མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་འབོར་ཞིབ་བཤེར།

བོད་ཀྱི་དུས་བབ།
༢༠༠༩/༠༤/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༡༢ ཉིན་རྒྱ་བལ་འབྲུག་གསུམ་གྱི་ས་གནས་ ༢༢༠ དང༌། ཕྱི་རྒྱལ་དོན་གཅོད་ ༩ ཡི་ཁྱབ་ཁོངས་ས་གནས་ ༤༠ ལྷག་བཅས་ཁྱོན་བསྡོམས་ས་གནས་མི་འདྲ་བ་ ༢༦༠ ལྷག་ལ་དུས་གཅིག་ཏུ་མི་འབོར་ཞིབ་བཤེར་བྱ་རྒྱུ་ཡིན་འདུག

 

བོད་གཞུང་འཆར་འགོད་ལྷན་ཁང་གིས་ཕྱི་ཚེས་ ༩ ཉིན་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ཐེངས་གཉིས་པའི་ཐད་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད་པ་དང༌། སྐབས་དེར་འཆར་འགོད་ལྷན་ཁང་གི་འགན་འཛིན་དཀོན་མཆོག་བརྩོན་འགྲུས་ལགས་ཀྱིས་གསུངས་དོན། འཆར་འགོད་ལྷན་ཁང་ནི་བཙན་བྱོལ་བོད་མིའི་ལས་ཁུངས་ཁག་ལས་གསར་ཤོས་དེ་ཆགས་ཡོད་ལ། ༡༩༨༥ ལོར་བཙན་བྱོལ་བོད་མིའི་ཕུགས་རྒྱང་རིང་བོའི་གནས་སྟངས་ལ་དམིགས་ཏེ་ཆེད་མངགས་མི་སྣ་གསོ་སྐྱོང་གི་འོག་འཆར་འགོད་ཐད། དོ་སྣང་གནང་དགོས་པར་བསམ་ཚུལ་བྱུང་བ་བཞིན་ ༡༩༨༨ ལོར་བོད་གཞུང་འཆར་འགོད་ལྷན་ཁང་འདི་དབུ་བརྙེས་པ་རེད། འཆར་འགོད་ལྷན་ཁང་བཙུགས་ཏེ་ལོ་གཅིག་གཉིས་རིང་དཀའ་ངལ་གང་འཚམ་འཕྲད་ཡོད། འཆར་གཞི་ཞིག་གི་ནང་དུ་མི་འབོར་གྱི་གྲངས་ཀ་དང་ཤེས་ཚད། དཔལ་འབྱོར་དང་ཁོར་ཡུག་གི་གནས་སྟངས་སོགས་ལ་རྒྱུས་ལོན་བྱ་རྒྱུ་གལ་ཆེན་ཆགས་ཡོད་སྟབས། སྤྱི་ལོ་ ༡༩༩༨ ལོར་མི་འབོར་ཞིབ་བཤེར་ཐེངས་དང་པོ་དེ་ཞུས་ཡོད་པ་དང༌། སྐབས་དེར་ཞིབ་ཚགས་པོ་ཞིག་དང་གཙང་མ་ཞིག་བྱུང་ཐུབ་མེད། ༡༩༥༩ ལོའི་སྐབས་སུ་བཙན་བྱོལ་བོད་མིའི་མི་འབོར་ཁྲི་ ༨  ཡོད་ཟེར་ལ། ༡༩༩༨ ལོར་བཙན་བྱོལ་བོད་མིའི་འབོར་ཆིག་འབུམ་གཉིས་ཁྲི་གསུམ་སྟོང་ ༡༢༣༠༠༠ ཡོད། སྔར་ལོ་གསུམ་བཅུའི་དུས་དྲན་ནས་བོད་ནང་གི་གནས་སྟངས་ཛ་དྲག་ལ་གྱུར་བས་རེ་ཞིག་ཕྱིར་འགྱངས་བྱ་དགོས་བྱུང་ཡོད། ད་ལོ་འཛིན་སྐྱོང་བཀའ་ཤག་གིས་སྒྲིག་འཛུགས་ཁག་གི་ལས་གཞི་ལ་རྒྱུན་དུ་འཐུས་ཤོར་གཏོང་མི་རུང་ཚུལ་གསུངས་པ་བཞིན་ཐེངས་གཉིས་ལ་མི་འབོར་ཞིབ་བཤེར་བྱ་གཏན་འཁེལ་ཡོད། ཅེས་ངོ་སྤྲོད་གནང་བྱུང༌།

 

གསལ་བསྒྲགས་ནང་བཀོད་དོན་ལྟར་ན། ཟླ་འདིའི་ཚེས་ ༡༢ ཉིན་རྒྱ་བལ་འབྲུག་གསུམ་གྱི་ས་གནས་ ༢༢༠ དང༌། ཕྱི་རྒྱལ་དོན་གཅོད་ ༩ ཡི་ཁྱབ་ཁོངས་ས་གནས་ ༤༠ ལྷག་བཅས་ཁྱོན་བསྡོམས་ས་གནས་མི་འདྲ་བ་ ༢༦༠ ལྷག་ལ་དུས་གཅིག་ཏུ་མི་འབོར་ཞིབ་བཤེར་བྱ་རྒྱུ་ཡིན་འདུག དཀོན་མཆོག་བརྩོན་འགྲུས་ལགས་ནས་མུ་མཐུད་གསུངས་དོན། བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ཐེངས་གཉིས་པ་བྱ་དགོས་པའི་དམིགས་ཡུལ་ནི། ལོ་ངོ་ ༥༠ འཁོར་བའི་འཛམ་གླིང་ནང་གི་བཙན་བྱོལ་བོད་མི་སྤྱིའི་གནས་སྟངས་རྟོགས་སླད་དང༌། རྒྱ་བལ་འབྲུག་གསུམ་ནང་གི་གཞིས་ཆགས་ཁག་གི་སྤྱི་ཚོགས་ཡར་རྒྱས་དང་སྲ་བརྟན་བཟོ་རྒྱུའི་ལས་འཆར་ཁག་ལ་མི་འབོར་གཞིར་བཟུང་གི་སྤྱི་ཚོགས་དང་དཔལ་འབྱོར། ཤེས་ཡོན་དང་འཕྲོད་བསྟེན་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་དགོས་གལ་ཆེ་བ། དེ་བཞིན་སྤྱི་ཚོགས་ཀྱི་གནས་སྟངས་དང་མི་འབོར་གསལ་བོ་ཆགས་ན། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག ང་ཚོ་ལ་རོགས་སྐྱོར་གནང་མཁན་གྱི་ཚོགས་པ་ཁག་སོགས་ལ་ཕན་ནུས་ཡོད་ལ། གཞུང་ལའང་སྲིད་བྱུས་གཏན་འབེབས་གནང་བར་ཕན་གི་རེད། ལས་གཞི་གཏན་འབེབས་ཀྱི་ཐབས་ཇུས་དེ་ཡང་མི་འབོར་གྱི་གྲངས་ཚད་འོག་འཐོན་གི་རེད། མི་འབོར་ཞིབ་བཤེར་བྱེད་སྟངས་འདི་ཚོགས་པ་རེ་གཉིས་དང་ས་གནས་རེ་གཉིས་ནས་ཞིབ་མཇུག་བྱས་པ་དང་མི་འདྲ་བར། འཆར་གཞི་གཏན་འབེབས་སོགས་ཀྱི་ཞིབ་མཇུག་ལ་ཕན་གི་རེད། ཅེས་གསུངས་བྱུང༌།

 

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༣ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༣ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 3

  1. གངས་ཅན། says:
    ལོ་ 17 སྔོན།

    མི་འབོར་ཞིབ་བཤེར་བྱེད་པའི་ཉིན་དེར་༸གོང་ས་མཆོག་ནོར་གླིང་དུ་ཕེབས་པའི་ཉིན་ཡིན་སྟབས། མི་རྣམས་ཀྱིས་མི་འབོར་ཞིབ་བཤེར་ཚེས་༡༣་ལ་འཕར་འགྱངས་བྱས་རེད་ཟེར་བའི་གཏམ་ཡན་ཞིག་ཀྱང་ཁྱབ་འདུག དེར་བརྟེན་རྡ་ས་གཡས་གཡོན་གྱི་མི་མང་པོ་ཞིག་ནོར་གླིང་དུ་ཕེབས་འདུག དེའི་ཕྱི་ཉིན་ནས་ནང་ནས་བསྡད་ཀྱང་ཡོང་མཁན་མེད་པ་དང་། ཚེས་༡༤ ཉིན་མཐའ་མཇུག་གི་ཉིན་དུ་འཁེལ་པས་ཐོ་འགོད་བྱེད་མ་ཐུབ་པ་མང་པོ་ཞིག་ཡོད་ཚོད་འདུག དེར་བརྟེན་གཞུང་ཕྱོགས་ནས་གསལ་བསྒྲགས་ཤིག་བསྐྱངས་ཏེ་ཐོ་རུ་མ་འཁོད་པ་རྣམས་ཡང་བསྐྱར་ལམ་ཞིག་སྟོན་རྒྱུ་ནི་གལ་ཆེན་པོ་རེད།

    Reply
  2. བློ་བཟང་མཁྱེན་བརྩེ། says:
    ལོ་ 17 སྔོན།

    མི་འབོར་ཞིབ་བཤེར་གྱི་གྲངས་ཐོ་བསྡུ་མཁན་སློབ་ཕྲུག་ལོ་བཅོ་ལྔ་བཅུ་དྲུག་ཅན་རྐྱང་རེད་ལ། ཁོང་ཚོས་མི་ཚང་རེའི་སྒོ་ཉུལ་བྱས་ཀྱང་། སྐབས་དེར་ཁྱིམ་མི་མང་པོ་ཞིག་ནང་དུ་བསྡད་མེད་པས། གྲངས་ཐོ་ཡག་པོ་ཞིག་བསྡུ་ཐུབ་མི་འདུག མི་འབར་ཞིབ་བཤེར་འདི་གལ་ཆེན་པོ་ཞིག་ཡིན་ན། གཞུང་གི་ལས་རྣམ་པ་དངོས་སུ་ས་གནས་ས་ཐོག་འགྲོ་དགོས་པ་དང་ཡང་ན། ས་གནས་འགོ་འཛིན་དང་ལས་བྱེད་ཀྱིས་བྱེད་ན་ལས། སློབ་ཕྲུག་འགའ་བཏང་འདུག་པ་འདི་ནི་འཐུས་ཤོར་ཆེན་པོ་ཞིག་སྟེ། ཐེངས་འདིར་གྲངས་ཐོ་ཡག་པོ་ཞིག་གམ་ཆ་ཚང་བ་ཞིག་ལེན་ཐུབ་མེད་པ་གསལ་རེད།

    Reply
  3. གངས་བུ། says:
    ལོ་ 17 སྔོན།

    མི་འབོར་ཞིབ་གཤེར་འདི་བོད་ཕྱི་ནང་གཉིས་ཀར་བྱེད་ཐུབ་ན་བཟང་མོད་ཀྱང་བཙན་བྱོལ་གཅིག་པུ་ལ་དེ་འདྲའི་དགོས་བ་རྒྱུ་མཚན་ཞིག་མ་མཐོང་། བསམ་ཚུལ་ཡིན་ན་ལོ་ངོ་ལྔ་བཅུའི་ཡར་སྔོན་ལ་བོད་མི་ས་ཡ་དྲུག་ཞེས་བ་དེ་ད་ལྟ་ས་ཡ་དྲུག་ལས་མང་ཤས་ཆེ་རྒྱུ་མཚན་ནི་མིའི་རིགས་ཀྱི་འཕེལ་ཁ་འདི་ཧ་ཅང་མགྱོགས། འོན་ཀྱང་བར་སྐབས་ཤིག་ནས་རྒྱ་ནག་གཞུང་གིས་འཆར་ལྡན་བུ་སྐྱེས་ཞེས་མིང་ཡག་པོ་ཞིག་གི་འོག་ནས་བུད་མེད་ཕལ་ཆེར་གྱི་སྐྱེ་སྒོ་བཀག་ཡོད་དེ་དང་ཕྱོགས་མཚུངས་བཙན་བྱོལ་ནང་གི་བུད་མེད་ཚོས་ཀྱང་རྒྱ་ནག་གི་ཁྲིམས་ལག་བསྟར་གྱི་ཚུལ་དུ་རང་འགུལ་གྱིས་ཕྲུ་གུ་གཉིས་ལས་མང་བ་སྐྱེས་འཇུག་གིས་མེད། འདི་ནི་མི་འབོར་འཕེལ་གྲིབ་ཀྱི་བཀག་རྡོ་ཞིག་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese