྐུ་བརྙན་ཞིག་ཨུ་ཚུགས་ཀྱིས་བདག་ཉར་བྱས་པས། དགོང་མོ་དེ་རང་ལ་སྐུ་འདྲ་དེའི་ཁོག་པ་ནས་སྐད་འདྲ་མིན་བརྒྱབ་སྟེ་རྒྱ་དཔོན་སྐྲག་ཐག་ཆོད་ནས་ཕྱིར་འཁྱེར་དུ་བཅུག་པའི་སྐོར་ཕྲ་ཞིང་ཞིབ་པ་ཞིག་བྲིས་འདུག་པས། ཁྱེད་ཅག་གིས་རང་རང་དམར་ཕྱོགས་པ་ཡིན་མདོག་གིས་དཀོན་མཆོག་གི་ནུས་མཐུ་ཁས་མི་ལེན་པའི་བརྟུལ་ཞུགས་འདི་ལ་འཛུལ་སའི་ཁུང་བུ་ཞེ་དྲགས་རང་ཡོད་པ་མ་རེད་དོ།།

    Reply
  15. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    དྲ་གྲོགས་ཁ་ཤས་ཀྱིས་བཤད་པ་ལ་དངོས་གནས་གོ་རྒྱུ་འདུག
    ད་དུང་མང་བོ་ཞིག་སྲོལ་རྒྱུན་འོག་ནས་ཐར་གི་མེད་ཀི་ཡ་།
    གངས་རིའི་གླིང་བུ་ཟེར་བ་འདི་ཅུང་ཙམ་བཟང་གི

    Reply
  16. གངས་རིའི་གླིང་བུ། says:
    ལོ་ 14 སྔོན།

    ལྟ་གྲུབ་མི་ཤེས་ལྟ་གྲུབ་བཤད་དགའ་བ།།
    ཆོས་ལུགས་མི་ཤེས་ཆོས་ལུགས་དགག་བྱེད་པ།།
    རང་གི་ཕ་མའི་ཆོས་ལ་ཡིད་ལོག་པའི།།
    རྨོངས་འཐོམ་ལས་ངན་འདི་དག་སྙིང་རེ་རྗེ།།

    Reply
  17. དགའ་བ། says:
    ལོ་ 14 སྔོན།

    བླ་རྒན་ཚོ་འུར་སྒྲོག་བྱེད་པར་དགའ་ལ། རྨོངས་དད་ཅན་རྣམས་གཡམ་རྒྱུག་བྱེད་པ་ལ་དགའ། ང་གུ་རུ་རིན་པོ་ཆེ་ལ་མ་དད་པ་མིན་ཡང་བླ་རྒན་འགའ་ཤས་ཀྱིས་བསྟོད་བསྔགས་བྱེད་སྟངས་གཏན་ནས་ཤེས་ཀྱི་མི་འདུག ཐུབ་དབང་དང་འཇམ་དབྱངས་སོགས་བཤུམ་གྱི་མི་འདུག་གམ། གུ་རུ་རིན་པོ་ཆེ་བཤུམས་ནས་ཁོང་ཚོ་མི་བཤུམས་པ་ཅི་རེད། འདི་ལ་རྒྱབ་ལྗོངས་ཤིག་ཡོད་ངེས་རེད། གུ་རུ་རིན་པོ་ཆེ་སྐྱབས་སུ་མཆི།

    Reply
  18. གངས་བུ། says:
    ལོ་ 14 སྔོན།

    སྐྱབས་སུ་མཆི་ང་ན་ནིང་རྣམ་གྲོལ་གླིང་དགོན་པར་མཆོད་མཇལ་སོང་བའི་སྐབས་ཀྱི་འདྲ་པར་དང་དེ་རིང་གི་འདི་གཉིས་གཅིག་མཚུངས་ཡིན་པས་ཁྱེད་ཚོས་གང་གླེང་གིས་ཡོད་དམ། ཅི་ཞིག་གི་ཆེད་དུ་འདི་ལྟར་འུད་སྒྲོགས་བྱེད་ཀྱིས་ཡོད། དེང་སྐབས་ཀྱི་ཚན་རིག་ལ་འུད་སྒྲོགས་མི་མཐུན་པ་ཁྱེད་ཚོས་འེ་ཤེས། གཅིག་བྱས་ན་ངའི་ལས་སྣང་མ་དག་པ་ཡིན་ནམ། གཅིག་བྱས་ན་ཁྱེད་ཚོའི་འདི་ཡང་དངུལ་དངོས་ཀྱི་ཆེད་རྒྱུ་རེད། རེད་ཡ་ཁྱེད་ཚོས་སྒོར་མོ་བཙལ་ཤེས་ན་གང་བྱས་རེད། རྗེས་ཕྱོགས་བླ་མ་དང་སྐུ་འདྲ་མ་བཙོང་རོགས།

    Reply
  19. གངས་རིའི་གླིང་བུ། says:
    ལོ་ 14 སྔོན།

    ལས་སྣང་དག་པའི་སྐལ་བཟང་གདུལ་བྱ་ལ།།
    ལྷ་དང་བླ་མས་བྱིན་རླབས་དངོས་གྲུབ་བསྩལ།།
    དད་པ་དག་སྣང་མེད་པའི་བདུད་རྒན་ལ།།
    བླ་མ་སྒོ་དྲུང་པེབས་ཀྱང་མཇལ་དཀའ་འོ།།

    Reply
  20. གངས་ཕྲུག says:
    ལོ་ 14 སྔོན།

    བྱས་ན་གྲྭ་བ་ཚོར་བླ་མ་གཤེཌ་ཤུལ་དུ་ཨུ་རྒྱན་རིན་པོ་ཆེའི་མཇལ་ཁ་དངོས་སུ་ཐོབ་པ་འདྲ།་སྐལ་བ་བཟང་བ་ལ། ན་ནིང་རྒྱ་མིས་བོད་པ་བརྒྱ་ཕྲག་འགའ་འཇུ་བཟུང་དང་དམར་བསད་བཏང་སྐབས་ཀྱང་པུར་རྒྱལ་བོད་ཀྱི་འགྲོ་བའི་དཔལ་དུ་ཤར་བའི་སློབ་དཔོན་རིན་པོ་ཆེ་བཤུམས་ཡོད་ངེས་ཀྱང་སུ་ལ་མཇལ་ཡོད་དམ།

    Reply
  21. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    བླ་མ་ཡོད་དུས་དད་པ་མེད། བླ་མ་མེད་དུས་བསྟོད་བསྔགས་བྱེད། ཁ་རྫུན་བསྒྲགས། ད་ནི་བོད་པ་ཚང་གི་བླ་ཆེན་གཅིག་གཤེགས་ཤུལ་དུ་སྐུ་འདྲ་ཞིག་གིས་སྤྱན་ཆུབ་འཐོར་བཞིན་ཡོད་པ་ཡིན་ན། བོད་ཀྱི་དགོན་སྡེ་དྲུག་སྟོང་ལྷག་གཏོར་བཤིག་བཏང་དུས་སྐད་ཆ་དེ་འདྲ་གོ་རབས་མེད་མོད། ད་ནི་དངོས་ནས་མི་འདི་ཚོས་ག་རེ་བཤད་འདོད་ཡོད་པ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist