མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲོག་ཁྲིམས་དང་ཚེ་བཙོན།

བོད་ཀྱི་དུས་བབ།
༢༠༠༩/༠༤/༢༡
Share on FacebookShare on TwitterShare on EmailShare on Whatsapp

ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བོད་ཀྱི་བུད་མེད་གསུམ་ལ་ཁྲིམས་ཐག་བཅད་ཡོད་འདུག 
 
དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། སྔ་ལོའི་ཞི་རྒོལ་ཁྲོད་ལྷ་ས་གྲོང་ཁྱེར་གྱི་པེ་ཅིན་སྲང་ལམ་དུ་རྒྱ་རིགས་ཚོང་ཁང་འགའ་མེར་བསྲེགས་པ་དང་། སྐབས་དེར་ཚོང་ཁང་དེ་དག་གི་བདག་པོ་སོགས་མི་དྲུག་འདས་གྲོངས་སུ་སོང་ཡོད་ཚུལ་དང་། དོན་རྐྱེན་དེ་བཟོ་མཁན་ཕུན་སྐྱིད་ལགས་ཡིན་པར་ཉེས་འཛུགས་འོག   ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། ས་སྒང་རྫོང་ཁོངས་ནས་ཡིན་པ་ཕུན་སྐྱིད་ལགས་ལ་ལོ་གཉིས་ཕྱིར་འགྱངས་ཀྱི་སྲོག་ཁྲིམས་གཅོད་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད།  ཡང་གོང་གི་དོན་རྐྱེན་དེར་འབྲེལ་བ་ཡོད་པར་ཉེས་འཛུགས་ཀྱིས།  ཕུན་སྐྱིད་ཀྱི་གྲོགས་མོ་སྙེ་མོ་རྫོང་གི་ཡིན་པ་ཕུན་སྐྱིད་ལ་ཚེ་བཙོན་དང་འཆི་མེད་ལྷ་མོ་ལ་ལོ་ ༡༠ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་པ་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ལ་བཀོད་ཡོད་འདུག

དེ་རིང་ཕྱི་དྲོ་བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞི་སྟེ། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། དབུས་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་དབང་སློབ་ཕྲུག་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཁང་བཅས་ཀྱིས་ཁྲིམས་ཐག་བཅད་པའི་གོང་གི་བོད་རིགས་བུད་མེད་དེ་དག་གི་ཆེད་དུ། བཞུགས་སྒར་ངྷ་ས་རུ་མར་མེ་ཁྲོམ་སྐོར་དང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མི་མང་མཉམ་འཛོམས་ཀྱིས་གདུང་སེམས་མཉམ་སྐྱེད་ཀྱི་སྨོན་ལམ་གསོལ་འདེབས་ཞུ་རྒྱུ་ཡིན་འདུག 
 
ཉིན་ཤས་སྔོན་དུ་ཡང་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བོད་མི་བློ་བཟང་རྒྱལ་མཚན་དང་བློ་ཡག་གཉིས་ལ་སྲོག་ཁྲིམས་བཅད་ཡོད་པ་གཞུང་འབྲེལ་གསལ་བསྒྲགས་བྱས་ཡོད།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༥ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༦ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༦ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༧ སྔོན་ལ།

མཆན། 18

  1. ཁ་བ། says:
    ལོ་ 16 སྔོན།

    བོད་མི་དམར་གསོད་གཏོང་མཁན་གྱི་བྱེད་གཏེ་ཧུང་དང་ཝུན་སོགས་འབྲེལ་ཡོད་དཔོན་ངན་རུ་ཚོགས་དེ་ཚེ་ནམ་ཉི་མ་ས་དྷམ་ཧོའོ་སིན་ནང་བཞིན་གནམ་ཐག་རྒྱག་རྒྱུར་ང་ཚོས་ད་ལྟ་ནས་གྲ་སྒྲིག་བྱེད་དགོས་ཀྱི་འདུག

    Reply
  2. ཁ་བ། says:
    ལོ་ 16 སྔོན།

    ནམ་ཉི་མ་བོད་མི་དམར་གསོད་གཏོང་མཁན་གྱི་བྱེད་གཏེ་གཙོ་བོ་ཧུང་དང་ཝུན་སོགས་འབྲེལ་ཡོད་དག་ས་དྷམ་ཧོའོ་སིན་ནང་བཞིན་གནམ་ཐག་རྒྱག་རྒྱུར་ང་ཚོས་ད་ལྟ་ནས་གྲ་སྒྲིག་བྱེད་དགོས་ཀྱི་འདུག

    Reply
  3. ཁ་བ། says:
    ལོ་ 16 སྔོན།

    རྒྱ་ནག་གཞུང་གི་ཁ་དེ་སྐྱག་ཁུང་ཁ་ནང་བཞིན་ཡོད་པ་རེད། ཉན་རྒྱུ་ཡོད་པ་མ་རེད། ཁོ་བ་ཚོས་ཅི་བཤད་འདོ་ད་ཀྱང་དེ་བཤད་ཀི་རེད། ཅི་ལས་འདོད་ཀྱང་དེ་ལས་ཀི་རེད། ནམ་ཉི་མ་ང་ཚོས་ཧུང་དང་བིན་སོགས་བོད་མི་དམར་གསོད་ཀྱི་གྱོད་དོན་དང་འབྲེལ་བ་ཡོད་པ་ཚང་མ་ས་དྷམ་ནང་བཞིན་གནམ་ཐག་རྒྱག་རྒྱུར་ང་ཚོས་ད་ལྟ་ནས་གྲ་སྒྲིག་བྱེད་དགོས་ཀྱི་འདུག

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    བུད་མེད་འདི་གསུམ་སྙིང་སྟོབས་ཆེ་བ་དང་།།
    དྲ་གྲོགས་ང་ཚོ་ཁ་ཤོམ་ཆེ་བ་གཉིས།།
    བོད་ཀྱི་སྤྱི་ལ་ཕན་པའི་ལས་དེ་གང་།།
    ད་ནས་ང་ཚོས་རང་ཉེས་ངོས་ཟིན་ནས།།
    རང་ཁ་ནང་ལ་འཁོར་ནས་སྐད་ཆ་ཤོད།།
    གོང་ལ་ངན་ཁག་འདྲི་དགོས་གཏན་མེད་པར།།
    རང་གི་ནུས་པའི་སྲུ་ཞུ་བོད་དོན་ཆེད།།
    རྒན་གཞོན་དབྱེར་མེད་སུས་ཀྱང་སྒྲུབ་དགོས་དུས།།
    ད་ནི་རང་བསྡོད་ཁ་རྫུན་རྒྱག་གཏམ་སོགས།།
    སྤང་ནས་རྡོག་རྩ་གཅིག་གི་རྒྱུན་ཐག་ཁྲོད།།
    བོད་མིའི་བདེ་སྡུག་ཆེད་དུ་འབད་རོགས་ཞུ།།
    བུད་མེད་འདི་གསུལ་ལོ་རྒྱུས་གསལ་དངས་རེ།།
    ཤེས་མཁན་ཡོད་ན་འདི་རུ་གླེང་བ་དང་།།
    ཕན་ཚན་དྲ་གྲོགས་ཚོ་ཡི་འཇོན་ཚོད་ཀྱིས།།
    དེ་དག་ནང་མི་དག་ལ་སེམས་གསོའི་འཕྲིན།།
    རིང་ཐུང་གང་ནས་བསྐུར་གྱང་འགྲིག་ངེས་ཡིན།།
    དེ་ནི་ང་ཚོས་ཐུབ་པའི་ལས་ཡིན་ལ།།
    ནང་མིས་ཐོས་ཀྱང་སེམས་ངལ་ཅུང་སངས་ངེས།།
    དེ་འདྲ་ཨེ་རེད་དྲ་གྲོགས་སྤུན་ཟླ་ཚོ།།

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    འཛམ་གླིང་འདིར་མིང་གྲགས་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཟེར་བའི་སྙན་གྲགས་ཀུན་ལ་གྲགས་པའི་ཚོགས་པ་དེ་དག་གིས་ཀྱང་འགྲོ་བ་མིའི་ལྷན་སྐྱེས་ཀྱི་ཐོབ་ཐང་བསྐོར་ལ་ཤུགས་རྒྱག་གི་ཡོད་མེད་དེ་ནི་རང་རང་གི་མི་རིགས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ཟེར་ནས་ཚོགས་པ་སྙན་གྲགས་ཅན་དེ་ཚོ་བཙུགས་ཡོད་པ་ལས། འགྲོ་བ་མི་ཡོངས་ཀྱི་བདེ་སྡུག་གི་ཆེད་དུ་བཙུགས་ཡོད་པ་མ་རེད་ཟེར་ནས་གླེང་ན་འགྲིག་གི་ཡོད་པ་འདྲ། དེ་མིན་ན་རྒྱ་ནག་རྒྱལ་ཁབ་ནང་གི་མི་རིགས་ལྔ་དྲུག་དེ་འགྲོ་བ་མིའི་ཐོབ་ཐང་གི་ཁྲོད་དུ་ཚུད་ཀྱི་མེད་པ་ཡིན་འགྲོ

    Reply
  6. སོག་གཡག་ལ་སེ་བོ། says:
    ལོ་ 16 སྔོན།

    གང་གི་གདུག་རྩུབ་བྱ་སྤྱོད་དེ་ལ་གཟིགས་དང་་རྒྱ་མའི་ལབ་ཡག་གི་ཞིང་བྲན་ཁྲི་ཚོ་རྒྱ་ལ་ཡར་ལང་
    བཅིངས་འགྲོལ་བཏང་བ་ཡིན་ཟེར་བ་དེ་
    སྐྱག་རྫུན་ཡིན་པ་རྒྱལ་སྤྱིའི་སྟེང་ལ་བདེན་དཔང་ར་སྤྲོད་གསར་པོ་ཆགས་ཡོད་།

    Reply
  7. གནས་ཚང་། says:
    ལོ་ 16 སྔོན།

    གལ་སྲིད་ལས་ཀ་ཞིག་ལས་བསམ་གྱི་ཡོད་ན། རྒྱལ་སྤྱིའམ་རྒྱལ་ཁབ་གང་རུང་གི་རྟོག་ཞིབ་ཚོགས་པ་ཞིག་ཁོ་མོ་ཚོར་ཐད་ཀར་ཐུག་ནས་སྐད་ཆ་འདྲི་དགོས་ཀྱི་ཡོད་པ་དང་། དེར་བརྟེན་ཁོང་ཚོའི་འཚོ་བའི་གནས་སྟངས་ཀྱང་ཡག་ཏུ་གཏོང་སྲིད་ཀྱི་རེད།

    Reply
  8. ཇིང་སྲས་མིག་གསུམ་པ། says:
    ལོ་ 16 སྔོན།

    དམར་ཆུང་སྲོག་ཀྱང་འབུལ་ངེས་པའི་དཔའ་པོ་དཔའ་མོ་དག་ལ་ཐུགས་རྗེ་ཞུ།

    Reply
  9. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    སྙིང་རྗེ། སྲོག་ལས་ཐར་བའི་སྨོན་ལམ་འདེབས། གལ་སྲིད་སྲོག་ཐར་མ་བྱུང་ན་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་འདེབས།

    Reply
  10. འཁྱམས་པོ། says:
    ལོ་ 16 སྔོན།

    མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཁྲིམས་ཞེས་པ་དེ་གང་དུ་ཡོད་དམ།
    རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་ནང་དུ་གཏུམ་སྤྱོད་ཅན་གྱི་རྒྱ་གཞུང་གིས་གཡོ་རྒྱུ་དང་ཁྲིམས་འགལ་གྱི་བྱ་སྤྱོད་གང་འདྲ་ཞིག་སྤེལ་ཡང་ཡ་ལན་ཞིག་བྱེད་མཁན་མེད་པ་དེ་ཇི་ཡིན་ནམ། རྒྱལ་ཚོགས་འཐོར་ཞུགས་དུ་ཕྱིན་ཚར་བ་རེད་དམ་ཡང་ན་རྒྱལ་སྤྱི་འོན་ལྐུག་དང་ལྐོག་ཞར་དུ་ཕྱིན་པ་རེད། ཡ་ང་བ་ལ་་་་་་འུ་ཅག་བོད་པས་མཚོན་པས་སྐྱབས་མེད་མགོན་མེད་ཀྱི་འགྲོ་བ་མིའི་རིགས་འདི་དག་་་་སྙིང་རྗེ་བ་ལ་་་་
    ཡིན་ཡང་མི་འགྱངས་པར་དགྱ་འདྲེ་དེ་ཚོས་ང་ཚོ་ལ་གང་བྱས་པ་དང་ང་ཚོ་ལས་ཇི་ཞིག་རྐུ་འཕྲོག་བྱས་པ་དེ་ ཏག་ཏག་ཁོ་ཚོ་ལ་སྨྲིན་ངེས་་་་་་
    སྙིང་ཐག་པ་ནས་དཔའ་པོ་དཔའ་མོ་དེ་དག་ལ་གདུང་སེམས་མཉམ་སྐྱེད་ཞུ།

    Reply
  11. བསེ་རུ། says:
    ལོ་ 16 སྔོན།

    འཚེ་མེད་ཞི་བའི་ལམ་ནས་བདེན་དོན་རྩོད་མཁན་གྱི་བོད་མི་ཡོད་དོ་ཅོག་ལ་རྒྱ་ནག་གཞུང་གིས་གཡོ་བྱུས་སྣ་ཚོགས་འོག་དྲག་སྤྱོད་རིང་ལུགས་པའི་ཞྭ་མོ་ནག་པོ་ཞིག་གཡོགས་ཏེ།
    གོང་འཁོད་དཔའ་མོ་གསུམ་པོ་བཞིན་ཡོངས་ཁྱབ་ཀྱི་སྲོག་ཁྲིམས་ཀྱི་བཅད་ཁྲ་བཏང་བ་དང་། དུས་བཀག་བཙོན་འཇུག ཛ་དྲག་སྐབས་ལྐོག་གསོད་བྱེད་པ་སོགས་གདུག་རྩུབ་མནར་གཅོད་གཏོང་བཞིན་ཡོད་ན་ཡང་། བོད་མི་ཚོས་ད་དུང་བདེན་དོན་གྱི་བླ་སྲོག་ཞིག་ཐོབ་ཕྱིར་འཚེ་མེད་ཞི་བའི་ལམ་ནས་རང་ཉིད་ཚེ་སྲོག་དང་ཡོད་ཚད་ཀྱི་ཡོད་ཚད་འདི་ལྟར་གཏོང་དགོས་པ་ནི་བདེན་ན་ཡང་། མི་དཀར་ལ་ཞྭ་ནག་གཡོགས་པའི་སྲིད་བྱུས་གདུག་རྩུབ་ཅན་དེའི་འོག་འདི་ལྟར་འགྲོ་དགོས་པ་ནི་མི་རིགས་འདི་ཉམ་ཆུང་བས་ཡིན་ནམ། ཡང་ན་རྒྱ་ནག་གཞུང་འདིར་ངོ་ཚ་མེད་པས་ཡིན།

    Reply
  12. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    བོད་མི་རིགས་ཀྱི་བདེ་སྡུག་གི་ཆེད་དུ་རང་ཉིད་ཀྱི་ཚེ་སྲོག་གཏོང་བ་ལ་འཇིགས་སྐྲག་དང་འཛེམ་དོགས་གང་ཡང་མེད་པའི་རྒྱལ་གཅེས་དཔའ་མོ་འདི་དག་ལ་གུས་མདུད་དང་མྱ་ངན་ཞུ་དགོས་། ང་ཚོས་སྨོན་ལམ་དང་སྐྱབས་འཇུག་གིས་ཁྱེད་རྣམས་པ་ནམ་ཡང་མི་གཏོང་། ཡིན་ན་ཡང་།ཡིད་སྐྱོ་བ་ཞིག་ལ་སྤྱིན་བདག་ཁག་ལ་སྐྱབས་འཇུག་དང་སྨོན་ལམ་གྱི་སྐད་སྒྲ་རྒྱུན་ཆད་མེད་པའི་དགོན་པ་དང་གདན་ས་ཁག་ཏུ་མི་རིགས་ཀྱི་མནར་གཅོད་དང་སྡུག་བསྔལ་གྱི་གློང་དུ་བྱིངས་པའི་རྒྱལགཅེས་འདས་གསོན་ཕོ་མོ་འདི་དག་ལ་དགོན་པ་དང་གདན་ས་བླ་མ་དང་དགེ་བཤེས་རྣམས་ཀྱི་སྐྱབས་འཇུག་དང་སྨོན་ལམ་གྱི་དམིགས་འོག་ཏུ་ཚུད་མེད་པས་དངོས་གནས་ཡིད་སྐྱོ་ཞིག་བ་དང་ཞེ་ནས་སྡང་བ་ཞིག་རེད།འདི་འདྲའི་རྒྱལ་ཞེན་དང་རིགས་ཞེན་མེད་པའི་དགོན་པ་དང་བླ་སྤྲུལ་འདི་འདྲའི་སྙིང་རྗེ་དང་བརྩེ་བ་མེད་པའི་ཆོས་ཡུལ་ཞིག །དེང་སྐབས་ཀྱི་དགོན་པ་དང་ཆོས་བ་རྣྱམས་ཀྱིས་སེམས་ཅན་དང་རང་གི་མི་རིགས་ཀྱི་བདེ་སྡུག་གིི་ཆེད་དུ་ཆོས་དོན་གཉེར་བ་དང་ཆོས་སྤེལ་བ་མིན་ལ་རྒྱུ་ནོར་དང་ཐོབ་གོའི་ཆེད་དུ་ཆོས་ཡུལ་རྒྱ་བསྐྱེད་པ་ཞིག་རེད།

    Reply
  13. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    ཟུངས་ཁྲག་གངས་ལས་བརྡོལ་བའི་གདོང་དམར་བའི་རིགས་ལ།།
    དུངས་སྣང་བརྩེ་བ་གངས་དཀར་རི་བོ་ལས་དཀར་བའི།།
    རྒྱལ་གཅེས་དཔའ་མོའི་ན་གཞོན་རིན་ཆེན་གྱི་ཚེ་སྲོག །
    མུན་ནག་ཡུལ་དུ་བརྫངས་བས་མཆི་མ་ཡིས་ཁོངས་སོང་།།

    Reply
  14. གཞིས་ལུས་བོད་པ། says:
    ལོ་ 16 སྔོན།

    སྤྱིར་བཏང་རྒྱ་ནག་གིས་བསྒྲགས་པ་ལྟར་ན་ཆེས་མཐོའི་མི་དམངས་ཁྲིམས་ཁང་མ་གཏོགས་ཁྲིམས་ཁང་གཞན་ལ་སྲོག་ཁྲིམས་གཅོད་པའི་དབང་ཆ་མེད་ཚོད་རེད། ད་འདི་ཅི་ཞིག་རེད།

    Reply
  15. མདོ་ལའི་འཁྱམས་པོ། says:
    ལོ་ 16 སྔོན།

    བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དག་གིས་ངེས་པར་ཏུ་རྒྱལ་གཅེས་དཔལ་བོ་དཔལ་མོ་འདི་ཚོའི་ཆེད་དུ་ཛ་དྲག་གིས་ལས་འགུལ་སྤེལ་དགོས་ལ་། ལྷག་པར་ཏུ་རྒྱལ་སྤྱི་འགྲོ་བ་མིའི་ཐོབ་ཐང་གི་སྡེ་ཚ་ཁག་ལ་འབྲེལ་གཏུགས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་ཁོ་ཚོ་སྐྱོབ་ཐུབ་བྱེད་དགོས། བོད་མི་སྒེར་སོ་སོའི་ངོས་ནས་ཀྱང་གང་ཐུབ་ཀྱིས་འཛམ་གླིང་སྤྱི་ཡོངས་སུ་བསྒྲགས་ཐུབ་དང་གསར་ལམ་ཡོད་ཚད་ལ་གནས་ཚུལ་མཁོ་སྤྲོད་བྱེད་དགོས། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་ཚོས་ས་གནས་སོ་སོར་ནས་རྒྱལ་གཅེས་དཔལ་བོ་དཔལ་མོ་དེ་དག་གི་པར་འགྲེམས་སྤེལ་དང་ཁྱབ་བསྒྲགས་ཀྱིས་ལས་འགུལ་དམ་འཛིན་གྱིས་སྒོ་ནས་རྒྱ་ཆེ་སྤེལ་དགོས།ང་ཚོས་འདི་ལྟར་འཇོག་མི་རུང༌།

    Reply
  16. གངས་རི། says:
    ལོ་ 16 སྔོན།

    ཉེ་སྔོན་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ཐད་ལ་སྲོག་ཐོག་གི་ཉེས་པ་མི་གཅོད་པའི་ཁྲིམས་གཞི་ཞིག་ཡོད་པ་དེ་འུ་ཚོའི་བུད་མེད་འདི་དག་གི་ཐད་ལ་བེད་སྤྱོད་གཏོང་སྟངས་ཤིག་ཡོད་ན་སྐུ་མཁྱེན་ཐབས་ཤེས་ཤིག་གནང་རོགས་ཞུ།
    གསར་འགྱུར་འདི་གོ་བས་གློ་བུར་རྐྱེན་ལམ་དུ་སོང་པའི་འདས་པོ་དེ་ལས་ཀྱང་ཕངས་སེམས་སྐྱེས་པ་ཞིག་རེད་འདུག

    Reply
  17. ཟ་ལེ་རྒྱལ། says:
    ལོ་ 16 སྔོན།

    ང་ཚོས་གྱོད་དོན་འདི་དག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་བརྒྱུད་ནས་ཁྲིམས་གཅོད་ལ་བསྐྱར་ཞིབ་བྱེད་རྒྱུའི་འབོད་སྐུལ་བྱེད་དགོས། མི་འདི་དག་སྐྱོབ་མ་ཐུབ་དུས་འདི་དག་གི་རྗེས་ནས་ཁྲིམས་ལ་སྦྱོར་མཁན་རྣམས་ནི་འདི་དག་དང་གཅིག་མཚུངས་ཆགས་འགྲོ་གི་རེད། ད་ལོར་ང་ཚོའི་ལས་འགུལ་གཙོ་བོ་ཞིག་ནི་ལོ་སྔོན་མའི་ཡར་ལངས་ཀྱི་དོན་རྐྱེན་དང་ད་ལོ་ཁོང་ཚོར་ཁྲིམས་ཐག་གཅོད་ཀྱིན་པ་འདི་དག་ལ་རྒྱལ་སྤྱིའི་རྟོག་ཞིབ་ཚོགས་པ་ཞིག་གིས་ཞིབ་འཇུག་བྱེད་ཆོག་རྒྱུའི་ལམ་ཁ་འཚོལ་རྒྱུ་འདི་ཡིན་དགོས།

    Reply
  18. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ལོ་ན་གཞོན་པའི་བུད་མེད་དཔའ་མོ་འདི་དག་གི་བདེ་སྡུག་བསྐོར་ལ་ང་ཚོ་བོད་མི་ཡིན་ཚད་ཀྱིས་ག་རེ་བྱེད་ཐུབ་སྲིད། བོད་ཀྱི་བདེན་དོན་ཆེད་དུ་ཁོང་ཚོས་རྒྱ་ནག་གི་མི་དམངས་ཉེས་མེད་གང་རུང་ཞིག་བསམ་བཞིན་དུ་གསད་ཡོད་སྲིད་དམ། དེ་འདྲ་ནི་ཡིན་མི་སྲིད། འོན་ཀྱང་། དེ་རིང་ཁོང་ཚོ་ལ་བོད་མི་མང་གི་རོགས་སྐྱོར་གང་ཡང་བྱེད་ཐུབ་མེད་པར་རྒྱ་ནག་སྲིད་གཞུང་གི་ཁྲིམས་འོག་ནས་གཅིག་ཚེ་འདི་དང་ཁ་གྱེས་དགོས་པ་དང་གཉིས་ནི་འཇིག་རྟེན་དཀར་འོག་འདི་ནས་མུན་ནག་གི་ལོ་ཟླ་རྫོགས་མེད་ཅིག་རོལ་བའི་མགོ་བཙུགས་པ་རེད། གནམ་སྔོན་པོ་འདིའི་འོག་གི་ལས་དབང་འདི་ལ་སུ་ཞིག་གིས་འགྱུར་བ་གཏོང་མགོ་འཛུགས་དགོས་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese