མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཡིག་གཟུགས་དང་སྐད་གདངས་གཅིག་གྱུར་དགོས།

བོད་ཀྱི་དུས་བབ།
༢༠༠༩/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ཡིག་གཟུགས་དང་སྐད་གདངས་གཅིག་གྱུར་ཡོང་ཐབས་ལ་རེ་བ་རྒྱག་གིན་ཡོད། ཡང་རེ་ཟུང་གིས་སྐད་ཡིག་གཅིག་གྱུར་ཟེར་དུས། སོ་སོའི་སྐད་ཡིག་དེ་རྒྱུན་འཛིན་བྱ་མི་དགོས་པ་ཞིག་ལ་གོ་བཞིན་ཡོད་ཀྱང༌། དེ་འདྲ་རྩ་བ་ནས་མ་རེད། སོ་སོའི་ལུང་པར་སོ་སོའི་སྐད་གདངས་རྒྱུན་འཛིན་ཐོག བོད་ཐུན་མོང་ལ་གཅིག་གྱུར་གྱི་སྐད་གདངས་ཤིག་ལོགས་སུ་དགོས་ཀྱིན་འདུག་ཟེར་གྱིན་ཡོད་ཟེར།

 

བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ཟླ་འདིའི་ཚེས་ ༢ དང་ ༣ ཉིན་གཉིས་རིང་གངས་སྐྱིད་སྤྱི་ཐབ་ཐོག་ཁང་དུ་སྨོན་ལམ་བོད་ཡིག་གསུམ་པ་དང༌། སྨོན་ལམ་ཐུན་མོང་བོད་ཀྱི་སྐད་གདངས་མཉེན་ཆས་གཉིས་ངོ་སྤྲོད་ཟབ་སྦྱོང་ཞིག་འཚོགས་ཡོད་པ་དང༌། ཟབ་སྦྱོང་དེར་གངས་སྐྱིད་ཁུལ་གྱི་གཞུང་ཞབས་ལས་བྱེད་དང༌། ངྷ་ས་ཁུལ་གྱི་ཚོགས་པ་སྒྲིག་འཛུགས་ཁག་གི་ལས་བྱེད། སློབ་གྲྭ་དང་དགོན་སྡེ་ཁག་གི་གློག་ཀླད་དགེ་རྒན་བཅན་མི་གྲངས་ ༨༠ ལྷག་ཞུགས་ཡོད། ཟབ་སྦྱོང་དབུ་འཛུགས་སྐབས་བློ་བཟང་སྨོན་ལམ་ལགས་ཀྱིས་ངོ་སྤྲོད་གཏམ་བཤད་གནང་དོན། སྤྱི་ལོ་ ༢༠༠༡ ཙམ་ལ་ཨ་རིའི་སྒེར་གྱི་ཚོགས་པ་གཉིས་མཉམ་འབྲེལ་ཐོག རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ unicode ཟེར་བ་དེ་བཟོས་པ་རེད། uni ཞེས་པ་མཉམ་འབྲེལ་དང༌། code ཞེས་པ་ཨང་རྟགས་ཀྱི་དོན་རེད། མ་ལག་དེའི་ནང་འཛམ་གླིང་གི་སྐད་ཡིག་ ༡༧༠ ཙམ་ལ་ས་མིག་སྤྲད་ཡོད། ཨང་གྲངས་ ༧༢ དེ་བོད་ཡིག་གི་ས་མིག་རེད། དེའི་རྗེས་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་སྟེང་བོད་ཡིག་ཁ་ཤས་བཟོས་ཡོད། དེའི་རྗེས་གློག་ཀླད་སྒེའུ་ཁུངས་གསར་བ་ window vista ནང་ལ་བོད་ཡིག་འཇུག་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་སྐབས། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་སྟངས་འཛིན་འོག་གི་བོད་རིག་པའི་ཞིབ་འཇུག་ཁང་གི་ལས་བྱེད་བཀྲ་ཤིས་ཚེ་རིང་གིས་ཧི་མ་ལ་ཡའི་བོད་ཡིག་མཉེན་ཆས་དེ་བཟོས་ཤིང༌། རྒྱ་སྒོར་ཁྲི་ཉིས་བརྒྱ་ ༢༠༠༠༠༠༠ ཙམ་སྤྲད་དེ་གློག་ཀླད་སྒེའུ་ཁུངས་གསར་བའི་ནང་བཅུག་པ་རེད། དྲ་རྒྱའི་སྟེང་ཧི་མ་ལ་ཡའི་ཡིག་གཟུགས་ལ་དཀའ་ངལ་མེད་ཀྱང༌། དེབ་དང་ཚགས་ཤོག་རིགས་འཇུས་འགོད་བྱེད་པར་དཀའ་ངལ་མང་པོ་ལྷག་ཡོད། ཐེངས་འདིའི་སྨོན་ལམ་ཡིག་གཟུགས་གསུམ་པ་འདི་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་སྟེང་བཟོས་ཡོད་ལ། དེབ་དང་ཚགས་ཤོག་ཇུས་འགོད་ཀྱི་མ་ལག་གསར་བ་ཨེན་ཌི་རྫན་ indesign ནང་བདེ་བླག་ཡང་ངང་སྤྱོད་ཐུབ་པ་མ་ཟད། ཊེ་སེ་ཨར་སེ་དང་པཎ་ཌི་ཏ། ཧི་མ་ལ་ཡ་སོགས་རང་ཉིད་གང་ལ་གོམ་ཡོད་ན་དེ་ལྟར་གཏག་ཆོག་པ་བཟོས་ཡོད།

 

དེ་བཞིན་སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་མཉེན་ཆས་ནི། ང་རང་སྔོན་མ་ལྷ་སར་ཡོང་སྐབས་དབུས་སྐད་མི་གོ་ཡང་རྒྱ་སྐད་བརྒྱབས་ཏེ་འགྲོ་ཐུབ་འདུག་ཐུབ་ཙམ་བྱུང་ཡོད་ཀྱང༌། རྗེས་སུ་རྒྱ་གར་དུ་སླེབས་ཏེ་༧གོང་ས་མཆོག་ལ་མཇལ་སྐབས་ཁོང་གི་བཀའ་སློབ་གཅིག་ཀྱང་གོ་མ་སོང༌། དེ་བཞིན་པེ་ཅིན་སློབ་ཆེན་སོགས་ཀྱི་བོད་རིགས་སློབ་མ་ཚོས་ཀྱང༌། མཛད་སྒོ་རིགས་ཀྱི་སྐབས་སུ་ཐུན་མོང་གིས་གོ་ཐུབ་པའི་སྐད་གདངས་དེ་རྒྱ་སྐད་ཆགས་འདུག་ཟེར། བོད་ནང་གི་སློབ་གྲྭ་བ་ཚོ་མང་པོ་ཞིག་གིས། རྒྱ་ཡིག་ལ་གཅིག་གྱུར་ཐུན་མོང་གི་སྐད་གདངས་སྦྱོང་བྱེད་མཉེན་ཆས་མང་པོ་འདུག དེ་འདྲ་ཞིག་བཟོ་ཐུབ་ན་ཡག་པོ་འདུག་ཅེས་དགོངས་འཆར་ཕེབས་བཅས་ལ་གཞིགས་ཏེ། སྐད་གདངས་ཐུན་མོང་གྱི་མཉེན་ཆས་འདི་བཟོས་པ་ཡིན། ཞེས་གསུངས་སོང༌།

 

དེའི་རྗེས་ཤེས་རིག་དྲུང་ཆེའི་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གསུང་བཤད་གནང་དོན། གློག་ཀླད་དང་འཕྲུལ་རིགས་ཀྱི་ལག་རྩལ་པ་ཟེར་བ་དེ། དེང་དུས་ཀྱི་ཤེས་ཡོན་རག་ཡོད་པ་ཚོའི་ཁྲོད་ནས་འཐོན་དགོས་པ་ཞིག་ཡིན་ཡང༌། དེ་ལས་ལྡོག་སྟེ་བོད་ནས་ཕེབས་ཤིང་གདན་སར་ཆོས་ཀྱི་སློབ་གཉེར་གནང་མཁན་གྲྭ་བ་གྲྭ་རྐྱང་ཞིག་གིས་དེང་རབས་ཀྱི་འཕྲུལ་རིགས་ཐོག་ལ་ལག་རྗེས་མངོན་གསལ་བཞག་སྟེ་ང་ཚོའི་མདུན་དུ་བསྟར་ཡོད། དེ་ལ་ང་ཚོ་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཆེ་བསྟོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ཡིག་འདི་དྲ་རྒྱའི་སྟེང་ལ་བསྐྱལ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྟབས། འདིར་ཕེབས་པ་ཚང་མས་འཕྱར་གྲུ་མཉམ་འདེགས་ཀྱིས་སྨོན་ལམ་བོད་ཡིག་གསུམ་པ་འདི་སྤྱི་ཚོགས་ནང་ཁྱབ་གདལ་དུ་གཏོང་རྒྱུར་རེ་སྐུལ་ཞུ་བཞིན་ཡོད། ཤེས་རིག་ལས་ཁུངས་ཀྱིས་ལས་དོན་འདིར་རྒྱབ་སྐྱབ་སྐྱོར་ཤུགས་ཆེན་བྱེད་དོན་གང་ཡིན་ཟེར་ན། བོད་ཀྱི་ཡིག་གཟུགས་དང་སྐད་གདངས་གཅིག་གྱུར་ཡོང་ཐབས་ལ་རེ་བ་རྒྱག་གིན་ཡོད། འོན་ཀྱང༌། རེ་ཟུང་གིས་སྐད་ཡིག་གཅིག་གྱུར་ཟེར་དུས། སོ་སོའི་སྐད་ཡིག་དེ་རྒྱུན་འཛིན་བྱ་མི་དགོས་པ་ཞིག་ལ་གོ་བཞིན་ཡོད་ཀྱང༌། དེ་འདྲ་རྩ་བ་ནས་མ་རེད། སོ་སོའི་ལུང་པར་སོ་སོའི་སྐད་གདངས་རྒྱུན་འཛིན་ཐོག བོད་ཐུན་མོང་ལ་གཅིག་གྱུར་གྱི་སྐད་གདངས་ཤིག་ལོགས་སུ་དགོས་ཀྱིན་འདུག་ཟེར་གྱིན་ཡོད། ཅེས་གསུངས་བྱུང༌།

 

སྐབས་དེར་འདི་གའི་གསར་འགོད་པས་བགྲོ་གླེང་གཙོ་སྐྱོང་བ་ཤེས་རིག་དྲུང་ཆེ་ཆུང་ཚེ་རིང་ལགས་སུ། ཐེངས་འདིར་ཤེས་རིག་ལས་ཁུངས་ཀྱིས་ཟབ་སྦྱོང་འདི་གོ་སྒྲིག་གནང་དོན་གང་ཡིན་བཀའ་འདྲི་ཞུས་པའི་ལན་དུ་ཁོང་གིས། ཐེངས་འདིའི་ཟབ་སྦྱོང་སྟེང་གཞུང་ཞབས་ལས་བྱེད་དང་སློབ་གྲྭ་དང་དགོན་པ་ཁག་གི་གློག་ཀླད་ལས་བྱེད་བཅས་བསྡོམས་པའི་མི་ ༨༠ ལྷག་ཉམས་ཞུགས་གནང་འདུག ང་ཚོས་འདི་ལྟར་ཟབ་སྦྱོང་སྤྲོད་དོན། སྤྱིར་ང་ཚོར་བོད་ཡིག་གི་མཉེན་ཆས་མང་པོ་ཞིག་ཡོད་ཀྱང༌། དེ་དག་དུས་ནས་དུས་སུ་ཁ་སྐོང་བྱ་མ་ཐུབ་པར་རྗེས་ལུས་ཐེབས་ཡོད་པ་རེད། བློ་བཟང་སྨོན་ལམ་ལགས་མི་སྒེར་ཞིག་གིས་ཧུར་བརྩོན་བྱས་ཏེ། དུས་ཚོད་ཀྱི་རྗེས་ཟིན་པའི་བོད་ཡིག་མཉེན་ཆས་འདི་ལྟ་བུ་ཞིག་བཟོས་ཡོད་སྟབས། དང་པོ། གྲྭ་བ་གྲྭ་རྐྱང་ཞིག་གིས་འདི་ལྟ་བུའི་ལས་ཀ་གལ་ཆེན་ཞིག་བཟོས་ཡོད་ཡོད་པ་དེར་ཆེས་བསྟོད་དང༌། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ལས་གཞི་འདིར་ནུས་ཤུགས་དང་དཔལ་འབྱོར་སོགས་གང་ཞིག་དགོས་ཀྱང༌། རྒྱབ་སྐྱོར་དང་མཐུན་འགྱུར་གནང་རྒྱུ་ཡིན། གཉིས་པ། སྨོན་ལམ་བོད་ཡིག་གསུམ་པ་དེ་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་སྟེང་སྒྲིག་བཟོ་བྱས་ཡོད་སྟབས། བོད་གཞུང་གི་ལས་ཁུངས་ཁག་དང་སློབ་གྲྭ་བཅས་ཀྱི་ཡིག་ཆ་གཅིག་གྱུར་ཡོང་ཆེད། མ་འོངས་པར་དགེ་རྒན་འོས་སྦྱོང་དང་དགེ་རྒན་ཟབ་སྦྱོང༌། དེ་བཞིན་ཤེས་ཡོན་དང་འབྲེལ་པའི་ཟབ་སྦྱོང་རིགས་ག་དུས་འཚོགས་ཀྱང༌། བོད་ཡིག་མཉེན་ཆས་འདི་དང་འབྲེལ་བའི་སློབ་མཚན་འཇུག་ཐུབ་རྒྱུར་འབད་བརྩོན་ཞུ་རྒྱུ་ཡིན། ཞེས་གསུངས་བྱུང༌།

མཆན། 6

  1. ཐུབ་འཕྲིན་ལས། says:
    ལོ་ 14 སྔོན།

    ho,

    Reply
  2. tenpa chophel says:
    ལོ་ 14 སྔོན།

    I am very glade heard that was camplated the third Monlam Bodyig. I thik it is very good.

    Reply
  3. སྨོན་ལམ་མཐར་ཕྱིན། says:
    ལོ་ 14 སྔོན།

    བོད་ཀྱི་དུས་བབ་ཀྱི་རྩོམ་སྒྲིག་པ་དང༌། ཐེངས་འདིའི་གསར་འགོད་པ་གཉིས་ཀ་ལ་ཞུ་རྒྱུ། ཆུང་ཚེ་རིང་ལགས་ཤེས་རིག་དྲུང་ཆེ་མ་རེད།

    Reply
  4. Tenpa Nyima says:
    ལོ་ 14 སྔོན།

    I’m really glad to heard New Tibetan Monlam. Thank you very much for your hard working, Wishing you the best.
    I’m sorry I still could not typing with Tibetan but I’m learning now. I will write in Tibetan soon.
    Yulokepe.

    Reply
  5. གངས་བུ། says:
    ལོ་ 14 སྔོན།

    སྨོན་ལམ་ཀླད་པ་འཕྲུལ་ཆས་གསར་བ་ཞིག། སྨོན་ལམ་སེམས་པ་རྒོད་པོ་འཐུར་མེད་ཞིག། སྨོན་ལམ་རྒྱུད་ལ་རང་གཤིས་གཙང་མ་ཞིག། སྨོན་ལམ་བྱ་བ་ཐམས་ཅད་འགྲུབ་གྱུར་ཅིག།

    Reply
  6. གངས་བུ། says:
    ལོ་ 14 སྔོན།

    ཉེ་ཆར་བོད་ཨ་མདོ་མཚོ་ལྷོ་ཁུལ་དུ་ཡང་བོད་སྤྱི་སྐད་ཀྱི་བགྲོད་གླེང་ཚོགས་འདུ་ཞིག་བསྐོང་འཚོགས་བྱས་འདུག། འདིའི་སྐོར་དམིགས་བསལ་གྱི་ཚོགས་པ་ཞིག་ཀྱང་འདུག། འཇར་པན་གྱི་བུད་མེད་སྐད་རིགས་མཁས་བ་ཞིག་གིས་བོད་ཀྱི་སྐད་གདངས་ལ་ཞིབ་འཇུག་བྱས་བར་གཞིག་ན་ཆོལ་ཁ་གསུམ་ལ་སྐད་གདངས་མི་འདྲ་བ་བདུན་ཅུ་དོན་ལྔར་དབྱེ་ཡོད ། དབུས་གཙང་ཁུལ་དུ་སྐད་རིགས་སུམ་ཆུ་སོ་ལྔ་དང་ཁམས་ཁུལ་དུ་སྐད་རིགས་ཉི་ཤུ་དང་ཨ་མདོ་ཁུལ་ཡང་སྐད་རིགས་ཉི་ཤུ་བཅས་ཁྱོན་བསྡོམས་སྐད་རིགས་བདུན་ཅུ་དོན་ལྔ་ཡོད་འདུག ། བགྲོད་གླེང་དེའི་ཐོག་ཚང་མས་དབུས་གཙང་གི་སྐད་འདི་གཞིར་བཞག་ཐོག་སྐད་གདངས་གཅིག་གྱུར་བཟོ་རྒྱུའི་ཐག་གཅོད་བྱུང་འདུག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist