སྤྱི་ཟླ་ ༤ ཚེས་མགོ་ནས་བོད་ཕྱི་ནང་གཉིས་ཀྱི་གསར་ལམ་ཁག་ཏུ་གླེང་སློང་ཤུགས་ཆེ་ཤོས་ནི། དངོས་མིང་ལ་ཁོ་ཚེ་ཚུལ་ཁྲིམས་དང་སྒྲ་མིང་ལ་འཇམ་དཔལ་དགྱེས་པའི་བློ་གྲོས། སྨྱུག་མིང་ལ་འཛམ་གླིང་ཞི་བདེའི་རིག་གནས་ཕོ་ཉ་ཞེས་པ་ཁོང་རྒྱ་གར་བྱང་ཕྱོགས་ངྷ་རམ་ས་ལར་འབྱོར་བའི་སྐོར་རེད། གནས་ཚུལ་དེ་ཐོག་མར་གསར་ལམ་ཁག་གི་གསར་འགྱུར་དངོས་མིན་པར། ཟླ་ ༤ ཚེས་ ༩ ཉིན་རྩོམ་པ་པོ་ལྷ་ཆབ་སྦྱིན་པ་ལགས་ཀྱིས་བོད་ཀྱི་དུས་བབ་དྲ་རྒྱའི་ཟིན་བྲིས་སུ། གངས་ཅན་བླ་མའི་ཨབ་ཕྲུག་ཁོ་ཚེ་ཚུལ་ཁྲིམས་ངྷ་སར་སླེབས་པ། ཞེས་པའི་ཟིན་ཐོ་ཞིག་བཀོད་པ་དང་དེའི་ངོ་བཤུས་ཁ་བརྡ་དྲ་བ་དང་བོད་ནང་གི་ཧི་གཟུགས་དྲ་བ་སོགས་ལ་འདྲེན་བཀོད་བྱས་པ་སོགས་རིམ་གྱིས་ཁྱབ་གདལ་དུ་སོང་བ་ཞིག་ཡིན་ཞིང་། ད་ཆར་གོང་གི་ཟིན་ཐོ་དེར་དཔྱད་གཏམ་གྲངས་ ༣༣ དང་། ཁ་བརྡ་དྲ་བའི་སྟེང་དཔྱད་གཏམ་ ༡༣༤ ། ཧི་གཟུགས་དྲ་བའི་སྟེང་དཔྱད་གཏམ་ ༡༣ བཅས་བཀོད་འདུག་ལ། དྲ་བ་དེ་དག་གི་ཀློག་གྲངས་ཆེས་མང་བའི་གོ་གནས་ཟིན་ཡོད།
དོན་དངོས་ཐོག་ཁོ་ཚེ་ཚུལ་ཁྲིམས་ངྷ་སར་འབྱོར་བའི་ཚེས་གྲངས་དང། ༧གོང་ས་མཆོག་ལ་མཇལ་ཁར་བཅར་རྒྱུའི་དམིགས་ཡུལ་ངོ་མ་གང་ཡིན་ཤེས་དཀའ་ཡང། ཟླ་ ༤ ཕྱི་ཚེས་ ༤ ཉིན་གྱི་ཞོགས་པ་ནས་གཙུག་ལག་ཁང་གཡས་གཡོན་ནས་ཁོ་ངོ་ཤེས་མཁན་འགའ་རེ་ཡིས་མཐོང་འདུག་ལ། སྐབས་དེར་ཁོས་སོག་ལྭ་ཞིག་གྱོན་ཞིང། རོགས་པ་ནང་སོག་གི་བུད་མེད་ཅིག་དང༌། ཕྱི་སོག་གི་སྐྱེས་པ་ཞིག་བཅས་ཡོད་འདུག ཐེངས་འདིར་ཁོ་ཚེ་ཚུལ་ཁྲིམས་ཀྱིས་སོག་པོའི་མཁན་པོ་ཞིག་གི་མིང་ཐོག་ནས་༧གོང་ས་མཆོག་དང་ཁལ་ཁ་རྗེ་བཙུན་དམ་པ་རྣམ་གཉིས་ལ་མཇལ་ཁར་བཅར་ཡོད་ཀྱང། སྐུ་སྒེར་ཡིག་ཚང་ནས་ཁོའི་ཕྱིར་སྐྱོད་ལག་ཁྱེར་རྒྱ་ནག་ནས་ཡིན་པ་ཤེས་ཏེ་མཇལ་ཁར་བཏང་མེད་སྟབས། ཨ་ལགས་འཇིགས་མེད་མཆོག་ལ་འབྲེལ་བ་བྱས་འདུག ཨ་ལགས་འཇིགས་མེད་མཆོག་གིས་ཁ་པར་བརྒྱུད་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་དང་ཤེས་རིག་ཟུང་དྲུང་བཀྲ་ཤིས་དོན་འགྲུབ་གཉིས་ལ། མི་དེར་བརྩད་གཅོད་ཞིབ་འཇུག་བྱ་དགོས་པའི་བཀའ་མངགས་གནང་བ་ལྟར། སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་དང་བཀྲ་ཤིས་དོན་འགྲུབ་གཉིས་ཕྱི་ཚེས་ ༥ ཉིན་སོག་པོའི་མཁན་པོར་རྫུས་པའི་ཁོ་ཚེ་ཚུལ་ཁྲིམས་ལ་ཐུག་འཕྲད་བྱས་ཏེ། གནས་ཚུལ་རྒྱུས་ལོན་བྱས་པའི་གྲུབ་དོན་བོད་གཞུང་བདེ་སྲུང་དང་སྐུ་སྒེར་ཡིག་ཚང་ལ་སྙན་སྒྲོན་ཞུས་འདུག་ལ། ཁོ་ཚེ་ཚུལ་ཁྲིམས་ཀྱིས་ཁས་ལེན་དམ་བཅའ་བྱས་དོན་ལྟར་དོན་ཚན་ ༤ ཡི་སྙན་ཞུ་ཞིག་བྲིས་ཏེ། ཕྱི་ཚེས་ ༧ བར་མཇལ་ཁ་རག་མིན་ལ་བསྒུག་རྒྱུ་བྱས་ཡོད་ཀྱང། ཉིན་དེའི་དགོང་མོ་ཕྱིར་ལྡི་ལིར་ལོག་སྟེ་ཕྱི་ཚེས་ ༦ ཉིན་ཨ་ལགས་འཇིགས་མེད་མཆོག་ལ་དངོས་སུ་ཐུག་འཕྲད་ཀྱིས་ཁོ་རང་གི་འདས་པའི་ལོ་རྒྱུས་དང༌། ཐེངས་འདིར་༧གོང་ས་མཆོག་ལ་མཇལ་ཁར་བཅར་དགོས་པའི་རྒྱུ་མཚན་སྙན་སྒྲོན་ཞུས་འདུག་ལ། དེའི་རྗེས་རྡོ་རྗེ་གདན་སོགས་སུ་ཕྱིན་ཅིང། ཚེས་ ༡༠ ཉིན་ལྡི་ལི་ནས་ཕྱིར་སོག་ཡུལ་དུ་ལོག་ཡོད་འདུག
ཁོ་ཚེ་ཚུལ་ཁྲིམས་སྔོན་རྒྱ་གཞུང་དང་གངས་ཅན་བླ་མ། དོལ་རྒྱལ་སོགས་ལ་འབྲེལ་བ་ཡོད་པའི་སྐད་ཆ་མང་དག་ཅིག་ཡོད་སྟབས། ཐེངས་འདིར་༧གོང་ས་མཆོག་གི་མཇལ་ཁ་རག་མེད་པ་མ་ཟད། ཁོ་དང་འབྲེལ་བ་བྱུང་ཡུལ་ཨ་ལགས་འཇིགས་མེད་མཆོག་དང་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང། ཤེས་རིག་ཟུང་དྲུང་བཀྲ་ཤིས་དོན་འགྲུབ་བཅས་ལའང་སྤྱི་ཚོགས་ནང་སྐྱོན་བརྗོད་དང་ཉེས་འཛུགས་འདྲ་མིན་ཞིག་ཡོང་གིན་ཡོད་པ་དང། གནས་ཚུལ་འདི་གསལ་བོ་བཟོ་དགོས་པའི་འབོད་སྐུལ་ཡང་བྱུང་ཡོད།
གནད་དོན་འདི་རིགས་བོད་གཞུང་བདེ་སྲུང་ལས་ཁུངས་དང་ཐད་ཀར་འབྲེལ་བ་ཆགས་ཡོད་སྟབས། ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་འདི་གའི་གསར་འགོད་པ་བོད་གཞུང་བདེ་སྲུང་ལས་ཁུངས་སུ་བཅར་ཏེ། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་ལ་གནད་དོན་དེའི་སྐོར་ལ་རྒྱུས་མངའ་ཅི་ཡོད་བཀའ་འདྲི་ཞུས་པར་ཁོང་གིས། ཉེ་ཆར་ཁོ་ཚེ་ཚུལ་ཁྲིམས་འདིར་སླེབས་ཏེ། མཇལ་ཁ་ཞུ་རྒྱུར་འབད་བརྩོན་བྱས་པ་དེ་དངོས་ཡོད་གནས་ཚུལ་རེད། ཁོས་སྙན་སེང་ཞུ་སྐབས་ཁོ་ཚེ་ཚུལ་ཁྲིམས་ཡིན་ཞེས་ལབ་མི་འདུག སོག་པོའི་བླ་མ་ཞིག་གི་མིང་ཐོག་ནས་མཇལ་ཁ་ཞུས་འདུག ཉིན་དེར་༧གོང་ས་མཆོག་ལ་གཙུག་ལག་ཁང་དུ་མཛད་འཆར་ཡོད་སྟབས། ཕེབས་ལམ་ནས་མཇལ་ཁ་གཏོང་རྒྱུའི་གྲ་སྒྲིག་ཡོད་ཀྱང། སོག་པོའི་བླ་མ་དེ་ཁོ་ཚེ་ཚུལ་ཁྲིམས་ཡིན་མིན་གྱི་སྐད་ཆ་ཞིག་བྱུང་སྟབས། བདེ་སྲུང་དང་སྐུ་སྒེར་ཡིག་ཚང་ནས་ཞིབ་འཇུག་བྱས་མཐར། ཁོ་ཚེ་ཚུལ་ཁྲིམས་ཡིན་པ་ར་འཕྲོད་དེ་མཇལ་ཁར་བཏང་ཡོད་པ་མ་རེད། ཅེས་གསུངས་སོང། ཡང་ཁོང་ལ་ཐེངས་འདིར་ཁོ་ཚེ་ཚུལ་ཁྲིམས་ཀྱིས་ཁས་ལེན་དམ་བཅའ་བྱས་ཚུལ་འདུག་པ་བདེན་མིན་དྲིས་པར། དོ་བདག་གིས་དོལ་རྒྱལ་བསྟེན་གྱིན་མེད་ཟེར་གྱིན་འདུག འོན་ཀྱང། གངས་ཅན་བླ་མ་དང་སོག་པོའི་བླ་མ་བཅས་ལ་འབྲེལ་བ་ཡོད་པ་དེ་གསལ་བོ་རེད་ལ། དོ་བདག་གིས་ཀྱང་འབྲེལ་བ་བྱུང་ཞེས་བཤད་བྱུང། སྔར་འབྲེལ་བ་ཡོད་མོད། ཕྱིས་སུ་འབྲེལ་བ་བྱ་རྒྱུ་མིན། སྐུ་མདུན་ལ་མཇལ་ཁར་གཏོང་རོགས། དེ་འདྲ་ལབ་མ་སོང། གལ་སྲིད་དེ་འདྲའི་དགོངས་པ་ཡོད་ན། ཐོག་མ་ནས་གསལ་བོར་བཤད་དགོས་པ་རེད། དེ་ལྟར་བཤད་པ་ཡིན་ན་བསམ་བློ་གཏོང་ས་ཞིག་ཡོད་པ་རེད། དེ་འདྲ་མེད་སྟབས། མཇལ་ཁར་གཏོང་ཐུབ་ཡོད་པ་མ་རེད། ཅེས་གསུངས་བྱུང།
ཕྱི་ཚེས་ ༡༦ ཉིན་ཤེས་རིག་ཟུང་དྲུང་བཀྲ་ཤིས་དོན་འགྲུབ་ལགས་སུ། ཐེངས་འདིར་ཁོ་ཚེ་ཚུལ་ཁྲིམས་དང་འབྲེལ་འདྲིས་བྱས་པའི་བརྒྱུད་རིམ་བཅར་འདྲི་ཞུས་པར་ཁོང་གིས། གནད་དོན་དེའི་སྐོར་ཆ་ཚང་བདེ་སྲུང་ལས་ཁུངས་སུ་སྙན་སྒྲོན་ཞུས་ཡོད། ང་རང་གཞུང་ཞབས་ཤིག་ཡིན་སྟབས། སྐད་ཆ་མང་པོ་བཤད་རྒྱུར་སྟབས་བདེ་བོ་མི་འདུག རྒྱལ་རོང་ཟླ་བ་ཚེ་རིང་ལགས་ལ་སྐད་ཆ་དྲིས་དང༌། ངེད་གཉིས་གཅིག་པ་རེད། ཁོས་མགོ་ནས་མཇུག་བར་བཤད་གི་རེད་ཅེས་བརྗོད་པ་ལྟར། ཉིན་དེའི་དགོང་མོ་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་སུ་ཐུག་འཕྲད་ཀྱིས་སྐད་ཆ་དྲིས་པར་ཁོང་གིས་བརྗོད་རྒྱུར། ཟླ་ ༤ ཚེས་ ༤ ཉིན་གྱི་དགོང་མོ་ཨ་ལགས་འཇིགས་མེད་རིན་པོ་ཆེ་ཡིས་ལྡི་ལི་ནས་བཀྲ་ཤིས་དོན་འགྲུབ་ལ་ཁ་པར་བཏང་སྟེ། སོག་པོའི་བླ་མ་ཡིན་ཟེར་མཁན་གྱི་ཨ་མདོ་བ་ཞིག་ངྷ་སར་སླེབས་ཡོད་ས་རེད། ཁོ་གངས་ཅན་བླ་མ་དང་འབྲེལ་བ་ཡོད་མཁན་ཞིག་རེད། དེ་ལ་བརྩད་གཅོད་ཞིབ་འཇུག་བྱ་དགོས། ཞེས་བཀའ་མངགས་བྱས་འདུག།ཕྱི་ཚེས་ ༥ ཉིན་ངེད་གཉིས་ཁོ་འཚོལ་དུ་ཕྱིན་སྐབས། གཙུག་ལག་ཁང་གི་སྒོ་ཁ་ནས་སོག་ལྭ་ཆེན་པོ་གྱོན་ཞིང་སོག་མོ་ཁྲིད་མཁན་ཞིག་ལ་ཐུག་སོང། ངེད་གཉིས་གམ་དུ་བཅར་ཏེ་སྐད་ཆ་འདྲི་སྐབས་ཅུང་ཚ་གེ་ཚིག་གེ་ཞིག་ཆགས་བཞིན་ཁོ་ཚེ་ཚུལ་ཁྲིམས་ཡིན་ཟེར། ང་ཚོས་བཀའ་མོལ་སྐབས། སོག་པོའི་གུ་རུ་དེ་ཝ་ངོ་ཤེས་པ། དེབ་ཅིག་གི་ཆེད་དུ་གངས་ཅན་བླ་མར་འབྲེལ་བ་བྱུང་ཡང་ ༢༠༠༦ ལོའི་རྗེས་སུ་འབྲེལ་བ་མེད་ཚུལ། ཐེངས་འདིར་ཁལ་ཁ་རྗེ་བཙུན་དམ་པ་དང་༧རྒྱལ་བ་རིན་པོ་ཆེ་གཉིས་ལ་མཇལ་དུ་ཡོང་བ་དང༌། ༧རྒྱལ་བ་རིན་པོ་ཆེའི་མདུན་ནས་གཙང་མ་བཟོ་རྒྱུ་ཞིག་ཡོད་ཚུལ་སོགས་བཤད་བྱུང༌། དེ་དག་སྐུ་སྒེར་ཡིག་ཚང་གི་ལས་བྱེད་སྐུ་ངོ་བྲེ་སང་ལགས་སུ་ཞུས་པ་ཡིན། སྐབས་དེར་བདེ་སྲུང་གི་ལས་བྱེད་ཅིག་ཡོང་སྟེ་ཁོང་ལ། ཁྱོད་རང་སྐུ་མདུན་ལ་མཇལ་དགོས་པའི་དམིགས་ཡུལ་ཡིག་ཐོག་ནས་ཁྱེར་ཤོག་ཟེར་སྟབས། བཀྲ་ཤིས་དོན་འགྲུབ་ཀྱི་རོགས་རམ་འོག ཤོག་ངོས་གསུམ་ཅན་གྱི་སྙན་ཞུ་ཞིག་བྲིས་ཏེ་བདེ་སྲུང་དང་སྐུ་སྒེར་ཡིག་ཚང་ལ་སྤྲད་སོང་ལ། ༧གོང་ས་མཆོག་གི་མཇལ་ཁར་ཕྱི་ཚེས་ ༧ བར་བསྒུག་གི་ཡིན་ཟེར། ལས་ཀ་ཡོངས་སུ་གྲུབ་རྗེས་ང་ཚོ་མཉམ་དུ་བོད་ཀྱི་གསོལ་མགྲོན་ཁང་དུ་དགོང་ཟས་ཟ་རུ་ཕྱིན་པ་ཡིན། ང་རང་གི་མཐོང་སྣང་ལ་མི་དེའི་ཤེས་ཡོན་གྱི་གནས་ཚད་ཧ་ཅང་མཐོ་བོ་དང༌། ཐེངས་འདིར་ཁ་ཞེ་གཉིས་མེད་ཀྱིས་མགོ་འདོགས་ཞུ་རུ་ཡོང་བ་མིན་ནམ་སྙམ་པ་ཞིག་བྱུང་སོང། དགོང་མོའི་ཆུ་ཚོད་ ༨ ཡས་མས་སུ་ང་ཚོ་ཁ་གྱེས་མ་ཐག་གནས་ཚུལ་ཆ་ཚང་བདེ་སྲུང་བཀའ་བློན་མཆོག་ལ་སྙན་གསེང་ཞུས་པ་ཡིན། ཞེས་གསུངས་སོང་།
ཐེངས་འདིར་ཁོ་ཚེ་ཚུལ་ཁྲིམས་ངྷ་སར་འབྱོར་མ་ཐག་ཁལ་ཁ་རྗེ་བཙུན་དམ་པར་མཇལ་ཁ་ཞུས་ཡོད་སྟབས། ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་ཁལ་ཁ་རྗེ་བཙུན་དམ་པའི་བླ་བྲང་དུ་བཅར་ཏེ། སྲས་ཆོས་འཕེལ་ཡོན་ཏན་ལགས་སུ། ཐེངས་འདིར་ཁོ་ཚེ་ཚུལ་ཁྲིམས་ཀྱིས་ཁལ་ཁ་རྗེ་བཙུན་དམ་པར་འབྲེལ་བ་བྱེད་སྟངས་གང་འདྲ་ཡིན་སྐོར་དྲིས་པར་ཁོང་གིས། སོག་ཡུལ་གྱི་ཚོང་པ་ཆེན་པོ་པཱ་ཐའོ་ཟེར་བ་ཞིག་གིས་ལྡི་ལི་སོག་པོའི་གཞུང་ཚབ་ལ་ཁ་པར་བཏང་སྟེ། སོག་པོའི་མཁན་པོ་ཞིག་ངྷ་རམ་ས་ལར་བསྐྱོད་འཆར་ཡོད་པ་དེར་རོགས་པ་བྱ་དགོས་ཚུལ་ལབ་འདུག་ལ། ལྡི་ལི་སོག་པོའི་གཞུང་ཚབ་ནས་ང་ཚོའི་འདི་གར་སོག་པོ་བོད་སྐད་ཤེས་མཁན་ཞིག་ཡོད་དེར་འབྲེལ་བ་བྱས་ཏེ་མཁན་པོ་དེ་ལ་རོགས་རམ་བྱ་དགོས་པའི་མངགས་བཀོལ་བྱས་འདུག དེ་བཞིན། གཞུང་ཚབ་ཀྱིས་རླངས་འཁོར་ཞིག་ཏུ་བསྐྱལ་ཏེ་ཞོགས་པ་ཞིག་ལ་འདི་གར་སླེབས་འདུག ཉིན་གུང་རྗེས་རིན་པོ་ཆེ་ལ་མནྟལ་རྟེན་གསུམ་འདེགས་འབུལ་ཞུ་རྒྱུ་ཡིན་ཟེར། ངས་ཁོང་ཚོར་རིན་པོ་ཆེ་སྐུ་གཟུགས་བདེ་བོ་མེད་སྟབས། མནྟལ་རྟེན་གསུམ་འདེགས་འབུལ་ཡོང་གི་མ་རེད། ཅེས་ལབ་པ་ཡིན། སོག་པོའི་མནབས་བཟའ་སོགས་ཅ་དངོས་ཁ་ཤས་ཕུལ་སྐབས། རིན་པོ་ཆེ་ཡིས་ཤུགས་ལྡན་བསྟེན་མཁན་ཡིན་མིན་སྐད་ཆ་དྲིས་སྐབས། མཁན་པོ་དེས་ཤུགས་ལྡན་ལ་འབྲེལ་བ་རྩ་བ་ནས་མེད་ཟེར། དེ་ནས་ཁོང་གིས་ཁལ་ཁ་རྗེ་བཙུན་དམ་པའི་རྒྱབ་གཉེར་ཞིག་གནང་རོགས་ཟེར་ལ། རོགས་པ་ནང་སོག་གི་བུད་མེད་ཅིག་འདུག དེ་ཁོ་རང་གི་སྐྱེས་དམན་ཡིན་པ་འདྲ། མོས་ཀྱང་མཁན་པོ་འདིས་སོག་པོར་ཆོས་ཕྱོགས་ཀྱི་མཛད་པ་མང་པོ་སྐྱོང་གིན་ཡོད་རབས་བཤད་དེ། རྒྱབ་གཉེར་དེ་རག་ཐབས་ལ་འབད་བརྩོན་ཆེན་པོ་བྱས་སོང་། འོན་ཀྱང། ང་ཚོ་སྔར་ཕན་ཚུན་རྒྱུས་མངའ་མེད་སྟབས། ཐེངས་འདིར་རྒྱབ་གཉེར་དེ་སྤྲད་ཡོད་པ་མ་རེད། དེའི་རྗེས་ནས་ང་ཚོ་ཐུག་རྒྱུའང་མ་བྱུང། ཞེས་བརྗོད་བྱུང།
ཉིན་དེའི་ཉིན་རྒྱབ་ཨ་ལགས་འཇིགས་མེད་རིན་པོ་ཆེ་མཆོག་ལ། ཐེངས་འདིར་ཁོ་ཚེ་ཚུལ་ཁྲིམས་ཐོག་མར་སྐུ་ཉིད་དང་འབྲེལ་བ་བྱུང་ཡོད་སྟབས། དེའི་སྐོར་ལ་གསལ་བཤད་ཅིག་གནང་རོགས་ཞེས་ཞུས་པར་ཁོང་གིས་གསུངས་དོན། ཉེ་ཆར་ང་ལྡི་ལིར་ཡོད་སྐབས་ནང་ནས་ཁ་པར་ཞིག་འབྱོར་ཏེ། སོག་པོའི་མཁན་པོ་ཡིན་ཟེར་མཁན་ཞིག་གིས་ཁྱོད་ལ་མཇལ་དགོས་ཟེར་གྱིན་འདུག་ཟེར། དེ་ནས་ངས་ཁོ་ལ་ཁ་པར་བརྒྱུད་འབྲེལ་བ་བྱས་སྐབས། ང་རང་སོག་པོའི་མཁན་པོ་ཞིག་ཡིན། ཁྱེད་སྔོན་མཇལ་མྱོང་མེད་མོད་གོ་མྱོང་ཡོད། ཐེངས་འདིར་༧གོང་ས་མཆོག་དང་ཁལ་ཁ་རྗེ་བཙུན་དམ་པར་མཇལ་དུ་ཡོང་བ་ཡིན་མོད། ༧གོང་ས་མཆོག་ལ་མཇལ་ཁ་ཡོང་ཁག་པོ་ཆགས་འདུག ང་ལ་ཞུ་རྒྱུ་གལ་ཆེན་ཞིག་ཡོད། ང་དང་མཉམ་དུ་སོག་པོའི་གཞོན་ནུ་ཚོགས་པའི་གཙོ་འཛིན་ཡང་ཡོད། ཐེངས་འདིར་ངེད་གཉིས་ལ་རོགས་རམ་ཞིག་གནང་རོགས། ཞེས་བརྗོད་སོང། དེ་ནས་སྐུ་སྒེར་ཡིག་ཚང་ལ་ཁ་པར་བཏང་སྐབས། སོག་པོ་ཡིན་ཟེར་མཁན་ཞིག་སླེབས་སོང་མོད། ཕྱིར་སྐྱོད་ལག་ཁྱེར་རྒྱ་ནག་གི་རེད། གོ་ཐོས་ལྟར་ན་ཁོ་ཚེ་ཚུལ་ཁྲིམས་ཡིན་ཚུལ་འདུག་ཟེར་སྟབས། ངས་ཡང་བསྐྱར་ཁ་པར་བཏང་སྟེ་སྐད་ཆ་ཞིབ་འདྲི་བྱས་སྐབས། ཁོ་ཚེ་ཚུལ་ཁྲིམས་ཡིན་པ་དྲང་བཤད་བྱས་སོང། སྐབས་དེར་ངས་ཁོ་ལ། གོང་དུ་ཁྱེད་ཀྱིས་སོག་པོ་ཡིན་ཟེར་དོན་ཅིན་ཡིན་ཞེས་དྲིས་པར་ཁོས་ང་ལ། ཁྱེད་ཀྱིས་མཁྱེན་གསལ་ལྟར་རེད། སྤྱིར་ཁོ་ཚེ་དང་མདའ་ཚན་དེ་སོག་པོ་ཡིན་པའི་སྐད་ཆ་ཞིག་ལོ་རྒྱུས་དག་ཏུ་ཡོད་པ་རེད། ཅེས་བརྗོད་བྱུང། དེ་ནས་ངས་ཁོ་ལ་ཁོ་ཚེ་ཚུལ་ཁྲིམས་ཟེར་བ་དེ་གངས་ཅན་བླ་མ་དང་དོལ་རྒྱལ་སོགས་ལ་འབྲེལ་བ་ཡོད་རབས་བཤད་རྒྱུ་འདུག་པ་བདེན་པ་ཡིན་མིན་དྲིས་པར། སོག་པོའི་གུ་རུ་ཏེ་ཝ་ངོ་ཤེས་པ་ཙམ་ལས་འབྲེལ་བ་གང་ཡང་མེད། གངས་ཅན་བླ་མས་བདག་གིས་རྩོམ་སྒྲིག་བྱས་པའི་གངས་ལྗོངས་རིག་བཅུའི་ཉིང་བཅུད་ཆེན་པོར་དང་བླངས་ཐོག་དཔར་སྐྲུན་སྦྱིན་བདག་བྱས་པ་རེད། དེའི་རྗེས་འབྲེལ་བ་གང་ཡང་མེད། དོལ་རྒྱལ་ལ་འབྲེལ་བ་རྩ་བ་ཉིད་ནས་མེད། སྤྱིར་མདོ་སྨད་དུ་དོལ་རྒྱལ་བསྟེན་མཁན་དཀོན་ལ། ལྷག་པར་དུ་བླ་བྲང་དང་རེབ་གོང་ཕྱོགས་སུ་དྲི་མ་ཙམ་ཡང་ཡོད་པ་མ་རེད། དེའི་ཕྱོགས་ནས་ང་རང་གཙང་མ་ཡིན། ཐེངས་འདིར་༧རྒྱལ་བ་རིན་པོ་ཆེའི་མདུན་ནས་དེ་དག་གསལ་བོ་བཟོ་དགོས་བསམ་ཡོད། ཅེས་བརྗོད་སྟབས། ང་རང་གི་བསམ་པར་ཁོ་ཚེ་ཚུལ་ཁྲིམས་སྒོ་ཁར་སླེབས་པ་ཡིན་ན། ཁོ་མདོ་སྨད་ཀྱི་མི་ཞིག་རེད། གདོང་དང་གདོང་ཐུག་སྟེ། ཞིབ་འཇུག་གསལ་བོ་ཞིག་བྱས་ན་ཡག་པོ་ཡོང་གི་རེད་སྙམ་སྟེ། བཀྲ་ཤིས་དོན་འགྲུབ་དང་རྒྱལ་རོང་ཟླ་བ་ཚེ་རིང་སོགས་ལ་འབྲེལ་བ་ཞུས་ཏེ་བརྩད་གཅོད་ཞིབ་འཇུག་བྱེད་དུ་མངགས་པ་ཡིན། འོན་ཀྱང། ཕྱི་ཚེས་ ༦ ཉིན་ལྡི་ལི་ནས་ང་ལ་དངོས་སུ་ཐུག་ཏུ་སླེབས་སོང། གངས་ལྗོངས་རིག་བཅུའི་ཉིང་བཅུད་ཆེན་པོའི་དཀར་ཆག་དང་པོད་དང་པོ་བཅས་ང་ལ་སྤྲད་དེ། ༧གོང་ས་མཆོག་ལ་འབུལ་རོགས་ཟེར། དེ་དང་མཉམ་དུ་ཐེངས་འདིར་སྐུ་སྒེར་ཡིག་ཚང་དུ་ཕུལ་བའི་སྙན་ཞུའི་ངོ་བཤུས་ཤིག་ཀྱང་སྤྲད་སོང། ངས་ཁོང་ལ། བླུན་པོ་འཕྱུག་ན་མཐོ་གང་དང༌། མཁས་པ་འཕྱུག་ན་འདོམ་གང༌། ཞེས་པའི་དཔེ་ལྟར་ལམ་ཁ་ནོར་ཉན་གི་མ་རེད། ཅེས་གང་ཐུབ་ཀྱིས་སློབ་གསོ་བརྒྱབས་པའི་ཁུལ་ཡིན། དེའི་རྗེས་རྡོ་རྗེ་གདན་ལ་འགྲོ་དགོས་པ་དང། ཕྱི་ཚེས་ ༡༠ ཉིན་ཕྱིར་སོག་པོར་ལོག་དགོས་ཟེར་གྱིན་འདུག ཅེས་གསུངས་སོང།
ཁོ་ཚེ་ཚུལ་ཁྲིམས་སྔར་རྒྱ་གཞུང་དང་གངས་ཅན་བླ་མར་འབྲེལ་བ་ཡོད་ཀྱང། ཐེངས་འདིར་ བཞུགས་སྒར་ངྷ་རམ་ས་ལར་བཅར་ཞིང། སྐུ་སྒེར་ཡིག་ཚང་ལ་སྙན་ཞུ་ཞིག་ཕུལ་ཡོད་རབས་འདུག་སྟབས། ཕྱི་ཚེས་ ༡༨ ཉིན་ཁ་པར་བརྒྱུད་སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་ལགས་སུ། ཁོ་ཚེ་ཚུལ་ཁྲིམས་ཀྱིས་ཕུལ་བའི་ཞུ་ཡིག་དེའི་ཐད། དགོངས་ཚུལ་གང་འདྲ་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས་བརྗོད་དོན། ཞུ་ཡིག་དེ་འདྲ་ཕུལ་ཡོད་པ་ངས་ཧ་གོ་མ་སོང། དམིགས་བསལ་ཞུ་རྒྱུ་དེ་འདྲ་ཡོད་ན་སྐུ་སྒེར་ལས་བྱེད་ཚོར་བཤད་དགོས་པ་རེད། སོག་པོའི་མཁན་པོ་ཞིག་གི་མིང་ཐོག་ནས་མཇལ་ཁ་ཞུས་འདུག།སྤྱིར་བཏང་གི་མཇལ་ཁར་བཏང་ཡོད་ཀྱང༌། ཞུ་རྒྱུ་གལ་ཆེན་ཞིག་ཡོད་ལོགས་སུ་མཇལ་ཁ་གཏོང་རོགས། ཞེས་ལབ་འདུག མཚམས་དེ་འདྲ་ཞིག་ལ་ཁོ་གངས་ཅན་བླ་མ་དང་འབྲེལ་བ་ཡོད་མཁན་ཞིག་ཡིན་པ་ཤེས་ཏེ། མཇལ་ཁར་བཏང་ཡོད་པ་མ་རེད། ཅེས་བརྗོད་བྱུང། དེ་ནས་སྐུ་ངོ་བྲེ་སང་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ཞུ་ཡིག་དེ་འདྲ་ཞིག་བྲིས་ཡོད་པ་བདེན་པ་རེད། མི་དེ་ཡོང་ས་སོག་པོ་དང་ཕྱིར་སྐྱོད་ལག་ཁྱེར་རྒྱ་ནག་ནས་རེད། ཁོས་སྙན་ཞུ་དེའི་ནང། དོལ་རྒྱལ་ཚོགས་པ་དང་སྔར་ཡང་འབྲེལ་བ་མེད་ལ། ད་ལྟ་ཡང་འབྲེལ་བ་མེད། དེབ་ཅིག་དཔར་སྐྲུན་ཆེད་གངས་ཅན་བླ་མ་དང་འབྲེལ་བ་བྱུང་ཡང། ཕྱིས་སུ་འབྲེལ་བ་མེད། དེ་དག་༧གོང་ས་མཆོག་ལ་མཇལ་ཁ་རག་ན་ཞུ་འཆར་ཡོད་སྐོར་བྲིས་འདུག འོན་ཀྱང༌། བར་མཚམས་དེ་འདྲ་ཞིག་ལ་ཁོ་ཕྱིར་ལོག་འདུག ཅེས་གསུངས་སོང།
ཁོ་ཚེ་ཚུལ་ཁྲིམས་རྒྱ་མཚོ་ནི། མདོ་སྨད་ཀན་ལྷོ་ཁོ་ཚེ་ཞེས་པའི་འབྲོག་སྡེར་སྐྱེས་ཤིང། ༡༩༨༤ ལོར་ཁོ་ཚེ་ཞང་སློབ་ཆུང་ཐོན་རྗེས་བླ་བྲང་དགོན་པར་ཞུགས་ཡོད་འདུག ༡༩༩༡ ལོར་ཀན་སུའུ་ནང་བསྟན་སློབ་གྲྭ་ཐོན་རྗེས་བསྐྱར་དུ་སློབ་གྲྭ་དེ་གའི་དགེ་རྒན་གྱི་མིང་ཁུར་ཡོད་འདུག ༢༠༠༡ ནས་ ༢༠༠༣ བར་པེ་ཅན་སློབ་ཆེན་གྱི་ནང་བསྟན་མཚན་ཉིད་རིག་པའི་སྐོར་ལ་སློབ་སྦྱོང་བྱས་ཡོད་པ་དང༌། སྐབས་དེ་དག་ཏུ་གུང་ཐང་རིན་པོ་ཆེའི་དྲུང་ཡིག་དང་དབུས་སྨྲ་དཔེ་དེབ་ཀྱི་བློ་འདོན་རྩོམ་སྒྲིག་པ། གངས་ལྗོངས་རིག་བཅུའི་ཉིང་བཅུད་ཆེན་པོའི་གཙོ་འགན་རྩོམ་སྒྲིག་པ་བཅས་བྱས་མྱོང་ཞིང༌། ད་ཆར་སོག་ཡུལ་དུ་མཁན་པོ་ཞིག་གི་མིང་ཐོག་ནས་ལས་ཀ་བྱེད་ཀྱིན་ཡོད་འདུག
I think ཁོ་ཚེ་ཚུལ་ཁྲིམསhas done very good job for tibetan culture.Some tibetans are always jealous others who they personally do not like.I hate those stupid people.
ཁང་གསར་རྡོ་རྗེ་དང་ཞབས་དྲུང་ངག་དབང་རྣམ་རྒྱལ་གཉིས་ལས་ཆོལ་ཁ་གསུམ་ལ་མི་མེད་པ་མ་རེད། ཁྱེད་གཉིས་ཀྱིས་སེམས་ཤུགས་ཆེ་མདོག་བསྟན་ཏེ་བོད་ཀྱི་བསྟན་པ་ཆབ་སྲིད་ལ་གནོད་པའི་དབྱེན་སྦྱོར་དཀྲུགས་ཤིང་བྱེད་པ་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན། རྒྱ་ནག་དང་དོད་རྒྱལ་ཡང་ན་གངས་བླ་སོགས་ཀྱི་དྲི་མ་ཁྱེད་གཉིས་ལ་འགོས་ཡོད་པའི་དོག་གཞི་ཡོད། བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ཆོལ་གསུམ་རྡོག་རྩ་གཅིག་ཏུ་བསྒྲིལ་དགོས་པ་ལས། གང་ཟག་རེ་ཟུང་གི་བྱས་ཉེས་དེ་ཆོལ་ཁའི་ངོ་བོར་བསྒྱུར་ཐབས་བྱེད་པ་དེ་བོད་མིའི་རྩ་དོན་དང་རྒྱབ་འགལ་རེད། མི་རེ་ཟུངགི་བྱས་ཉེས་བྱུང་བ་ལ་སྐྱོན་བརྗོད་བྱེད་དགོས་ན་མིང་བཟུང་ནས་མི་འདིས་ནོར་འཁྲུལ་འདི་བཟོས་པ་རེད་ཅེས་སོ་སོ་རང་ལ་སྐྱོན་བརྗོད་བྱེད་རྒྱུ་དང་། ཆོལ་གསུམ་བོད་མིའི་མིག་མདུན་དུ་ནོར་འཁྲུལ་གསར་སྟོན་བྱེད་ཐུབ་ན་བོད་མིའི་རྩ་དོན་ལ་ཕན་ཐོག་ཡོང་གི་རེད། དེ་འདྲ་མིན་པར་མི་རེ་ཟུང་གི་བྱས་ཉེས་དེ་ཆོལ་ཁའི་ངོ་བོར་བསྒྱུར་ཐབས་བྱས་ཚེ་སོ་སོ་ལ་དྲི་མ་ངན་པ་ཞིག་ཡོད་པའི་རྟགས་མཚན་ནོ།།
ཅི་བྱེད་འདི་བྱེད་མེད་པའི་སྐྱ་མིན་སེར་མིན་འདི་ལ་ཡ་མ་བྱས་པ་དེ་དངོས་ཡག་པོ་འདུག
ཁྱེད་རང་བགྲོ་གླེང་གི་དོ་རར་འདིར་ཡོང་རོགས་ཟེར་མཁན་མེད་པར་ཡོང་པ་རེད། ད་འགྲོ་རོགས་ཟེར་མཁན་མེད་པར་སོང་ནའང་འགྲིག་གི་རེད། སུས་ཀྱང་བཀག་ཐུབ་ཀྱི་མ་རེད། འོན་ཀྱང་ཁྱེད་རང་མ་སོང་གོང་ངས་ཕེབས་སྐྱེལ་གྱི་སྙན་རྩོམ་ཞིག་ཕུལ་ཆོག་པ།
ཀོ་རུལ་འདྲ་བའི་དོལ་རྒྱལ་ཕྱོགས་གཏོགས།།
ཁོ་ཚེ་ཚུལ་ཁྲིམས་དྷ་སར་སླེབས་སྐབས།།
གོ་རྒྱ་ཅན་གྱི་ཨ་ལགས་ཁོང་གིས།།
ངོ་ཚ་མེད་པར་བསུ་མ་བཏང་སོང།།
ཅོ་འདྲིར་མཁས་པའི་མི་ངན་དེ་ཚོས།།
ཆོ་རིགས་སོག་པོར་བརྫུས་ཏེ་སོང་ཡང།།
ཇོ་ལགས་བདེ་སྲུང་གྲུང་པོའི་མདུན་ནས།།
ཉོ་ཆ་གྲ་མ་ཉོ་དགོས་ཆགས་སོང།།
ཏོ་ཏོའི་སྐད་ཆེན་རྒྱལ་རོང་ཟླ་བ།།
ཐོ་རང་འུག་པ་བཀྲ་ཤིས་དོན་འགྲུབ།
དོ་དོ་ཏན་ཏན་ཡིན་མདོག་ཁ་པོས།།
ནོ་ནོ་ཁོ་ཚེར་གསོལ་སྟོན་བཤམས་སོང།།
པོ་པོ་རྒྱལ་རོང་ཧམ་ཤེད་ཆེ་བས།།
ཕོ་བྲང་མཇལ་ཁ་ད་དུང་རག་ཆེད།།
བོ་དོང་ལྟ་བུའི་མཁས་པ་རེད་ཟེར།།
མོ་པ་ཁོ་ཚེ་མཇལ་ཁར་ཐོངས་ཟེར།།
ཙོ་ཙ་ལྟ་བུའི་དྲ་ལམ་ཁག་ཏུ།།
ཚོ་དང་ཚོ་བྱས་བསམ་འཆར་མང་པོ།།
ཛོ་ཀི་རྣམ་པས་སྤེལ་བའི་ཤུགས་ཀྱིས།།
ཝོ་བརྒྱལ་ཕྲན་བུ་བྱུང་བ་ཡོད་སྙམ།།
ཞོ་ཡི་ཁ་དོག་ཁྲག་ཏུ་སྒྱུར་མཁན།།
ཟོ་ངན་ཁྱི་སྤྱང་ལག་སྦྲེལ་འདི་ཚོར།།
འོ་ཅག་མང་པོས་མཚང་འབྱིན་བྱས་པར།།
ཡོ་ཡོའི་ཞབས་དྲུང་ངར་ནས་སླེབས་བྱུང་།།
རོ་དྲི་འཐུལ་བའི་སྐད་ངན་རེ་རེར།།
ལོ་ཡག་ལྗང་པའི་ལན་རེ་ཕུལ་ཡོད།།
ཤོ་ཆུང་གྲུ་བཞིར་རྣ་བ་མེད་ཀྱང་།།
སོ་ཆུང་ང་ལ་མོས་མོས་བྱེད་ཀིས།།
ཧོ་སྒྲ་ཀུ་སྒྲས་འགྲོ་གི་ཟེར་གིས།།
ཨོ་ཨོ་བཞུགས་རོགས་ཟེར་ཁོམ་མི་འདུག །
ཨོ་ཚོད་ཆེ་ཆེ་བཤད་པ་མིན་ཡང།།
ཧོ་ཧོའི་རྒྱལ་ཁ་ང་ལ་ཡོད་སྙམ།།
དེ་སྐད་ཀ་ཕྲེང་མེ་ཏོག་ཕྲེང་བ།།
བྱུང་རིམ་དྲི་བསུང་ཀུན་ནས་ལྡང་འདི།།
ལྷག་བསམ་མལ་ཁང་གསར་པའི་ནང་དུ།
བདེན་པའི་རྡོ་རྗེས་ཉལ་བཞིན་བཅོས་ཏེ།།
རྫུན་མའི་ཞབས་ཀྱི་དྲུང་ཡིག་ཆེ་མོ།།
ངག་དབང་རྣམ་རྒྱལ་ཕམ་ནས་འགྲོ་ཁར།།
ཕེབས་སྐྱེལ་ཚུལ་དུ་འབུལ་བ་ལགས་ན།།
དགྱེས་བཞིན་བཞེས་ཏེ་ཤར་རྒྱག་སོང་ཞིག།། །།
དགེ་འདུན་ཆོས་འཕེལ་སྐོར་ངས་གོང་དུ་བཤད་ཟིན་པ་ལས་ལྷག་པ་ཞིག་བཤད་རྒྱུ་མེད་ཅེས་བརྗོད་ཟིན་པ་ཡིན། ཚིག་དེ་འདྲ་རང་ཡིན་རུང་མིན་རུང་དོན་དག་དེ་ག་རང་རེད།
དེབ་ཀྱི་ཁ་གྲངས་མང་ཉུང་གི་ཆ་ནས་བྱས་རྗེས་ཆེ་ཆུང་འཇོག་གི་ཡོད་ན། ཁྱིའི་མཇུག་མ་བཏགས་པ་དེ་ཚོ་ཨ་མདོ་བའི་མ་རེད་དམ། ལྷག་རྡོར་གྱིས་བསྒྱུར་བ་དེ་ཚོ་སོ་སོས་བསྒྱུར་བ་ཡིན་ཞེས་པར་སྐྲུན་བྱེད་མཁན་དེ་ཚོ་ཡང་ཨ་མདོ་བ་མ་རེད་དམ། ཀྱེ་མ། ཡོད་ཚད་ཀྱི་ཡོད་ཚད་ཟེར་བའི་དེབ་བརྒྱ་མ་དགོས་འབུམ་བྱུང་ཡང་བོད་ཀྱི་རིག་གཞུང་ལ་ག་རེ་ཕན་ས་རེད།
གཙོ་བོ་གཅིག་འུར་བརྒྱབ་མ་བརྒྱབ་ཀྱང་རེད། དཔེར་ན། བོད་ཀྱི་དཔེ་མཛོད་ཁང་གི་དབང་འདུས་ཚེ་རིང་ཁོང་ཚོས་དེབ་ཉི་ཤུ་སུམ་ཅུ་རྩོམ་སྒྲིག་གིས་བཏོན་ཚར་འདུག སོ་སོས་འུར་མ་བརྒྱབ། ཕ་ཡུལ་གཅིག་པས་ཀྱང་འུར་མ་བརྒྱབ་སྟབས་གཞན་གྱིས་ཤེས་ཀྱི་མ་རེད། གལ་ཏེ་དབང་འདུས་ཚེ་རིང་མདོ་སྨད་པ་ཡིན་ན། ད་ཚོད་དུས་བབ་ཀྱིས་བཅར་འདྲི་རིང་ཐག་ཆོད་ཅིག་བྱས་ཚར་བ་རེད།
དགེ་བཤེས་ལྷག་རྡོར་ལྟ་བུ་ཞིག་དང་། གསུང་སྒྱུར་ཐུབ་བསྟན་སྦྱིན་པ་འདྲ་བ་ཞིག་ཨ་མདོའི་ནང་ནས་ཐོན་ན་ཨ་མདོ་བ་ཚོས་ག་ཚོད་བཀྱགས་ས་རེད། དེ་ཚོ་ལ་བསམ་བློ་ཐོངས།
ངས་དབུས་གཙང་བ་ཡིན་ཁུལ་ག་དུས་བྱས་སོང། ཁམས་པའི་རྒྱབ་རྩ་གང་ན་བྱས་འདུག ངས་བཤད་པའི་སྐད་ཆའི་དོན་ལ་མ་བསམས་པར། སྐབས་འདིའི་སྐྱོན་བརྗོད་བྱ་ཡུལ་ཨ་མདོ་བ་ཁ་ཤས་ཡིན་པ་ཙམ་གྱི་རྒྱུ་མཚན་གྱིས་སྐྱོན་བརྗོད་བྱེད་མཁན་དེ་ངེས་པར་དབུས་གཙང་བའམ་ཁམས་པ་ཡིན་དགོས་པའི་ལོག་རྟོག་དེ་གང་ནས་བྱུང་། དེ་འདྲའི་བཤད་སྟངས་གཞི་བཟུང་བྱས་ན། ཁྱེད་རང་གིས་བསྟན་འཛིན་རིག་བཟང་གིས་དགེ་བཤེས་ལྷག་རྡོར་སོགས་ཀྱི་སྒྱུར་རྩོམ་བརྐུས་ཚུལ་སྐྱོན་བརྗོད་བྱས་སྟབས་ཁྱེད་རང་དབུས་གཙང་བའམ་ཁམས་པ་ཡིན་མི་དགོས་སམ། དོན་དུ་ཁྱེད་སུ་རེད། གང་གི་ཁོངས་གཏོགས་རེད། སུའི་ཕྱོགས་རེད། དེ་ཚོ་གནད་འགག་མིན་པ་ཇི་བཞིན་ང་སུ་ཡིན་པ་དང། སུའི་ཕྱོགས་ཡིན་མིན་གནད་འགག་མ་རེད། གནད་འགག་ང་གཉིས་སུས་བཤད་པའི་སྐད་ཆར་རྒྱུ་མཚན་ཡོད་མེད་དེ་རེད།
བགྲོ་གླེང་གི་དོ་ར་འདིར་མ་བོས་པར་ཕེབས་མཁན་ཁྱེད་རང་རེད། མ་ཕེགས་སྔོན་ནས་དགོངས་པ་ཡག་པོ་བཞེས་ཡོད་ཤག་རེད་ཅེས་ངས་དང་པོ་དེ་གར་ཞུས་པ་ཡིན། ཆོལ་ཁའི་དུག་ཞེན་གྱི་སྐད་ཆ་དང་པོ་ཁྱེད་རང་གིས་གསུངས་དུས། ངས་དེ་ལ་ལན་བཏབ་པ་ཡིན། ལན་དེ་ཡང་དྲང་པོ་དྲང་བཞག་གི་སྒོ་ནས་བཏབ་ཡོད། ག་རེ་བཏབ་ཡོད་ཅེ་ན། བོད་ཀྱི་རིག་གཞུང་རྒྱུན་འཛིན་གྱི་ཆེད་དུ་ཆོལ་ཁ་གསུམ་ཀས་ནུས་པ་འདོན་བཞིན་ཡོད་པ་རེད་ཅེས་ལན་དུ་བཏབ་ཡོད། དེ་ཆོལ་ཁའི་དུག་ཞེན་དུ་འགྲོ་ན། ཁྱེད་རང་གིས་བཤད་པ་དེ་ཚོ་ཅིའི་ཕྱིར་དུག་ཞེན་དུ་མི་འགྲོ་སྟེ་ཐེ་ཚོམ་མེད་པར་འགྲོའོ།།
ད་ཁྱོད་རང་ལ་སྙིང་པོ་ཡོད་པའི་སྐད་ཆ་ཡོད་ན་བཤད་ཤོག ཆོ་མེད་པའི་ཁ་འཛིང་དང་ཆོལ་ཁའི་དུག་ཞེན་གྱིས་བཤད་ཡོང་ན། ང་ལ་ཡ་ལན་བྱེད་པའི་དུས་ཚོད་མེད།
ལྷག་པར་དུ། དེང་སྐབས་བོད་གཞིས་བྱེས་གཉིས་གང་དུ་སོང་ནའང་བོད་ཀྱི་སྐད་ཡིག་དང་རྩོམ་རིག ཡིག་སྒྱུར་གྱི་ལས་དོན་གཉེར་མཁན་ཕལ་མོ་ཆེ་ཨ་མདོ་བ་ཡིན་པ་མཐོང་གསལ་རེད། དེབ་བརྒྱ་དཔར་ཡོད་ན། དེའི་ནང་གི་ ༨༠ ཨ་མདོས་བྲིས་པ་རེད། དོན་དངོས་དེ་ཚོའི་ཐོག་ནས་ཨ་མདོས་བོད་ཀྱི་རིག་གཞུང་གི་རྐང་རྩ་བཟུང་བ་གསལ་བར་མཚོན་གྱི་མི་འདུག་གམ། ཁྱེད་རང་ཚོས་ཁས་ལེན་བྱས་རུང་མ་བྱས་རུང། དོན་དགོས་དེ་ག་རེད།
ཁང་གསར་རྡོ་རྗེ། ཁྱོད་དབུས་གཙང་བ་ཡིན་མདོག་མདོག་ཅིག་ནས་ད་ཁམས་པའི་རྒྱབ་ལངས་ཡིན་ཡང་ན་ཁམས་པ་ཡིན། ཉེས་པ་བསགས་པ་མཚུངས་པ་ལ་ཆོལ་ཁའི་ཆ་ནས་ཉེས་ཆད་གཅོད་སྟངས་འདྲ་ཡི་མ་རེད་མདོག་མདོག་འདི་སུའི་རྣ་བར་འགྲོ། ཁུངས་མེད་འཆལ་གཏམ་འདི་ཚོ་དང་། ཆོལ་ཁའི་ན་ཚ་བརྩད་ནས་སྙིང་པོ་ཅི་འདུག
ཨ་ལགས་འཇིགས་མེད་ཀྱིས་གོང་ས་མཆོག་གི་སྐུ་ཕྱྭ་ལ་གནོད་སྐྟེལ་རྩིས་ཡོད་རེད་ཟེར་གྱི་མེད་ན་ཅི་ཟེར་གྱི་ཡོད། དགེ་འདུན་ཆོས་འཕེལ་གོ་མིན་ཏང་གི་སོ་པ་ཡིན་རབས་དེ་འདྲའི་སྟག་ལྷའི་དེབ་ནང་བཤད་མི་འདུག སྤོམ་མདའི་མཉམ་དུ་ཡོད་རབས་ཙམ་ལས་བཤད་མི་འདུག རྫུན་ཆེན་པོ་མ་བཤད་ན་ལེགས།
༸གོང་ས་མཆོག་གིས་༼ཨ་མདོ་བ་ལ་ཨོང་ཏོ་མེད་༽ཅེས་གསུངས་པའི་གཏམ་དཔེ་དེར་ངས་ལོག་འགྲེལ་བྱས་ལུགས་མ་བཤད་གོང་། ༸གོང་ས་མཆོག་གིས་འདིའི་ཐད་ཅི་གསུངས་འདུག་ཡག་མོ་ཞིག་ལྟོས། ཨ་མདོ་བ་རྒས་པོ་དེ་ཚོར་འདིའི་དོན་དག་ཅི་རེད་ཅེས་སྐད་ཆ་དྲིས་ན་ཡག་གི་རེད། དེ་ནས་ང་སྙིང་ཁམས་ཆེ་མིན་ཤེས་ངེས་རེད།
ཨ་ལགས་འཇིགས་མེད་ཀྱིས་ཨ་སྒོར་ལྐོག་ཉར་བྱས་ཀྱང་། ཉེས་པ་ཕོག་མྱོང་མེད་པ་བརྒྱ་ཆ་བརྒྱ་བདེན་པ་རེད། འོན་ཀྱང་དེ་ཙམ་གྱིས་ཉེས་མེད་ཡིན་པར་བསྒྲུབས་མི་ཐུབ། རྒྱུ་མཚན་ནི། ད་ལྟ་ཁོ་ཚེ་ཚུལ་ཁྲིམས་ལ་ཨ་ལགས་འཇིགས་མེད་དང་གཞུང་ཞབས་བཀྲ་དོན། མདོ་སྨད་ཚོགས་གཙོ་བཅས་ཀྱིས་འབྲེལ་བ་བྱས་པ་འདྲ་བོ་ཞིག་མདོ་སྟོད་ཀྱི་ཚོགས་གཙོས་བྱས་པ་ཡིན་ན། ད་ག་རེ་ཆགས་སོང། ཉེས་པ་ཕོག་ཚར་བ་རེད། ཁྱོད་ཚོས་ས་སྡིང་གནམ་ལྡིང་བྱས་ཚར་བ་རེད། ཉེས་པ་ཕོག་དང་མ་ཕོག་གི་ས་མཚམས་དེ་སྐབས་རེ་དེ་འདྲ་ཞིག་རེད།
ཆོལ་ཁ་ནག་པོ་བཟོ་རྩིས་ཡོད་པའི་ཉེས་འཛུགས་མ་བྱེད་ཅིག དགེ་འདུན་ཆོས་འཕེལ་རྒྱ་ནག་གོ་མིང་ཏང་གི་སོ་པ་ཡིན་པ་དང། སྤོམ་མདའ་དང་མཉམ་དུ་ཀ་སྦུག་ཏུ་གོ་མིང་ཏང་གིས་བཙུགས་ཤིང་འགྲོ་སོང་བཏང་བའི་ནུབ་བོད་ལེགས་བཅོས་སྐྱིད་སྡུག་ནང་དགེ་ཆོས་ཁོ་རང་འཛུལ་བས་མ་ཚད། ད་དུང་ཡབ་གཞིས་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱང་འཇུག་ཐབས་བྱས་པ་ཨ་མདོ་བ་རང་གིས་བྲིས་པའི་དེབ་ནང་གསལ་པོ་འདུག 《མི་ཚེའི་བྱུང་བ་བརྗོད་པ་》ཀློག་དང་དེའི་ནང་འདུག ཨ་ལགས་དོར་ཞིས་ཀྱང་དགེ་ཆོས་ཀྱི་ཆབ་སྲིད་ལངས་ཕྱོགས་ཡག་པོ་མིན་རབས་ཤིག་གསུངས་མི་འདུག་གམ། ད་དུང་ཡིད་མ་ཆེས་ན། ནུབ་བོད་ལེགས་བཅོས་སྐྱིད་སྡུག་རྒྱ་གར་དབྱིན་གཞུང་གིས་རྩ་གཏོར་བཏང་རྗེས་གཞུང་བཞེས་བྱས་པའི་ཡིག་ཆ་ད་ལྟ་ཡིག་ཚགས་ལས་ཁུངས་སུ་བལྟས་ཆོག་ཆོག་ཡོད་རེད། དེའི་ནང་དགེ་ཆོས་ཁོང་ཚོའི་དམིགས་ཡུལ་སོགས་གསལ་པོ་འདུག དགེ་ཆོས་ཀྱིས་བོད་ཀྱི་ས་བཀྲ་འབྲི་བར་སོང་བ་གོ་མིང་ཏང་གི་བཀའ་བཞིན་བསྒྲུབས་པ་ལས་བོད་ཀྱི་དོན་དུ་ཡིན་ས་མ་རེད། ཟླ་རེར་དྷ་ཡང་ ༤༠༠ རེ་དགེ་ཆོས་ལ་གོ་མིང་ཏང་གིས་སྤྲད་པ་གོ་མིང་ཏང་གི་ཡིག་ཚགས་ནང་ད་ལྟ་དགེ་ཆོས་ཀྱི་ས་རྟགས་འཁོད་པའི་བྱུང་འཛིན་བསྡད་ཡོད་ས་རེད། དེ་ཚོ་ཁུངས་སྐྱེལ་དཔང་རྟགས་རེད། དེ་ལས་ལྷག་ཅིག་ང་ལ་བཤད་རྒྱུ་མེད། དེ་བཤད་པས་མདོ་སྨདཆོལ་ཁ་ནག་པོ་ཆགས་དོགས་ཀྱི་སེམས་ཁྲལ་བྱེད་དགོས་མ་རེད། བུ་དཔའ་བོ་བརྒྱ་དགོས་སྟོང་ཡོད་ཡིན་པ་ང་ཚོས་ཤེས་གསལ་རེད་པ།
ཨ་ལགས་འཇིགས་མེད་ཀྱིས་༸གོང་ས་མཆོག་གི་སྐུ་ཕྱྭ་ལ་གནོད་སྐྱེལ་རྩིས་ཡོད་རེད་ཅེས་ངས་བཤད་མེད། ཁྱེད་རང་གིས་དེ་འདྲ་ཞིག་གོ་ན་ཁྱེད་རང་ནོར་བ་རེད། ངས་དོགས་གནད་ཁག་ཅིག་བཏོན་པ་ཡིན། ཨ་ལགས་ཀྱིས་ཁོ་ཚེ་ཚུལ་ཁྲིམས་ཡིན་མིན་དང། གངས་ཅན་བླ་མར་འབྲེལ་ཡོད་ཡིན་མིན་དོགས་པ་ཟ་ཡོད་ན། ཅིའི་ཕྱིར་སྔོན་ཚུད་ནས་བོད་གཞུང་ལ་སྙན་སེང་མ་ཞུས་པ་ཡིན་ནམ། ཨ་ལགས་ཀྱི་སྐོར་ལ་རྡོག་རྡོག་དེ་རེད། ཤེས་སོང་ངམ། དོགས་པ་ཀུན་ལ་ཟ་ཆོག་གི་རེད། དཔྱད་པ་སངས་རྒྱས་ཀྱི་གསུང་ལའང་བྱས་ཆོག་གི་རེད།
བོད་ཀྱི་རིག་གཞུང་གི་རྩ་བ་འཛིན་མཁན་ཨ་མདོ་བ་ཡིན་པའི་སྒྲུབ་བྱེད་དུ། ད་ལྟ་ཁྱོད་ཀྱིས་རྩོམ་དང་ཡིག་སྒྱུར་བྱེད་མཁན་ཕལ་མོ་ཆེ་ཨ་མདོ་བ་རེད་ཟེར་གྱི་ཡོད་རེད། དེ་ཡང་བདེན་པ་མ་རེད།
ཀྱེ་མ། ཡོད་ཚད་ཀྱི་ཡོད་ཚད་ཟེར་བ་ལྟ་བུའི་སྙན་ངག་ཆ་ལེ་ཆོ་ལེ་དེ་འདྲ་འབྲི་མཁན་མང་ཆེ་བ་ཨ་མདོ་བ་རེད། ལ་གླུ་ལ་གཞས་ཁ་བསྒྱུར་ཏེ་སྙན་རྩོམ་ཐ་ནེ་ཐུན་ནེ་འབྲི་མཁན་མང་ཆེ་བ་ཡང་མདོ་སྨད་པ་རེད། གཞན་སྒྲུང་རིང་ལ་མཚོན་ན། གཙུག་གཡུ་དང་ཕལ་བའི་ཁྱིམ་ཚང་གི་སྐྱིད་སྡུག བཀྲས་ཟུར་ཚང་གི་གསང་བའི་གཏམ་བརྒྱུད་སོགས་གྲགས་གྲགས་སྙན་སྙན་དེ་ཚོ་ཨ་མདོས་བྲིས་པ་མ་རེད། གདོང་ཐོག་གི་ཚིག་མཛོད་དང། བཀྲ་ཤིས་ཚེ་རིང་གི་ཚིག་མཛོད། དུང་དཀར་ཚིག་མཛོད། ཀརྨ་སྨོན་ལམ་གྱི་ཚིག་མཛོད་སོགས་བོད་གཞིས་བྱེས་གཉིས་ན་མིང་ཡོད་པ་དེ་ཚོ་ཡང་ཨ་མདོས་བྲིས་པ་མ་རེད། ཆུ་ངོགས་གཏམ་བརྒྱུད་དང་ཁང་ཆེན་དམར་པོའི་རྨི་ལམ། རྒྱལ་རབས་གསུམ་གྱི་གཏམ་བརྒྱུད། གྷན་དྷིའི་ལོ་རྒྱུས་དང་གསུང་རྩོམ། འབའ་པ་ཕུན་དབང་གི་དེབ། ༸གོང་ས་མཆོག་གི་རང་རྣམ་དང་གསུང་རྩོམ་དེ་ཚོ་བོད་ཡིག་ཏུ་སྒྱུར་མཁན་ཨ་མདོ་བ་ཚོ་མ་རེད། བོད་གཞིས་བྱེས་གཉིས་ན་དུས་དེབ་དང་རྩོམ་སྒྲིག་ཁང་མང་ཙམ་ཡོད་པ་དེ་ཚོའི་ནང་ཆོལ་ཁ་གསུམ་ཀའི་མི་ཡོད་རེད་མ་གཏོགས་ཨ་མདོ་བ་གཅིག་པུས་འཇོན་བསྡད་པ་དེ་འདྲ་མ་རེད།
བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་དུས་དེབ་དང་ཚགས་པར། གཞུང་འབྲེལ་མ་ཡིན་པའི་དུས་དེབ་དང་ཚགས་པར་སོགས་ཀྱང་ཆོལ་ཁ་གསུམ་ཀའི་མིས་རྩོམ་སྒྲིག་གིས་འདོན་བཞིན་པ་རེད་མ་གཏོགས་ཨ་མདོ་གཅིག་པུས་འཇོན་པ་མ་རེད། བྱས་ཙང་རང་གིས་རང་ལ་རློམ་སེམས་ཀྱིས། རྩྭ་ཐང་ཡ། རྩྭ་ཐང་། ཁྱེད་ནི་བདག་གི་ཡུམ་ཆེན་ཟེར་བ་ལྟ་བུ་བྲིས་པས། ད་གང་མིན་ཚད་ཅིག་ལ་སླེབས་ཡོད་བསམས་ན་ནོར་བ་རེད། དེ་ཡན་ཆོད་ཅིག་ཡིན།
ལྷག་པར་༼ཨ་མདོ་བ་ལ་ཨོང་ཏོ་མེད་༽ཅེས་པའི་གཏམ་དཔེ་དེར་ལོག་འགྲེལ་བྱེད་དོན་ཅི་འདུག དེ་ཨ་མདོ་བ་ལ་ཛར་རེ་ཛོར་རེ་འཁྲིད་རྒྱུ་མེད་ཟེར་བའི་དོན་རེད་མ་གཏོགས། རྩྭ་ཆུ་གང་བཟང་གི་གོ་དོན་ཞིག་གང་ན་འདུག གོང་ས་མཆོག་གི་གསུང་ལའང་བཟོ་བཅོས་བྱེད་པའི་སྙིང་ཁམས་དེ་ཆེ་ཨང་།
ཨ་ལགས་འཇིགས་མེད་ཀྱིས་ཨ་སྒོར་ལྐོག་ཉར་གནང་ཡོད་ན། བོད་གཞུང་གིས་ཉེས་པ་གཅོད་ཀི་རེད། ད་ཕན་ཉེས་པ་ཕོག་རབས་གོ་མ་མྱོང་། དེ་ཡིན་དུས་ཨ་སྒོར་ཉར་ཡོད་མེད་མི་ཤེས་ཀྱང་ཉར་ནའང་བོད་གཞུང་གིས་ཤེས་ཀྱི་ཡོད་པའི་རྟགས་རེད།
ངས་ཁང་གསར་བ་ཁྱོད་ཀྱི་དམིགས་ཡུལ་ཆོལ་ཁ་ནག་པོ་བཟོ་རྩིས་མིན་ནམ་ཞེས་བཤད་པ་ཡིན། ད་ཇེ་གསལ་ཇེ་གསལ་རེད།
མཁས་དབང་དགེ་འདུན་ཆོས་འཕེལ་རྒྱ་གོ་མིན་གྱི་སོ་པ་ཡིན་པའི་ཁུངས་སྐྱེལ་ག་རེ་ཡོད།
ཨ་ལགས་འཇིགས་མེད་ཀྱིས་རྒྱལ་བའི་སྐུ་ཕྱྭ་ལ་གནོད་པ་ག་རེ་བྱས་སོང། དེ་ཚོ་ཁུངས་སྐྱེལ་ཡོད་ན་བཤད་ཤོག དེ་མིན་ཆོ་མེད་ཀྱི་རྙོག་དྲ་བཤད་ནས་སྙིང་པོ་མེད། ཁྱོད་ཀྱིས་ག་ཚོད་བཤད་ནའང་ཁུངས་ལྡན་འདི་རེད་བསམ་པ་ཅི་ཡང་མི་འདུག
ཨ་ཕོ་སངས་རྒྱས་བོད་གཞུང་གིས་ཤེས་རིག་ནང་བསྐོས་པ་རེད། དེ་དང་བཀྲ་དོན་འབྲེལ་བ་ཅི་འདུག
ངས་དེང་སྐབས་བོད་གཞིས་བྱེས་གཉིས་ན་རྩོམ་རིག་དང་ཡིག་སྒྱུར་གྱི་ཕྱག་ལས་གནང་མཁན་ཕལ་མོ་ཆེ་ཨ་མདོ་ཡིན་པའི་ཆ་ནས་མདོ་སྨད་པ་རྣམས་རིག་གཞུང་གི་རྐང་རྩ་འཛིན་མཁན་ཡིན་པར་བཤད་པ་ཡིན། དེ་དོན་དངོས་ཡིན་པ་ཚང་མས་མཐོང་གསལ་རེད། ཁྱོད་ལ་དེ་ཙམ་ཡང་ཁས་ལེན་པའི་སྤོབས་པ་མེད་པ་ཨང།
བཞི་པ། དུས་བབ་ཀྱི་ཐད་ལ་ངས་བཤད་པའི་བསམ་འཆར་དེ་ཚོ་གནད་འགག་ཡིན་མིན་ཁྱེད་རང་གིས་དུས་བབ་ཞིབ་འཇུག་བྱེད་མཁན་དང་ཐག་གཅོད་བྱེད་མཁན་མིན་པའི་སྐོར་བཤད་པ་དེ་ནས་མཐོང་ཐུབ་ཀི་འདུག ངས་འདྲི་དགོས་པར་བཤད་པ་དེ་ཚོ་དྲིས་ན། གནད་འགག་གི་ཐོག་ལ་བབས། ཐག་གཅོད་ཀྱི་ཐོག་ལ་ཡོང་གི་ཡོད་རེད། རྡོག་རྡོག་བཤད་ན་དེ་ག་རེད།
ལྔ་པ། ཁྲིམས་མིས་བཟོས་པ་ཡིན་དུས་དེས་ལག་པ་བསྡམས་བསྡད་ན་འགྲིག་གི་མ་རེད་ཅེས་གསུངས་པ་དེ་སྒྲིག་འགལ་ཁྲིམས་འགལ་བྱས་ན་འགྲིག་གི་རེད་གསུངས་པ་ཞིག་མ་རེད། དོན་དག་སྒྲུབ་པར་དཀའ་ངལ་དང་འགོག་རྐྱེན་ཆགས་ཀྱི་འདུག་ན། ཁྲིམས་ལ་བསྐྱར་བཅོས་སམ། ཡང་ན་རྒྱུ་མཚན་ཁུངས་དག་བཤད་རྒྱུ་ཡོད་པའི་སྒོ་ནས་ཁྲིམས་ལ་མ་བསྟུན་ན་འགྲིག་གི་རེད་གསུངས་པ་རེད། ད་ལྟའི་གནད་དོན་འདིར་གཟིགས་དང། ཁྲིམས་བསྐྱར་བཅོས་ཀྱང་སོང་མེད། རྒྱུ་མཚན་ཁུངས་དག་ཀྱང་བཤད་རྒྱུ་མེད། ཚང་མས་འདི་ལྟར་བྱས་ན་གཞུང་གི་ཁྲིམས་དང་སྒྲིག་གཞི་དེ་ཚོ་གང་འདྲ་ཆགས་ས་རེད།
དྲུག་པ། ཨ་ལགས་འཇིགས་མེད་མདོ་སྨད་ཀྱི་གཙུག་རྒྱན་ཡིན་པར་མདོ་སྨད་པ་ཡོངས་ཀྱིས་མོས་པ་ཡོད་ན། ང་ལ་འོས་འཚམས་མེད་པའི་མཐོང་ཚུལ་བྱུང་ཟེར་རྒྱུ་ལས་གཞན་ཁྱད་ཅི་ཡང་མེད། ཀུན་བཟང་བླ་མའི་རྙོག་གླེང་དང་འབྲེལ་བའི་ཞིབ་འཇུག་ཚོགས་ཆུང་གི་བཅད་ཁྲའི་ནང་ཨ་ལགས་གིས་ཨ་སྒོར་མང་པོ་སྦས་སྐུང་བྱས་ཡོད་པ་ཞིག་ཀྱང་གསལ་འདུག་པས། གཙུག་རྒྱན་ཡིན་པར་ཡོངས་བསྒྲགས་མ་བྱས་གོང་བསམ་བློ་གཏོང་ཐུབ་ན་ལེགས།
ད་དུང་མདོ་སྨད་ཀྱི་ཁོངས་སུ་ཀརྟི་རིན་པོ་ཆེ་ལྟ་བུའི་ཆོས་སྲིད་གང་ཐད་ནས་མཛད་རྗེས་ཆེ་བའི་སྐྱེས་བུ་ཆེན་པོ་མང་པོ་ཡོད་པ་ལས་མི་ཟད་ནི་ཐེབས་མེད། གནད་འགག་དེ་ཚོར་ཡང་བསམ་བློ་ཞིག་གཏང་ན་ལེགས་པ་མེད་དམ།
གསུམ་པ། ངས་ཀུ་རེ་ཞིག་བརྩེས་པར་མདོ་སྨད་ཀྱི་ཤེས་ཡོན་ཅན་ལ་ཟུར་ཟ་བྱས་འདུག་ཅེས་ཁྱོད་དེ་འདྲའི་ངར་དགོས་དོན་འདུག་གམ། ང་ཚོ་བོད་ལ་༼རང་ལ་འཇག་མ་རྐང་གཅིག་མི་འགྲོ་སར་གཞན་ལ་བོང་རྒྱུག་ཚད་ཚད་༽ཅེས་པའི་གཏམ་དཔེ་ཞིག་ཡོད་རེད། དེའི་གོ་དོན་རང་གི་རྐུབ་ན་རྩྭ་འཇག་མ་ཙམ་ཡང་འཛུལ་ན་མི་བདེ་བ་བྱེད་ཀྱང་། གཞན་ལ་བོང་བུར་གཞུ་བྱེད་ཀྱི་རྒྱུག་པ་སྦོམ་པོ་དེ་འདྲ་ཚད་ཚད་བྱེད་ཀྱི་འདུག་ཟེར་བ་རེད། དེ་འདྲ་ཙམ་ཆགས་འདུག དེས་ཁྱོད་རང་ལ་ཕོག་ནའང་ཕོག ངས་ནི་ཀུ་རེ་རང་བརྩེས་པ་ཡིན།
འོན་ཀྱང་ཁྱེད་ཀྱིས་༼ བོད་གཞིས་བྱེས་གཉིས་ན་བོད་ཀྱི་སྐད་ཡིག་རིག་གཞུང་གི་རྐང་རྩ་འཛིན་མཁན་དེ་མདོ་སྨད་པ་ཚོ་ཆགས་བསྡད་ཡོད།༽ཅེས་བཤད་ནས། དེ་ཚོར་གུས་གུས་ཞུམ་ཞུམ་དང་བརྩི་བརྩི་མཐོང་མཐོང་གཞན་དང་མ་འདྲ་བ་བྱེད་དགོས། དེ་མིན་ཉི་མ་གཅིག་མདོ་སྨད་ཀྱི་ཤེས་ཡོན་ཅན་ཚོ་སེམས་ཤུགས་ཉམས་ན་བོད་ཟེར་བ་དེ་ཡོངས་སུ་ཚར་བ་ཡིན་འདྲ་ཞིག་བཤད་འདུག མདོ་སྨད་པའི་ནང་ཤེས་ཡོན་ཅན་ཡོད་པ་དེ་ཚོར་བསྔགས་བརྗོད་ཡོད། གུས་ཞབས་ཡོད། འོན་ཀྱང་བོད་གཞིས་བྱེས་གཉིས་ན་བོད་ཀྱི་རིག་གཞུང་གི་རྐང་འཛིན་མཁན་མདོ་སྨད་པ་ཚོ་ཆགས་ཡོད་ཟེར་ན་སུའི་རྣ་བར་འགྲོ་ཡི་རེད།
ས་དགེ་བཀའ་རྙིང་བོན་དང་བཅས་པའི་མ་དགོན་བུ་དགོན་དེ་ཚོའི་སྔོན་གྱི་གདན་རབས་ལོ་རྒྱུས་དང་། ད་ལྟའི་མཁན་པོ་དགེ་བཤེས། མཁས་པ། དཔེ་ཆའི་དགེ་རྒན་དེ་ཚོར་ལྟོས་དང་། མདོ་སྨད་པ་ག་ཚོད་འདུག རྒྱ་གར་ཚ་བའི་ནང་དུ་བོད་ཀྱི་རིག་གཞུང་གི་སྙིང་པོ་འཆད་འཁྲིད་ཀྱི་ངལ་བས་སྐུ་ལ་སྙུང་གཞི་བཞེས་ཀྱང་ད་དུང་སྐུ་ངལ་ཕྲག་ཏུ་བཞེས་མཁན་དེ་ཚོར་གཟིགས་དང་། མདོ་སྨད་པ་ག་ཚོད་འདུག
བོད་གཞིས་བྱེས་གཉིས་ཀྱི་སློབ་གྲྭ་ཁག་གི་དགེ་རྒན་ནང་གཙོ་བོའི་ནུས་པ་འདོན་མཁན་དེ་གང་ནས་རེད། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སྔོན་འགྲོ་ནས་མཐོ་རིམ་བར་གྱི་དགེ་རྒན་ཚོ་གང་ནས་རེད། ལྷ་བྲིས་དང་འཚེམས་བཟོ། ཤིང་བཟོ། འཇིམ་བཟོ། རྡུང་ཚགས་བོད་ཀྱི་ལག་ཤེས་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གཙོ་བོ་དག་གང་ནས་རེད། བོད་ཀྱི་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་ཆེད་དུ་གལ་ཆེའི་ནུས་པ་འདོན་མཁན་བོད་གཞུང་ལས་ཁུངས་མ་ལག་དང་བཅས་པའི་ནང་ཚེ་བློས་གཏོང་གིས་ཞབས་འདེགས་ཞུ་མཁན་ཕལ་མོ་ཆེ་མདོ་སྨད་པ་རེད་དམ། དེ་བཞིན་དུ་ ཟློས་གར་དང་སྨན་རྩིས་སོགས་ལའང་ལྟོས་དང་། རྒྱུན་འཛིན་བྱེད་མཁན་ཕལ་མོ་ཆེ་མདོ་སྨད་པ་ཨེ་རེད། ངས་བལྟས་ན་མ་རེད། གོང་ས་ཐམས་ཅད་མཁྱེན་པས་ཀྱང་། ༼ཨ་མདོ་བ་ལ་ཨོང་ཏོ་མེད་༽ཅེས་གསུངས་ཡོད། དེའི་གོ་དོན་ཨ་མདོ་བ་ཚོ་རྩྭ་གང་བཟང་ཆུང་གང་ཞིམ་ལ་འགྲོ་བ་མ་གཏོགས། གནས་གཅིག་ལ་དཀའ་ལས་བརྒྱབ་ནས་བསྡད་ཀྱི་མི་འདུག་ཟེར་བ་རེད། དེ་ལ་བརྟེན་ནས། བོད་གཞུང་གི་དྲུང་ཆེ་སོགས་གནས་རིམ་མཐོ་སར་ཡང་མདོ་སྨད་པ་སླེབས་པ་ཉུང།
ངས་འདི་ལྟར་བཀག་དུས། བོད་ཆོལ་ཁ་གསུམ་ཀས་རང་གི་རིག་གཞུང་གཅེས་འཛིན་གྱི་ཆེད་དུ་དཀའ་ལས་རྒྱག་གི་ཡོད་རེད་ཟེར་གྱི་ཡོད་མ་གཏོགས་མདོ་སྨད་པས་དཀའ་ལས་རྒྱག་གི་ཡོད་མ་རེད་ཟེར་གྱི་མེད། བོད་ཀྱི་རིག་གཞུང་གི་རྐང་རྩ་འཛིན་མཁན་ཆགས་ཡོད་ཟེར་བ་དེ་རང་རློམ་གྱི་བཤད་པ་རེད་ཟེར་གྱི་ཡོད། དེ་ཚོ་ནོར་མི་ཉན།
གཉིས་པ། ཨ་ཕོ་སངས་རྒྱས་ལ་དེབ་འབྲི་བའི་ཤེས་ཚད་མེད་ན། བཀྲ་དོན་གྱིས་ཤེས་རིག་རྩོམ་སྒྲིག་ལས་ཁུངས་ནང་ག་རེ་བྱས་ནས་ཉར་བ་རེད། ཨ་ཕོར་ཤེས་ཚད་མེད་ན། གེ་སར་སྒྲུང་དེ་ཚོ་བྱིས་པ་ཚོར་ཕན་ཆེར་གོ་བདེར་ཇི་ལྟར་བཅོས་པ་རེད། བཀྲ་དོན་གྱིས་སོ་སོའི་མིང་བཀོད་པའི《མགྱོགས་བྲིས་རི་མོ་འབྲི་སྟངས་ཀྱི་གཞི་རྩའི་ཐབས་རྩལ་》ཟེར་བའི་དེབ་དེའི་ནང། རྩོམ་སྒྲིག་པ་གཙོ་བོ་བཀྲ་དོན་ཁོ་རང་ཡིན་པ་བྲིས་པ་མ་གཏོགས་ཨ་ཕོ་སངས་རྒྱས་ཀྱི་མིང་མ་བཀོད་པ་མ་རེད། སངས་རྒྱས་ལ་ཤེས་ཚད་མེད་ན་ཁོང་གི་མིང་དེབ་དེའི་ཐོག་ཇི་ལྟར་སླེབས་པ་རེད། ཞབས་དྲུང་ངག་དབང་རྣམ་རྒྱལ་ཁྱེད་རང་དེབ་བརྐུ་བཤུ་བྱེད་མཁན་ལ་དགའ་པོ་མེད་མཁན་ཞིག་ཡིན་དུས། བསྟན་འཛིན་རིག་བཟང་གི་ཐོག་ལ་ངར་བ་ནང་བཞིན་འདི་ལ་མ་ངར་བ་ག་རེ་རེད། ཕ་ཡུལ་གཅིག་པ་ཡིན་ཙང་རེད་དམ། ཟ་མ་དང་ཆང་རག་གི་འབྲེལ་ཡོད་ཙང་རེད་དམ། འདི་ཚོ་ཁྱེད་ཀྱིས་མི་གཞན་དག་ལ་རྫིག་རྫིག་རྔམ་རྔམ་གྱིས་དྲིས་པའི་དྲི་བ་རེད། ཨ་ཕོ་སངས་རྒྱས་སྐོར་ལ་ཁྱེད་རང་རྒྱུས་མེད་ཡིན་བཞིན་དུ་ད་དུང་ང་ལ་སྐད་ཆ་ཁུངས་མེད་ཅེས་ཇི་ལྟར་བརྗོད་ཐུབ་པ་འདུག་གམ།
ཞབས་དྲུང་ངག་དབང་རྣམ་རྒྱལ་ལགས། ལན་དོན་ཚན་དྲུག་དེའི་ཆེད་དུ་ཡར་རྒྱུག་མར་རྒྱུག་ག་ཚོད་གནང་བ་ཡིན། ངས་ཁ་རྩང་ཁྱེད་རང་གི་ལན་འདེབས་སྤེལ་ངེས་རེད་དྲན་ནས་ཉིན་གང་བསྒུགས་པ་ཡིན། རྩ་བ་ནས་སླེབས་མ་བྱུང་། ངའི་གཟའ་ཉི་མ་དེ་འཕྲོ་བརླག་བཏང་སོང་ངོ་།། ཡ་ད་ལན་མདོར་བསྡུས་རེ་འདེབས་པར་བྱ།
དང་པོ། ཁྱེད་རང་གིས་གལ་ཆེ་གལ་ཆུང་བརྩི་སྟངས་འགྲིག་གི་མི་འདུག ཕལ་ཆེར་ཁྱེད་ཅག་གི་གཤིས་ཀ་ལ་ཡོད་པ་འདྲ། ངས་བལྟས་ན། མི་སྒེར་པ་གཅིག་འགྲིགས་མི་འདུག་ཟེར་བ་དེ་དང་། གཞུང་གཅིག་འགྲིག་གི་མི་འདུག་ཟེར་བ་དེ་གཉིས་གནད་འགག་ཆེ་ཆུང་ས་དང་གནམ་རེད། ཁྱོད་ཀྱིས་བཀྲ་དོན་གྱིས་འགྲིག་གི་མི་འདུག་ལབ་མི་ཆོག མ་འགྲིག་ན་བོད་གཞུང་གིས་མ་འགྲིགས་པ་ཡིན་པས། བོད་གཞུང་འགྲིག་གི་མི་འདུག་ལབ་དགོས་ཟེར། དེ་སྔོན་ཨ་མདོ་བ་ཞིག་གིས་བྲིས་པའི་དེབ་ཀྱི་ནང་དུ་ཡང་། བོད་གཞུང་གིས་དགེ་འདུན་ཆོས་འཕེལ་འཛིན་འཇུག་བཙོན་འཇུག་བྱས་པ་མ་འགྲིག་རབས་ལུང་པ་གང་བཤད་རྗེས། བོད་གཞུང་གིས་དགེ་ཆོས་འཛིན་བཟུང་བྱེད་དོན་ངོ་མ་ཁོ་པ་གོ་མིང་ཏང་གི་སོ་པ་ཡིན་པ་དང། ནུབ་བོད་ལེགས་བཅོས་སྐྱིད་སྡུག་གི་ཁོངས་མི་ཡིན་པ་དེར་ཐུག་དུས། དགེ་ཆོས་རྒྱལ་ཚོང་བ་རེད་ཟེར་གྱི་འདུག ཁུངས་སྐྱེལ་དགོས་ཟེར་སྐད་ཅོར་བརྒྱབ་འདུག མདོར་ན་རང་གི་ཕ་ཡུལ་གཅིག་པའི་མི་གཅིག་དང་བོད་གཞུང་བསྡུར་དུས། བོད་གཞུང་ནག་པོ་བཟོ་ཤག་ཤག་འདི་ཁྱེད་ཅག་གི་གཤིས་ཀ་ལ་ཡོད་པ་འདྲ།
བོད་གཞུང་གིས་རིགས་གཅིག་རྐང་འཛིན་སྐོར་བཀྲ་དོན་ལ་འགན་དཀྲི་སྟངས་ཇི་ལྟར་དཀྲིས་ཡོད་མེད་ངས་མི་ཤེས། འགན་དཀྲིས་པ་དེ་དྲང་པོ་དང་ཡག་པོ་བྱོས་ཞེས་འགན་སྤྲད་པ་རེད་མ་གཏོགས། རྒྱལ་བ་རིན་པོ་ཆེའི་ཕྱག་དངུལ་འདི་ཚོ་ཕ་ཡུལ་གཅིག་པ་ཚོར་རིགས་གཅིག་རྐང་འཛིན་གྱི་མིང་ཐོག་ནས་སྤྲོད་གང་ཐུབ་བྱོས་ཞེས་གནང་ཡོད་མདོག་ཁ་པོ་མ་རེད། སློབ་སྦྱོང་མཐའ་བསྐྱལ་དུ་ཆུགས་ཞེས་གསུངས་ཡོད་ངེས་རེད་མ་གཏོགས། ཕྱི་རྒྱལ་ལ་ཨེ་ཐར་བལྟ་མཁན་ཚོར་རྒྱབ་གཉེར་ཡི་གེ་གསེར་ལས་དཀོན་པ་དེ་ཚོ་སྤྲོད་རྐྱང་བྱོས། རིགས་གཅིག་རྐང་འཛིན་མ་བྱུང་ན་འགྲིགས་པ་རེད། ཕ་ཡུལ་གཅིག་པ་ཕྱི་རྒྱལ་ལ་འཐུས་པ་རེད་ཅེས་འགན་དཀྲི་གནང་ཡོད་ཀྱི་མ་རེད། དེས་ན་ངས་ད་ཕན་འཛིན་མཚམས་དེ་འགན་ཁུར་མཁན་མི་སྒེར་གཅིག་ལ་བཙུགས་བཞག་ཡོད། མདོར་ན་ངས་མདོ་སྨད་ཆོལ་ཁ་ནག་པོ་བཟོ་བསམས་པ་མེད་ལ། ཁྱེད་རང་ནང་བཞིན་མགོ་མ་ཚོས་གོང་ནས་བོད་གཞུང་ནག་པོ་བཟོ་རྩིས་ཀྱང་མེད། དེ་ཁྱོད་དང་ངའི་ཁྱད་པར་དེ་རེད། རྒྱ་ཆེ་ཙམ་སོང་ན། ང་ཚོ་དང་ཁྱོད་ཚོའི་ཁྱད་པར་རེད། ཤེས་པ་གྱིས།
དྲུག་པ། ཨ་ལགས་འཇིགས་མེད་མདོ་སྨད་ཀྱི་གཙུག་རྒྱན་རེད་བཤད་པར་ཁྱོད་ཧང་སངས་དོན་ཅི་རེད། མདོ་སྨད་ལ་གཙུག་རྒྱན་ཁ་ཤས་ཤིག་ཡོད་པའི་ནང་ཨ་ལགས་འཇིགས་མེད་བགྲང་མི་ཆོག་པ་ཅི་ཡོད། དེ་ཁྱོད་ཅག་གིས་ཁས་ལེན་མུན་ལ་ཁྱད་མི་འདུག འུ་ཚོས་ཁས་བླངས་ཏེ་བརྩིས་ན་དེ་ག་རེད།
ཨ་ལགས་ཀྱིས་ད་ཕན་བོད་སྤྱི་དང་སྒོས་མདོ་སྨད་ལ་ཕན་པ་ཇི་བྱས་ཚང་མ་ང་ལྟ་བུས་བཤད་མི་ཐུབ་ཀྱང་ཤེས་ཚོད་ཕྲན་བུ་ཞིག་བཤད་ན།
༡། དགུང་ལོ་ཆུང་དུས་ནས་བླ་བྲང་གཉེར་བ་དང་ཆོས་ཚོགས་འཛུགས་པ། ཕྱི་རྒྱལ་ལ་ཕེབས་པ་སོགས་མ་གནང་བར་༸གོང་ས་ཆེན་པོའི་ཞབས་འོག་ཏུ་བཞུགས་ནས་ཕྱག་ལས་གནང་བ་འདི་བོད་སྤྱི་ལ་ཕན་པ་ཞིག་རེད།
༢། ད་ཕན་སྤྱི་འཐུས་དང། སྤྱི་འཐུས་ཚོགས་གཙོ། བཀའ་བློན། རྩིས་ཞིབ་འགན་འཛིན་སོགས་ཕྱག་ལས་གནད་ཆེ་མང་པོ་གནང་བ་འདི་བོད་སྤྱི་ལ་ཕན་པ་ཞིག་རེད།
༣། པཎ་ཆེན་རིན་པོ་ཆེ་སྐུ་གོང་མའི་རྗེས་དྲན་གྱི་ཚོགས་ཆེན་འཚོགས་རྒྱུའི་ཐུགས་ཁུར་གནང་བ་སོགས་བོད་སྤྱི་ལ་ཕན་པ་མ་རེད་དམ།
སྒོས་མདོ་སྨད་ལ་ཕན་ཚུལ།
༡། མདོ་སྨད་ཆོལ་ཁའི་སྒྲིག་འཛུགས་ཁ་སྟབས་ཞན་པོ་འདི། ཧྲ་ཐག་ཐག་གཅིག་བཟོས་པར་མ་ཟད། ༸གོང་ས་ཆེན་པོའི་བཀའ་དགོངས་འོག་ཤར་སྐྱོད་ཐུབ་མཁན་ཞིག་བཟོས་པ་དེ་དྲིན་ཆེ།
༢། མདོ་སྨད་ཀྱི་གསར་འབྱོར་ཁོངས་ནས་ཤེས་ཡོན་ལྡན་པ་ཚོར་དམིགས་བསལ་གཟིགས་མཐོང་གིས་གཞུང་ཞབས་ནང་ཚུད་ཐབས་དང། དེ་མིན་གྱི་ལས་དོན་གང་ཅིར་བཀོལ་སྤྱོད་གནང་བ་དྲིན་ཆེ།
༣། མདོ་སྨད་པ་ཉམ་ཐག་ཚོར་དཔལ་འབྱོར་དང་ལམ་སྟོན་སོགས་མགོ་འདོན་འཚོ་སྐྱོང་གནང་བ་དྲིན་ཆེ། ད་འགྲིག་སོང་ངམ།
བཞི་པ། ཁྱེད་རང་གིས་དུས་བབ་ལ་སྐད་ཆ་འདི་དང་འདི་འདྲི་དགོས་ཀྱང་དྲིས་མི་འདུག གནད་འགག་ཞེའོ་ཆེན་པོ་ཡིན་ཟེར་བ་དེ་ཚོ་ངས་བལྟས་ན་ཆོ་ཡོད་པ་དེ་འདྲ་རེད་མི་འདུག དུས་བབ་གསར་ཤོག་རེད་མ་གཏོགས་དཀའ་རྙོག་ཚང་མ་གཅིག་གཅིག་གཉིས་གཉིས་ཞིབ་འཇུག་བྱེད་མཁན་གྱི་ཞིབ་འཇུག་ཚོགས་ཆུང་མ་རེད་ལ། ཐག་གཅོད་བྱེད་མཁན་གྱི་ཁྲིམས་ཁང་ཡང་མ་རེད།
ལྔ་པ། བཀྲ་དོན་གྱིས་ལྷག་བསམ་རྣམ་དག་གིས་ལས་ཀ་བྱས་པ་དེ་ཚོ་ཁྱོད་ཀྱིས་སྒྲིག་འགལ་ཁྲིམས་འགལ་ཆགས་བསྡད་ཡོད་རེད། རྫབ་ཆེན་རེད་ཟེར་གྱི་ཡོད་པ་རེད། རྒྱལ་བ་དོན་གྱི་བདག་པོས་ཁྲིམས་མིས་བཟོས་པ་ཡིན་དུས་དེས་ལག་པ་བསྡམས་བསྡད་ན་འགྲིག་གི་མ་རེད་ཅེས་ཐེངས་ག་ཚོད་གསུངས་འདུག དངོས་གནས་རྫབ་ཆེན་ཆགས་ཀྱི་ཡོད་ན། གཞུང་གིས་ཡན་པོར་འཇོག་གི་མ་རེད། གཞུང་གིས་བཀྲ་དོན་གྱི་བྱས་རྗེས་ལ་གཟིགས་མཐོང་གནང་སྟེ། ད་ཕན་ཤེས་རིག་རང་ལ་བཞག་པ་ལས་གནས་སྤོས་གནང་མེད། དེ་བཞིན་སུད་སི་བོད་མིའི་གཟེངས་རྟགས་ཀྱི་འོས་གཞིར་ཡང་ཐེངས་ཁ་ཤས་བཞག་མ་སོང་ངམ།
བཀྲ་དོན་སྐོར་ཁྱེད་རང་གིས་མང་པོ་བཤད་འདུག
དང་པོ། ཤེས་རིག་ནང་རིགས་གཅིག་རྐང་འཛིན་གྱི་འགན་འཁྱེར་མཁན་བཀྲ་དོན་མི་གཅིག་ཡིན་ནའང་འདྲ། མིན་ནའང་འདྲ། དེ་གཞུང་གི་བཀོད་སྒྲིག་རེད། ནོར་ན་ནོར་མཁན་ཁོངས་གཞུང་ཡང་མཉམ་དུ་ཡོད་པ་མ་གཏོགས་བཀྲ་དོན་གཅིག་པུས་ནོར་བ་ག་ལ་ཡིན། ཕྱི་རྒྱལ་གྱི་ཐོངས་མཆན་ཐོབ་ཆེད་རྒྱབ་གཉེར་ཡི་གེ་སྤྲད་པ་སོགས་ཀྱང་གོང་རིམ་ལ་བཀའ་འཁྲོལ་ཞུས་ཡོད་ངེས་པ་རེད། དེ་མ་འགྲིགས་ན་མ་འགྲིགས་མཁན་དེ་བཀྲ་དོན་གཅིག་པུ་ག་ལ་ཡིན།
གཉིས་པ། ཨ་ཕོ་སངས་རྒྱས་ངས་རྒྱུས་མེད། ནོར་གླིང་ཉེ་འཁྲིས་ཁ་ཤས་ལ་ཁ་པར་བཏང་ནས་སྐད་ཆ་དྲིས་པ་ཡིན། ཨ་ཕོ་སངས་རྒྱས་ལ་དེབ་འབྲི་ཐུབ་པའི་ཤེས་ཚད་མེད་གཏན་རེད་ཟེར། དེར་བརྟེན་ཉིད་ཀྱི་སྐད་ཆ་དེར་ཁུངས་ཡོད་ས་མ་རེད།
གསུམ་པ། ཁྱོད་ཀྱིས་མདོ་སྨད་ཀྱི་ཤེས་ཡོན་ཅན་ཁ་ཤས་ཀྱིས་ལེགས་སྤེལ་ཉེས་འགོག་གི་བསམ་འཆར་བཏོན་པ་ཙམ་ལ་ཡང་ཟུར་ཟ་བྱས་འདུག བསམ་འཆར་འདོན་མཁན་དང་འདོན་ས་གཉིས་ཀ་ཨ་མདོ་བ་རེད་མདོག་མདོག་བྱས་འདུག ནོར་འཁྲུལ་བྱེད་མཁན་དང་དེ་ལ་སྐྱོན་རྗོད་མཁན་གཉིས་ཀ་ཨ་མདོ་བ་རེད་མདོག་མདོག་བྱས་འདུག བོད་གཞིས་བྱེས་གཉིས་ན་བོད་ཀྱི་སྐད་ཡིག་རིག་གཞུང་གི་རྐང་རྩ་འཛིན་མཁན་དེ་མདོ་སྨད་པ་ཚོ་ཆགས་བསྡད་ཡོད། དེ་ཚོ་ལ་གུས་ཞབས་དང་ཁས་ལེན་འདྲ་བྱས་ན་ལེགས་མ་གཏོགས། ཉི་མ་གཅིག་དེ་ཚོ་སེམས་ཤུགས་ཉམས་ན་ཚར་བ་རེད།
དེ་ནས་ཁྱེད་ཀྱིས་ཨ་ལགས་འཇིགས་མེད་ལ་མདོ་སྨད་པའི་གཙུག་རྒྱན་སོགས་མང་པོ་བསྟོད་འདུག ངས་ཀློག་གིན་ཀློག་གིན་ལ། ཨཱ་ད་ཚར་འདུག་སྙམ་པ་ཞིག་དྲན་བྱུང་།
ཨ་ལགས་འཇིགས་མེད་སྐོར་ལ་ངས་མང་པོ་མི་བཤད། ཁྱེད་རང་གིས་ཨ་ལགས་འཇིགས་མེད་ཀྱིས་བོད་སྤྱི་ལ་ཕན་པའི་ལས་འདི་བྱས་ཞེས་གསུམ་དང་། སྒོས་མདོ་སྨད་པ་ལ་ཕན་པའི་ལས་འདི་བྱས་ཞེས་གྲངས་གསུམ་ཞིག་འདིར་བྲིས་དང་། དེ་ནས་ངེད་གཉིས་ཀྱིས་ལྷོད་ལྷོད་བྱས་བགྲོ་གླེང་བྱའོ།།
ང་རང་དེ་རིང་ལས་བྲེལ་དབང་གིས་གོང་གསལ་ལན་འདེབས་ཁག་ཞིབ་ཚགས་པོ་བྱུང་མ་སོང་། ཚིག་དོན་གང་ཐད་ནས་ནོར་འཁྲུལ་ཡོད་ངེས་པས་བཟོད་གསོལ་གནང་རོགས།
བཀྲ་དོན་སྐོར་ལ་ཁྱེད་རང་གིས་ང་ལས་མང་བ་ཤེས་ཀྱི་ཡོད་པ་འདྲ། དེ་ཡག་པོ་རེད། ས་བྱི་ཞི་རྒོལ་ཆེ་མོ་དང་དོལ་རྒྱལ་སྐོར་གྱི་དེབ་སོགས་བཀྲ་དོན་གྱིས་བྲིས་ཡོད་མེད་ངས་ད་ཕན་ཤེས་མ་བྱུང་། ངས་ཤེས་པ་ནི་གཞུང་ཞབས་ཤིག་གིས་ལས་ཀ་དེ་རིགས་ལ་བཀའ་འཁྲོལ་མེད་པར་བྱས་ཆོག་གི་མེད་པ་དེ་རེད། དེར་བརྟེན་སྒྲིག་འགལ་ཆགས་བསྡད་ཡོད། ལྷག་པར་ངས་གོ་ཐོས་ལ་མདོ་སྨད་ཀྱིས་བཏོན་པའི་ས་བྱི་ཞི་རྒོལ་ཆེ་མོ་དང་། དོལ་རྒྱལ་སྐོར་གྱི་དེབ་དེར་འགྲོ་སོང་ཧིན་སྒོར་འབུམ་མང་པོ་བཏང་ཡོད་པ་དང་། འགྲོ་སོང་དེའི་ཆེད་སྐུ་སྒེར་ཡིག་ཚང་དང་བཀའ་ཤག་ནས་གཞུང་གྲོན་སློང་ཡོད་པ་འདྲ། དེ་བདེན་ན། དེ་ཚོ་གཞུང་ཞབས་བཀྲ་དོན་གྱིས་བེད་སྤྱོད་བྱས་པ་རེད་དམ།
གཞུང་གི་སློབ་དེབ་སོགས་བཀྲ་དོན་གྱིས་བཏོན་ལུགས་བཤད་འདུག མདོ་སྨད་པ་ཚོས་བོད་གཞུང་ཤེས་རིག་ལས་ཁུངས་ལ་དམའ་འབེབས་བྱེད་སྐབས་སློབ་གྲྭའི་སློབ་དེབ་ནང་༼གཡག་མོ་ལ་འབྲི་ཟེར་༽ཞེས་བྲིས་འདུག་ཅེས་ཧང་སངས་སངས་བྱེད་ཀྱི་ཡོད། མཛངས་མ་ཚེ་རིང་སྐྱིད་ཀྱིས་ཤེས་རིག་སློབ་དེབ་ཚང་མ་མེར་བསྲེགས་ན་ད་གཟོད་ཡར་རྒྱས་ཡོང་གི་རེད་ཅེས་བཤད་ཡོད། ད་བྱས་དུས། སློབ་དེབ་དེ་ཚོ་རྩོམ་མཁན་མདོ་སྨད་པ་ཞིག་ཡིན་པ་རེད། ཧ་ཧ་ཧ།
རྩེད་མོ་ཡིན། སློབ་དེབ་དེ་ཚོར་ཡང་སྐད་ཆ་མང་པོ་འདུག ལས་ཀ་གཞན་གྱིས་བྱས། མིང་ཁོ་རང་གི་བཀོད་པ་རེད་ཟེར། དཔེར་ན་ཨང་རྩིས་སློབ་དེབ་དེ་ཚོ་གཙོ་བོ་སིམ་ལའི་པདྨ་རྒྱལ་མཚན་སོགས་ཀྱིས་བསྒྲིགས་པར་བཀྲ་དོན་གྱི་མིང་བཀོད་པ་རེད་ཟེར། ཚན་རིག་སློབ་དེབ་དྲུག་པ་དཔེ་མཛོད་སངས་རྒྱས་བསྟན་དར་གྱིས་ངལ་བར་མ་འཛེམས་པར་བོད་ཡིག་ཏུ་བསྒྱུར་རྗེས། བཀྲ་དོན་གྱིས་ཁོ་རང་གི་མིང་གཙོ་བོར་བཀོད། སངས་རྒྱས་བསྟན་དར་རྨང་གཞི་སྒྱུར་མཁན་ཟེར་བ་འདྲ་ཞིག་བཀོད་པར་བརྟེན། དེ་ནས་བཟུང་འཛིན་གྲྭ་བདུན་པའི་ཚན་རིག་སློབ་དེབ་སོགས་ལ་སངས་རྒྱས་བསྟན་དར་སོགས་ཀྱིས་ལག་པ་འཆང་མེད་ཚུལ་འདུག
ཐ་ན། ཨ་ཕོ་སངས་རྒྱས་གྲོངས་འགྲོ་མཁན་དེས་ཤེས་རིག་ནང་བསྡད་དེ་བྲིས་པའི་རི་མོ་འབྲི་ཚུལ་གྱི་དེབ་དེ་ཡང་། མཐའ་མ་པར་སྐྲུན་སྐབས་བཀྲ་དོན་ཁོ་པའི་མིང་བཀོད་སྟབས། ཨ་ཕོ་སངས་རྒྱས་དམ་པ་དེ་འཆི་ཁར་ཆང་རག་བཏུང་སྟེ་མུག་བཤད་ག་ཚོད་བྱས་མེད་ང་ཚོ་ནོར་གླིང་ཉེ་འགྲམ་ལ་སྡོད་མཁན་ཚང་མས་ཤེས་གསལ་ཡིན།
དོན་སྙིང་རིགས་གཅིག་རྐང་འཛིན་ཤེས་རིག་ལས་ཁུངས་ཀྱིས་འགན་འཁྱེར་གྱི་ཡོད་པ་དེ་དངོས་གནས་རེད། འོན་ཀྱང་དངོས་སུ་འགན་འཁྱེར་མཁན་བཀྲ་དོན་ཁོ་རང་མ་གཏོགས་གཞན་མི་འདུག
ཟླ་བ་གསུམ་དང་ཉིན་ ༢༠ ཙམ་སྔོན་ང་ཤེས་རིག་ལ་དངོས་སུ་བཅར་བ་ཡིན། དྲུང་འཕར་དངོས་གྲུབ་ཐུག་པ་ཡིན། ཁོང་གིས་རིགས་གཅིག་རྐང་འཛིན་སྐོར་ངས་མི་ཤེས། སྲོལ་རྒྱུན་སྡེ་ཚན་ལ་སོང་ཟེར། དེ་ལ་སོང་བས། ཤེས་ཡོན་འགན་འཛིན་རེད་ཟེར་བའི་མི་མིག་ཤེལ་གྱོན་པ་གཅིག་འདུག ཁོང་གིས་འདེམས་སྒྲུག་སོགས་ཀྱི་ལས་དོན་ཆ་ཚང་གི་འགན་ཟུང་དྲུང་བཀྲ་ཤིས་དོན་འགྲུབ་ཀྱིས་འཁྱེར་གྱི་ཡོད་རེད་ཟེར། བཀྲ་དོན་སར་སོང་བས། ང་ལ་དུས་ཚོད་མེད། སང་ཉིན་ཙམ་ལ་ཤོག གནས་ཚུལ་དགོས་ན། མཐོ་སློབ་སྡེ་ཚན་ལ་སོང་ཟེར། མཐོ་སློབ་སྡེ་ཚན་ལ་སོང་བས་ཕོ་གསར་མིག་ཤེལ་གྱོན་པ་ཞིག་ཐུག་བྱུང། ལན་ཡག་པོ་བཏབ་བྱུང་། ཁོང་གིས་འདེམས་སྒྲུག་དང་སློབ་ཡོན་ག་དུས་སྤྲོད་མིན་ཚང་མ་བཀྲ་ཤིས་དོན་འགྲུབ་ཀྱིས་འགན་འཁྱེར་གྱི་ཡོད། ཚོགས་ཆུང་དེ་འདྲ་མེད། ཁཽང་གིས་སྤྲད་ན་འགྲིགས་ཟེར་ན་ང་ཚོས་སྤྲད་དགོས་ཟེར།
སང་ཉིན་བཀྲ་དོན་ཐུག་པར་སོང་བ་ཡིན། སྐད་ཆ་གཅིག་རེད། ང་གཞུང་ཞབས་ཡིན་པས་ཕྱི་མིར་མང་པོ་བཤད་ན་འགྲིག་གི་མི་འདུག དེབ་ནང་འགོད་ཆེད་ཡིན་ན་ཤེས་རིག་མགྲིན་ཚབ་པ་གཉིས་ཡོད་པས་དེར་སོང་ཟེར།
མདོར་ན། ཚང་མ་ཁོ་རང་རེད་འདུག་མ་གཏོགས་ཚོགས་ཆུང་འདྲ་བོ་མི་འདུག དེས་འགྲིགས་སོང་ངམ།
དུས་བབ་ཀྱིས་ཨ་ལགས་འཇིགས་མེད་ལ་དྲིས་པ་དེ། གནད་འགག་གར་ཡོད་བཙིར་ནས་དྲིས་པ་ཞིག་ཡེ་ནས་རེད་མི་འདུག དེ་ནི་ཨ་ལགས་རང་ལ་གནས་ཚུལ་འདིའི་ཐོག་གསལ་བཤད་ག་རེ་གནང་རྒྱུ་ཡོད་དམ་ཞེས་སྤྲེལ་ལད་འཁྲབས་ཏེ་གོ་སྐབས་ཕུལ་བ་ཙམ་རེད། དེར་བརྟེན་ཨ་ལགས་ཀྱི་གསལ་བཤད་དེ་རང་ཉིད་དག་འབུད་བྱེད་ཆེད་ཀྱི་ཚིག་ཉོག་ཁ་ཤས་ལས། དོགས་གནད་ཁག་རང་སོར་གནས་ཡོད་པ་དེ་རེད།
བཀྲ་དོན་གྱིས་དུས་བབ་ལ། ང་གཞུང་ཞབས་ཡིན་པས་ཁྱེད་ཚོ་གསར་འགོད་པར་བཤད་བདེ་པོ་མི་འདུག་ཟེར་དུས། དངོས་གནས་བྱས་ན། ཁྱོད་གཞུང་ཞབས་ཤིག་གིས་དོལ་རྒྱལ་དང་འབྲེལ་ཡོད་ཀྱི་མི་ཐུག སྐད་ཆ་བཤད། ཁ་ལག་བཟས། སྙན་ཞུ་འབྲི་རོགས་བྱེད་བདེ་ས་ལ། ང་ཚོ་ལ་གསལ་བཤད་བྱེད་མི་བདེ་བ་ག་རེ་རེད་ཅེས་འདྲི་དགོས་རེད། དེ་འདྲ་དྲིས་མི་འདུག ལགས་སོ་ཞེས་ཤར་རེར་ལོག་སོང་བ་འདྲྲ།
དེ་བཞིན་བཀྲ་དོན་གྱིས་བདེ་སྲུང་ལ་ཞུས་ཡོད་ཟེར་བ་དེ་དངོས་གནས་ཞུས་ཡོད་མེད་བདེ་སྲུང་ལ་འདྲི་དགོས་རེད། དྲིས་མི་འདུག རྒྱལ་རོང་ཟླ་བས་བདེ་སྲུང་ལ་ཞུས་ཡིན་ཟེར་དུས། ག་རེ་ག་རེ་ཞུས་ཡོད་མེད་འདྲི་དགོས་རེད། དྲིས་མི་འདུག
གཞན་དག་ཕར་བཞག ཨ་ལགས་འཇིགས་མེད་ཀྱིས་ཨབ་ཕྲུག་བཀྲ་ཤིས་དོན་འགྲུབ་ལ་ཚེས་ ༤ དགོང་མོ་ཁ་པར་བཏང་བ་རེད། ཁོ་ཚེ་ཚུལ་ཁྲིམས་ཐུག་པར་རྒྱག་ཅེས་ཁ་པར་བཏང་བ་རེད། རྒྱལ་རོང་ཟླ་བ་ལ་བཏང་མེད། དེ་ཅི་རེད། མདོ་སྨད་ཚོགས་གཙོར་མ་བཏང་བར་གཞུང་ཞབས་ཤིག་ལ་གཏོང་དོན་ཅི་རེད། དེ་དྲིས་མེད། དེ་ནས་རྒྱལ་རོང་ཟླ་བ་བཀྲ་དོན་དང་མཉམ་དུ་ཁོ་ཚེ་ཚུལ་ཁྲིམས་ཐུག་པར་སོང་བ་རེད། རྒྱལ་རོང་ཟླ་བར་འགྲོ་དགོས་ཟེར་མཁན་དེ་སུ་རེད། བཀྲ་དོན་རེད་དམ་ཨ་ལགས་འཇིགས་མེད་རེད། འདི་ཚོ་ལ་གནད་འགག་ཡིན་ཡང་ཚིག་གཅིག་དྲིས་མེད།
ེདེ་ནས་དངོས་གནས་བྱས་ན། བཀའ་ཤག་གམ་གཞཱུང་ཞབས་འདེམས་ལྷན་ལ་སོང་ནས། གཞུང་ཞབས་བཀྲ་ཤིས་དོན་འགྲུབ་འདི་ལྟར་སོང་འདུག གཞུང་གི་སྒྲིག་གཞི་ལྟར་ན་དེ་ལྟར་ཆོག་གི་ཡོད་དམ་མེད། གཞུང་ལ་བཀའ་འཁྲོལ་ཞུས་ཡོད་དམ་མེད་ཅེས་འདྲི་དགོས་ཀྱང་དེ་ཚོ་དྲིས་མི་འདུག
གསར་འགྱུར་འགོད་སྟངས་དེ་འདྲ་ཞིག་གི་ཐོག ཐོག་མའི་དུས་ཡུན་གང་ཙམ་རིང་དྲ་རྒྱའི་མདུན་ལ་མ་བཞག་པར་རྒྱབ་ཅིག་ལ་སྦས་བཞག་སོང་། དེ་ཚོར་བསམས་ན་ངས་དུས་བབ་ལ་བཤད་པ་དེ་ཚོ་ཉུང་ཡོད་བསམས་པ་མ་གཏོགས་མང་ཡོད་མི་དྲན།
ཞབས་དྲུང་ངག་དབང་རྣམ་རྒྱལ། ཁྱེད་རང་དོ་ར་འདི་ལ་མ་ཕེབས་གོང་ནས་བསམ་བློ་མང་པོ་བཏང་ཟིན་ཡོད་ཤག་རེད། ངས་ཁྱེུད་ཀྱིས་བསྟན་འཛིན་རིག་བཟང་གིས་སྒྱར་རྩོམ་བརྐུས་རབས་དེ་ཚོ་མཐོང་དུས་ཁྱེད་རང་དངོས་གནས་གཟུར་གནས་ཤིག་རེད་འདུག་སྙམ། འོན་ཀྱང་ད་ཐེངས་ཨ་ལགས་འཇིགས་མེད་ཁོང་ཚོའི་ཕྱོགས་ལ་སྡིག་པ་མིག་བཙུམ་གྱིས་ལངས་ཡོང་དུས། ཇི་ལྟར་ཁྱེད་རང་ང་ལ་ཐེ་ཚོམ་ཟ་བ་བཞིན་ང་ཡང་ཁྱེད་རང་དཔྱོད་ལྡན་ཡིན་མིན་ལ་སོམ་ཉི་སྐྱེས།
ང་ལ་མཚོན་ན། ཁྱེད་རང་རྣམ་དཔྱོད་ཅན་གྱི་གཟུར་གནས་ཤིག་ཡིན་མིན་དེ་གནད་འགག་མ་རེད།གནད་འགག་ནི་ངའི་རྒྱུ་མཚན་རྣམས་བཤད་རྒྱུ་དེ་རེད།
དེས་ན། དང་པོ་ཁྱོད་ཀྱིས་ངས་ཆོལ་ཁ་ནག་པོ་བཟོ་རྩིས་ཡོད་སྐོར་ཞིག་བཤད་འདུག ང་ལྟ་བུ་ཞིག་གིས་མདོ་སྨད་ཆོལ་ཁ་ལྟ་བུ་ཞིག་ནག་པོ་བཟོ་བསམས་ནའང་བཟོ་མི་ཐུབ་པ་ཞིག་རེད། ནག་པོ་བཟོ་མཁན་ཞིག་བྱུང་ན། དེ་མདོ་སྨད་ཆོལ་ཁ་རང་ཉིད་རེད། ལྷག་པར་དུ་ད་ལྟའི་ཚོགས་གཙོའི་སྤྱོད་ཚུལ་དེ་ལྟ་བུ་བྱས་ན། ནག་པོ་ཆགས་ཉེན་ཡོད། ངས་གང་བཤད་པ་དེ་ཚོར་གསལ་བཤད་དོགས་སེལ་བྱུང་ན་མདོ་སྨད་ཆོལ་ཁ་ཇེ་དཀར་ལས་ཇེ་ནག་ལ་འགྲོ་ས་མེད། དེ་ཤེས་པ་གྱིས།
དེ་ནས་ཁྱོད་ཀྱིས་མདོ་སྨད་པའི་གཙུག་རྒྱན་ལྟ་བུ་ཨ་ལགས་འཇིགས་མེད་ལ་མི་འཚམས་པ་མང་པོ་བཤད་འདུག ཨ་ལགས་འདིས་ད་ཕན་གཞཱུང་གི་ཕྱག་ལས་ལྷག་བསམ་རྣམ་དག་གནང་སྟེ། བོད་མི་ཀུན་ལ་ཕན་པའི་ཕྱག་ལས་མང་པོ་གནང་ཡོད། ཁོང་གིས་༸གོང་ས་མཆོག་གི་སྐུ་ཕྱྭ་ལ་གནོད་པའི་ལས་བྱེད་རྩིས་འདུག་མདོག་མདོག་འདི་ལ་སུས་ཡིད་ཆེས་ཀྱི་རེད།
གྲྭ་པ་གྲྭ་རྐྱང་གཅིག་ལ་འདི་ལྟར་བརྙས་བཅོས་མ་བྱས་ན་བཟང་།
ཡང་ཁང་གསར་བ་ཁྱེད་ཀྱིས་ཤེས་རིག་བཀའ་ཤིས་དོན་འགྲུབ་ལ་མང་པོ་ཞིག་བཤད་འདུག མི་འདི་ལྷག་བསམ་ཅན་ཞིག་ཡིན་པའི་རྟགས་སུ་ད་ཕན་གཞུང་གི་སློབ་དེབ་སོགས་མང་པོ་རྩོམ་སྒྲིག་བྱས་པ་དང་། དེ་བཞིན་མདོ་སྨད་ཆོལ་ཁས་བཏོན་པའི་དོལ་རྒྱལ་སྐོར་དེ་དང་། ཉེ་དུས་བཏོན་པའི་ས་བྱི་ཞི་རྒོལ་ཆེ་མོ་སོགས་གཙོ་བོ་ཁོང་གིས་འགན་འཁྱེར་ཏེ་བརྩམས་པ་རེད། དེ་བཞིན་དེ་སྔོན་ལི་ཐང་ཨ་ཐར་གྱི་རྙོག་གླེང་སྐབས་གལ་ཆེའི་ཡིག་ཆ་མང་པོ་བཏོན་ཡོད།
རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་དེ་ཤེས་རིག་ལས་ཁུངས་ཀྱིས་འགན་ལེན་གྱི་ཡོད་པས། བཀྲ་དོན་གཅིག་པུས་ཐག་བཅད་པ་ག་ལ་ཡིན། གཞུང་གི་ལས་ཀ་ཡིན་དུས་མང་པོ་མཉམ་རུབ་ཀྱི་ལས་ཀ་ཡིན་དགོས་པས། མ་འགྲིགས་པའི་བྱས་ཉེས་ཚང་མ་བཀྲ་དོན་ལ་བཀལ་ན་ཡག་པོ་མ་རེད། རྒྱུ་མཚན་ལྡན་པའང་མ་རེད།
ཁང་གསར་རྡོ་རྗེ། ངས་ད་བར་ཁྱེད་རང་རྣམ་དཔྱོུད་ཅན་ཞིག་ལ་བརྩིས་ཀྱང་། ད་ཐེངས་ཁྱེད་ཀྱིས་ཆོལ་ཁ་ཞིག་ནག་པོ་བཟོ་རྩིས་མེད་དམ་སྙམ་པའི་དོགས་པ་བྱུང་།
ཁྱོད་ཀྱིས་བོད་ཀྱི་དུས་བབ་ཀྱིས་གཅིག་གཅིག་གཉིས་གཉིས་འགྲིགས་མ་སོང་། ཨ་ལགས་འཇིགས་མེད་ལ་དོན་གནད་འདི་དང་འདི་དྲིས་མི་འདུག་ཅེས་མང་པོ་བཤད་འདུག དེ་ཚོ་ལ་ངས་ནི་སྐྱོན་གང་ཡང་མཐོང་མ་བྱུང་། སེམས་ནང་དྲན་ཚད་ག་ལ་འདྲི་ཐུབ།
དུས་བབ་ཀྱི་རྩོམ་སྒྲིག་པ་མཆོག་ལ།
ཁྱེད་ཅག་གི་གསར་འགྱུར་ནང་༼སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་དང་བཀྲ་ཤིས་དོན་འགྲུབ་གཉིས་ཕྱི་ཚེས་ ༥ ཉིན་སོག་པོའི་མཁན་པོར་རྫུས་པའི་ཁོ་ཚེ་ཚུལ་ཁྲིམས་ལ་ཐུག་འཕྲད་བྱས་ཏེ། གནས་ཚུལ་རྒྱུས་ལོན་བྱས་པའི་གྲུབ་དོན་བོད་གཞུང་བདེ་སྲུང་དང་སྐུ་སྒེར་ཡིག་ཚང་ལ་སྙན་སྒྲོན་ཞུས་འདུག་༽ཅེས་ཚིག་ཐག་ཆོད་པོས་གསུངས་པ་དེ། རྒྱལ་རོང་ཟླ་བས་༼དགོང་མོའི་ཆུ་ཚོད་ ༨ ཡས་མས་སུ་ང་ཚོ་ཁ་གྱེས་མ་ཐག་གནས་ཚུལ་ཆ་ཚང་བདེ་སྲུང་བཀའ་བློན་མཆོག་ལ་སྙན་གསེང་ཞུས་པ་ཡིན། ༽ཞེས་བཤད་པ་ཞིག་འདུག་པ་དེ་ཡིན་ནམ། ཡང་ན་སྐུ་སྒེར་དྲུང་ཆེ་བྲེ་སྲང་ལ་གཅིག་བཤད་པ་ཡིན་ཟེར་བ་དེ་རེད། དེ་གཉིས་ཀ་ངག་ཐོག་ནས་ཞུས་པ་འདྲ་པོ་ཞིག་འདུག རྒྱུས་ལོན་བྱས་པའི་གྲུབ་དོན་ཟེར་དུས་མཐའ་གཅིག་ཏུ་ཁྱབ་པ་མེད་ཀྱང་ཡིག་ཐོག་ཡིན་པའི་གོ་བ་ཤུགས་ཆེ་བ་འདྲ་ཞིག་རེད། དེར་བརྟེན་ཡིག་ངག་གང་ནས་ཡིན་མིན་གསལ་པོ་ཞིག་གསུངས་རོགས།
བཀྲ་ཤིས་དོན་འགྲུབ་པས་ཀྱང་༼གནད་དོན་དེའི་སྐོར་ཆ་ཚང་བདེ་སྲུང་ལས་ཁུངས་སུ་སྙན་སྒྲོན་ཞུས་ཡོད།༽ཟེར་བ་དེ་རྒྱལ་རོང་ཟླ་བས་ཁ་པར་བཏང་སྟེ་ཞུས་པ་དེ་རེད་དམ། ཡང་ན་ཁོ་རང་གིས་གཅིག་ཞུས་པ་རེད། བདེ་སྲུང་ལས་ཁུངས་ལ་ལག་པ་འཕྱིས་ཀྱང་བྱས་འདུག་པ་དེའི་གནད་འགག་ང་ཚོས་ཤེས་དགོས་འདུག
ཨ་རོགས་ཚོ། ང་ཚོ་ད་ཐེངས་དོལ་རྒྱལ་དང་། ཁོ་ཚེ་ཚུལ་ཁྲིམས། ཁོ་ཚེ་ཚུལ་ཁྲིམས་དྷ་སར་བཅར་སྐབས་ཐུག་འཕྲད་བྱེད་མཁན་ཚོ་བཅས་དང་འབྲེལ་བའི་སྐོར་གཙོ་བོར་གླེང་ན་ལེགས། གཞན་བརྗོད་གཞི་ཕྱོགས་མང་པོར་འཕྲོས་སོང་ན་ཡག་པོ་མི་འདུག
ངས་ཁོ་ཚེ་ཚུལ་ཁྲིམས་ཟེར་བ་འདིའི་བྱས་ཉེས་སྔོན་མ་ནས་ཤེས་ཀྱི་ཡོད་སྟབས། ད་ཐེངས་ཆེད་དུ་འདིའི་སྐོར་གྱི་གསར་འགྱུར་དག་ལ་ཞིབ་འཇུག་བྱས་པ་ཡིན། གསར་འགྱུར་འདི་ཐོན་པ་ནས་ཁ་བརྡ་དང་དུས་བབ་ཟིན་བྲིས་སོགས་སུ་སྤོབས་པ་མཐའ་ཡས་ཟེར་བ་འདིས་རྒྱལ་འཚོང་བ་ཁོ་ལ་རྒྱབ་སྐྱོར་བྱས་འདུག སྤོབས་པ་ཟེར་བ་ཁོ་ལ་ཧ་ལས་པ་ཕོག་གི་འདུག དྲ་གྲོགས་ཚོས་སྤོབས་པ་ཟེར་མཁན་ཁོང་ལ་ཞིབ་འཇུག་ཅིག་བྱེད་དགོས། ངས་ཞིབ་འཇུག་བྱས་པ་ལྟར་ན་ཁོ་ཨ་ལགས་འཇིགས་མེད་ལ་འབྲེལ་བ་ཡོད་མཁན་ཞིག་དང༌། ཁོ་ཚེ་ལ་ཏན་ཏན་འབྲེལ་བ་ཡོད་མཁན་ཞིག་རེད། ཁོ་ཚེ་རྡ་སར་སླེབས་སྐབས་ཁོ་ལ་འབྲེལ་བ་བྱུང་འདུག དེའི་སྟབས་ཀྱིས་ཁོའི་རྐུབ་ཤོར་རྒྱུར་དོགས་ནས་གསར་འགྱུར་འདི་མཚམས་འཇོག་རྒྱུར་འབད་པ་བྱེད་ཀི་ཡོད།
ནོར་བཅས། བཅར་འདྲི རེ་ཐུབ་ན་བཟང༌།
རིགས་གཅིག་སློབ་གཉེར་མ་ཚར་གོང་ནས་ཕྱི་རྒྱལ་ལ་འགྲོ་མཁན་དེ་ཨ་མདོ་རེབ་གོང་བཀྲ་ཤིས་ཟེར་བ་དེ་རེད། ཨ་མདོ་པ་རྐྱང་རྐྱང་ཡིན་པ་དངོས་གནས་རེད། དེའི་ནང་ནས་བླ་བྲང་བར་ཐུགས་མཉེས་མིན་ངས་མི་ཤེས། གང་ལྟར་སློབ་ཡོན་ལེན་པ་དང་རྩོམ་ཡིག་ལ་དཔྱད་ཞིབ་གནང་བ་ཚང་མ་ཁོང་གིས་ཐག་གཅོས་དགོས་པ་རེད།
སྤྱིར་སློབ་ཡོན་ལེན་པ་ལ་ཟླ་གསུམ་རེར་རྩོམ་ཡིག་འབྲི་དགོས་པ་དངདེ་བྲིས་པར་དཔྱད་ཞིབ་ཀྱིས་བརྒྱ་ཆ་ལྟ་བུ་ལོན་རྗེས་ད་གཟོད་སློབ་ཡོན་སྤྲོད་དགོས་པ་རེད། དེ་ལྟར་སློབ་ཡུན་ལོ་གསུམ་ཚང་རྗེས། ཝར་ན་སོགས་ནས་དཔྱད་ཞིབ་ཚོགས་ཆུང་གིས་རྩོམ་ཡིག་དེར་རིན་ཐང་མེད་ཚུལ་དང༌། ཡང་ན་རྗོད་གཞིའི་སྟེང་དབབ་ཡོད་མེད་སོགས་བཤད་དེ། མཐར་སློབ་ཡུན་ཚང་བའི་རིགས་གཅིག་སློབ་གཉེར་པ་མི་བརྒྱད་ལས་གཅིག་ལ་འཁྱར་འཁྱོར་ངང་ལག་འཁྱེར་གྱི་དོད་ཙམ་ཞིག་སྤྲད་ཡོད་ཚོད། གཞན་བདུན་གྱི་རྩོམ་ཡིག་ལ་རྒྱ་ཆ་ལོང་མེད་སྐོར་གྱིས་ད་དུང་ཕྱིར་འགྱངས་བྱས་འདུག འདིའི་སྐོར་ནས་ང་ཚོས་བཀྲ་དོན་ལ་ཁ་གཏོང་པ་ལས་གསར་ལམ་བེད་སྤྱོད་བྱས་ན་བཟང་སྙམ། གསར་འགོད་པ་ཚོས་ཀྱང་དོ་སྣང་གིས་འབྲེལ་ཡོད་ལས་ཁུངས་དང་འབྲེལ་ཡོད་སྣེ་སུ་ཡིན་ལ་བར་འདི་རེ་ཐུབ་ན་བཟང༌། དེ་མིན་ང་ཚོའི་བཤད་པ་ཚང་མ་ལྐོག་ལབ་རང་མ་རེད་དམ། དྲ་གྲོགས་ཚོ།
སྒྲིག་ཞུགས་མ་ཡིན་པའི་རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་ལེན་མཁན་ཚང་མ་ཨ་མདོ་བ་ཤ་སྟག་ཡིན་དོན་ག་རེ་རེད། ངའི་ངོ་ཤེས་ཨ་མདོ་བ་མ་ཡིན་པ་གཉིས་ཀྱིས་དེར་སྙན་ཞུ་ཕུལ་སོང་། ཨ་མདོ་བ་མིན་སྟབས་སྤྲོད་ཀྱི་མི་འདུག ཨ་མདོ་བ་ཡིན་ན་ལས་ཀ་བྱེད་བཞིན་པ་ཞིག་ཡིན་ནའང་སྤྲོད་ཀྱི་འདུག རྩད་གཅོད་བྱེད་དུས་ཤེས་རིག་ལས་ཁུངས་ནང་སྒྲིག་ཞུགས་མ་ཡིན་པར་སློབ་ཡོན་སྤྲོད་མ་སྤྲོད་ཚང་མ་བཀྲ་ཤིས་དོན་འགྲུབ་ཀྱིས་ཐག་གཅོད་བྱེད་ཀྱི་འདུག
ཨ་མདོ་བའི་ནང་ནས་ཀྱང་དམིགས་བསལ་བླ་བྲང་བར་མཉེས་པོ་གནང་གི་འདུག་ཟེར། དྲང་པོ་མ་བྱས་པའི་རྒྱུ་མཚན་གཅིག་དེ་རེད།
གཉིས་པ། སྒྲིག་གཞིའི་ནང་སྒྲིག་ཞུགས་མ་ཡིན་པའི་རིགས་གཅིག་རྐང་འཛིནགྱི་སློབ་ཡོན་བླངས་ཚེ། ལས་ཀ་བྱས་ཆོག་གི་མེད་ནའང་དེ་སྔོན་ལས་ཀ་བྱེད་མཁན་ཨ་མདོ་བ་མང་པོར་སློབ་ཡོན་དེ་སྤྲད་པ་རེད། སློབ་ཡོན་ཟེར་ནའང་གོང་ས་མཆོག་གི་ཕྱག་དངུལ་དེ་ཕ་ཡུལ་གཅིག་པ་སྐྱོང་བྱེད་ཀྱི་འཚོ་སྣོན་ལྟ་བུ་ཞིག་ལ་བརྩིས་ནས་སྤྲད་པ་རེད། ཐ་ན་མེག་ལོར་ལ་ཟ་ཁང་གཉེར་མཁན་དེ་འདྲ་ལ་ཡང་སྤྲད་པ་རེད། ཐེངས་གཅིག་བཀྲ་དོན་ཁོ་རང་ཟ་ཁང་དེའི་ནང་ཟ་མ་ཟ་བཞིན་འདུག དེ་ང་རང་གིས་མཐོང་བྱུང། གྲོས་ཚོགས་ནང་ལའང་དེའི་སྐོར་ལ་དྲི་བ་མང་པོ་བྱུང་བ་རེད། གྲོས་ཚོགས་གསར་ཤོག་ལ་གསལ་པོ་འཁོད་འདུག ད་ལྟའང་སློབ་ཡོན་དེ་ལེན་མཁན་རེ་ཟུང་གིས་ལས་ཀ་བྱེད་བཞིན་པ་མཐོང་གསལ་རེད། ཤེས་རིག་ལས་ཁུངས་ལ་ཞུས་དུས། མི་དེ་ལ་ཨ་མདོ་བ་ཟུང་དྲུང་ཆེ་གེ་མོས་ལས་ཀ་བྱེད་ཀྱི་མེད་པའི་རྒྱབ་གཉེར་འདུག་ཅེས་ཡི་གེ་སྟོན་གྱི་འདུག་ཟེར། དེ་ཚོ་རྒྱུ་མཚན་གཉིས་པ་རེད།
སྒྲིག་ཞུགས་མ་ཡིན་པའི་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་བྱེད་མཁན་དེ་ཚོ་སློབ་སྦྱོང་མཇུག་འཁྱོལ་བ་བྱེད་དགོས་ཀྱི་རེད། ཤེས་རིག་ལས་ཁུངས་ཀྱིས་ཀྱང་དེ་ཚོ་ལ་བརྡ་དེད་གཏོང་དགོས་ཀྱི་རེད། འོན་ཀྱང་རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་ལེན་མཁན་གྱིས་སློབ་མཚམས་བཞག་སྟེ་ཕྱི་རྒྱལ་ལ་འགྲོ་ཐབས་བྱེད་སྐབས། བཀྲ་དོན་གྱིས་མ་འགྲོ། ཆོག་གི་མ་རེད་ཟེར་རྒྱུ་ཕར་བཞག ཕྱི་རྒྱལ་གཞུང་ཚབས་ལ་རྒྱབ་གཉེར་ཡི་གེ་སྤྲད་དེ། མི་འདི་བོད་གཞུང་གི་རིགས་གཅིག་རྐང་འཛིན་སློབ་མ་ཡིན། ཁོ་ལ་ཐོངས་མཆན་སྤྲད་རོགས་ཞེས་ཤོག་བུ་དཀར་པོའི་ཐོག་ལ་ཡི་གེ་ནག་པོ་བྲིས་ཏེ་སྤྲད་འདུག དེ་སྤྲོད་སའི་ཨ་མདོ་བ་དེས་ཡི་གེ་དེ་ང་ལ་ལྡི་ལི་ནས་མིག་བསྟན་བྱས་བྱུང་། ཁོའི་མིང་འདིར་བྲིས་མེད། དེ་རྒྱུ་མཚན་གསུམ་པ་རེད།
སློབ་ཡོན་ལེན་མཁན་དེ་ཚོས་དངོས་གནས་སློབ་སྦྱོང་བྱས་ཡོད་མེད་བལྟ་དགོས་ཀྱི་ཡོད། འོན་ཀྱང་བཀྲ་དོན་འདི་པས་གོང་ས་མཆོག་གི་ཕྱག་དངུལ་དེ་ཚོ་རང་གི་ཕ་ཡུལ་གཅིག་པ་སྐྱོང་བྱེད་ཀྱི་འཚོ་སྣོན་ལ་བརྩིས་ཏེ་སྤྲོད་རྐྱང་ལས། དངོས་གནས་སློབ་གཉེར་བྱེད་ཀྱི་ཡོད་མེད་ཞིབ་བཤེར་ནན་པོ་བྱེད་ཀྱི་མི་འདུག མཐའ་མ་ད་ལྟ་ཧིན་སྒོར་འབུམ་མང་པོ་བཏང་རྗེས་རང་རྐྱ་འཕེར་བའི་རིགས་གཅིག་རྐང་འཛིན་པ་གཅིག་ཀྱང་གསོ་སྐྱོང་བྱེད་ཐུབ་མེད་པ་ང་ཚོས་མཐོང་གསལ་རེད། དངོས་གནས་བྱས་ན། སློབ་སྦྱོང་མ་བྱས་པར་ལས་ཀ་བྱེད་ཀི་འདུག་ན། སློབ་ཡོན་མཚམས་འཇོག་བྱེད་དགོས། ལས་ཀ་མ་བྱས་རང་བྱས་ཀྱི་དཔལ་འབྱོར་དཀའ་ངལ་འདུག་ན་དེ་ཚོ་སེལ་དགོས། དཔྱད་རྩོམ་ལ་ཞིབ་འཇུག་གིོས་ཚད་ལོངས་གི་མི་འདུག་ན་ལོངས་གི་མི་འདུག་ཅེས་ཉེན་བརྡ་གཏོང་དགོས།
དེ་ཚོ་རྩ་བ་ནས་བྱེད་ཀི་མེད་པ་རེད། ཕ་ཡུལ་གཅིག་པ་སྐྱོང་ཆས་རང་ལ་བརྩིས་པ་རེད། འདི་འདྲ་བྱས་ནས་མདོ་སྨད་པ་ཚོ་ལའང་གནོད་པ་ལས་ཕན་མེད།
མིའདི་འདྲའི་རིགས་ལ་དོགས་ཟོན་མུ་མཐུད་བྱས་ན་ཡག་པོ་འདུག
ད་ཐེངས་ཁང་གསར་བར་རྒྱབ་སྐྱོར་ཞིག་མི་བྱ་རང་བྱ་ཐུགས་སོང༌། ཐུགས་རྗེ་ཆེ།
རིག་འབྱུང་བའི་མཆན་བུའི་དོན་གོ་གི་མི་འདུག ཕལ་ཆེར་སྦུ་རག་གིས་བཏགས་པའི་སྙན་ངག་ཅིག་མིན་ནམ། ཧ་ཧ་ཧ་རྩེད་མོ་རྩེ་བ་ཡིན་དཱཱཱཱཱཱཱཱ།
རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་ཐད་ནས་བཀྲ་ཤིས་དོན་གྲུབ་གཅིག་པོ་མ་དྲང་བ་ཨེ་ཡིན་ནམ། ངས་བསམ་ན་སྒྲིག་ཞུགས་མ་ཡིན་པའི་རིགས་གཅིག་རྐང་འཛིན་སློབ་གཉེར་པ་(13་ཡོད་པ་)ཚང་མ་ཨ་མདོ་བ་རྐྱང་རྐྱང་ཡིན་པས་འཛིན་སྐྱོང་གིས་ལན་པ་མིན་ནམ་སྙམ། རིགས་གཅིག་སློབ་མའི་ནང་ནའང་སློབ་གཉེར་གནང་མུས་ལ་ལས་ཀ་གཞན་པ་བྱེད་བསྡད་པས་རང་གི་རིགས་གཅིག་གི་ལས་ཀར་འཐུས་ཤོེར་དང་གཞན་གྱིས་ཕྱི་ལོགས་ནས་ཁ་བཏང་བ་སོགས་གནས་ཚུལ་མང་པོ་བྱུང་མྱོང༌། འོན་ཀྱང་དེང་སྐབས་སློབ་ཡོན་མཚམས་འཇོག་དང་། སློབ་མའི་སྦྱང་འབྲས་ཀྱང་འབྲེལ་ཡོད་འཛིན་སྐྱོང་ལ་སྤྲད་ཟིན་ཀྱང༌། ཅིག་ཅིག་དང་མིག་མིག་ཟེར་ནས་ཁོ་ཚོར་སློབ་ཐོན་”ལག་འཁྱེར”གྱི་དོད་ཙམ་ཡང་སྤྲད་མེད་ཚོད་ལ། ཉམས་ཞིབ་རྩོམ་ཡིག་ཀྱང་བེད་མེད་བྱུང་རྒྱལ་དུ་གཡུག་བཞག་ཡོད་འདུག གང་ལྟར་འདི་ལའང་ཞིབ་འཇུག་གནད་སྨིན་ཞིག་བྱས་ཏེ་ཡང་བསྐྱར་རིགས་གཅིག་སློབ་མ་བསྡུ་ལེན་གྱིས་ཚགས་ཚུད་པོའི་བོད་ཡིག་རིགས་གཅིག་རྐྱང་འཛིན་པ་གསོ་སྐྱོང་བྱ་རྒྱ་དང༌། དེའི་ནང་ནས་ཀྱང་ལོ་རྒྱུས་རོགས་པའི་སློབ་མ་གསོ་སྐྱོང་བྱ་དགོས་གལ་ཆེ་སྟེ།བོད་ནང་དུ་ལོ་རྒྱུས་ཐོག་སློབ་མ་གསོ་སྐྱོང་བྱ་བར་དཀའ་ངལ་ཡོད་རབས་བོད་བཞུགས་མཁས་པས་གསུང་སྒྲོས་ལས་ཤེས་ཐུབ། འདི་ང་ཚོས་བགྲོ་གླེང་ལྟ་བུ་ཞིག་བྱ་ཐུབ་ན་མི་བཟང་ངམ། དྲ་གྲོགས་ཚོས་སོམས་ཤིག་དང༌།
ཁོ་ཚེ་ཚུལ་ཁྲིམས་ཀྱི་སྐོར་འདི་ད་དུང་གསལ་པོ་གསལ་རྐྱང་བཟོ་ཐུབ་ན་བཟོ་རྒྱུ་ཞིག་ལས་རང་དགར་འཇོག་མི་རུང༌། གཅིག་བྱས་ན་ཁྱི་སྤྱང་ངན་འབྲེལ་ལྟ་བུ་བྱས་ཡོད་ཀྱང་སུས་ཤེས་ཏེ། དེས་ན་ངེས་པར་དུ་གསལ་པོ་བཟོ་དགོས་སྙམ། འདི་དང་འབྲེལ་དྲ་གྲོགས་སྤོབས་པ་ལགས། ཐེངས་འདིས་གནད་དོན་ནི་ནམ་རྒྱུན་ཁ་གཏོང་བ་དང་སྡུག་དམོད་བྱེད་དང་གཏན་ནས་མི་འདྲ་གི་ སྤྱིར་དོལ་རྒྱལ་ཟེར་ལྷ་འདྲེ་གང་ཡིན་ཡང་ཁྱད་མི་འདུག འོམ་ཀྱང་དེང་སེང་རྒྱ་གཞུང་གིས་དོལ་རྒྱལ་བ་ཚོ་དང་འབྲེལ་བ་ཅི་འདྲ་བྱས་དང་བྱེད་བཞིན་པ་ཉིད་ཀྱིས་ཤེས་གསལ་རེད་པས་གསལ་བཤད་བྱེད་མི་དགོས་སྙམ། (མཚན་ཉིད་རྒན་བློ་བཟང་རྒྱ་མཚོ་དང་དག་ཕྲུག་གཉིས་དམར་བསད་བཏང༌། འདིའི་སྐོར་འདྲ་པར་དང་བཅས་ཁོང་གི་གཟིམ་ཆུང་ན་ད་དུང་འགྲེམས་སྟོན་བྱས་དང་བྱེད་བཞིན་ཡོད། ད་དུང་ལྷོ་ཕྱོགས་ནས་རྙོག་དྲ་ག་ཚོད་སླངས་ཡོད་སྐོར་མི་ཤེས་ན་གཞན་ལ་ཕྲིས་དང་དོན་གསལ་ཡོང་ངེས་རེད། )་ དེང་སེང་རྒྱ་གཞུང་གིས་དོལ་རྒྱལ་བ་ཚོར་རྒྱབ་སྐྱོར་བྱས་ཏེ་བོད་ཕྱི་ནང་གཉིས་ཀྱི་བོད་མི་ནང་ཁུལ་ལ་རྙོག་དྲ་ཅི་ནུས་བཟོ་བཞིན་པ་མ་ཟད། ༸གོང་ས་མཆོག་དང་ཟམ་གདོང་སོགས་རྒྱ་གར་གཞུང་ལ་ཁྲིམས་གཏུགས་བྱས་པ་སོགས་རྙོག་དྲ་ག་ཚོད་བྱས་དང་བྱེད་བཞིན་འདུག
ལྷག་པར་དུ་ན་ཉིན་ལྷོ་ཕྱོགས་ནས་༸གོང་ས་གིས་དམིགས་བསལ་བཀའ་སློབ་གནང་བ་དང༌། ཟམགདོང་བས་ཀྱང་སྲོག་བློས་གཏོང་ཐུབ་རབས་ཀྱིས་དོལ་རྒྱལ་དང་འབྲེལ་བ་གཅོད་དགོས་སྐོར་མང་དག་ཅིག་ཡོད་ཀྱང་དྲ་གྲོགས་ཚོ་སུན་སྣང་སྐྱེ་སྲིད་སྙམ་ནས་འདིར་མི་འགོད། དྲ་གོགས་སྤོབས་པ་ལགས། འདི་ད་དུང་འགྲིགསམི་འདུག དངོས་གནས་འགྲིགས་མིའདུག ང་ཚོས་ངེས་པར་དུ་གསལ་པོ་བཟོ་དགོས།
དགོས་གལ་བྱུང་ན་ཁྱེད་ཀྱི་ཟིན་བྲིས་སུ་བཏང་ཆོག (འདིའི་སྐོར་ནས་ད་དུང ཁ་གསལ་བཟོ་རྒྱུ་མང་དག་ཅིག་འདུག་ན་དུས་བབ་ལགས། གོང་གི་ཨ་ལགས་འཇིགས་མེད་སོགས་མི་གསུམ་ལ་ཡང་བསྐྱར་བཅར་འདྲི་བྱས་ཏེ་ཁོང་ཚོས་སྔར་བཤད་དང་ཞིབ་འཇུག་ལེགས་པར་བྱས་ཏེ་གསལ་པོ་བཟོ་ཐུབ་ན། ཁྱེད་དུས་བབ་ཀྱིས་བྱས་རྗེས་མི་དམན་པ་ཞིག་བཞག་པ་མ་རེད་དམ། ཐུགས་རྗེ་གཟིགས། འདི་རང་དགར་འཇོག་རྒྱུའི་དོན་དག་ཞིག་མ་རེད། )
དྲ་གྲོགས་རྭ་ལོ་ལགས་ཀྱིས་མ་ཤེས་ན་ཁག་མི་འདུག ཐོག་མར་ལྷ་ཆབ་སྦྱིན་པའི་ཟིན་བྲིས་(ཕ་གཞིས་)ལ་ཕེབས་དང་། གནས་ཚུལ་འགོ་འཛུགས་ས་དེ་ནས་རེད། དེ་ནས་ཁྱེད་ལ་གསལ་པོ་ཆགས་ཡོང་གི་རེད། མ་ཤེས་གོང་ནས་”བོད་པ་ཚང་”ཞེས་བཀའ་བཀྱོན་གནང་རྩིས་མ་བྱེད་རོགས། ཁྱོད་རང་གནས་ཚུལ་འདིའི་རྗེས་མ་ཟིན་པས་མ ཤེས་པ་རེད་པས་གཞན་”བོད་པ་ཚང་”ལ་ཉེས་པ་གང་ཡང་མེད།
ཡང་གིས་མཇལ་ཡོང༌།
དྲ་གྲོགས་ཨརྱ་ལགས། མདོ་སྨད་ཡོན་རྒྱམ་པའི་དེབ་དེའི་སྐོར་ལ་མདོ་སྨད་ཆོལ་ཁས་སྔ་རྗེས་སུ་ཡིག་ཆ་གཉིས་བཏོན་ཡོད་པ་རེད། སྔ་མའི་ནང་ཡོན་རྒྱམ་གྱིས་བྲིས་པ་མ་རེད་ཅེས་ཚིག་ཐག་བཅད་ནས་བཤད་པར་མ་ཟད། ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་ཀྱང་བྱས་པ་རེད། ཕྱི་མའི་ནང་ཡོན་རྒྱམ་གྱིས་བྲིས་པ་ཁས་བླངས་པ་རེད། ཁྱེད་རང་གིས་གཟིགས་པ་དེ་གཉིས་པ་དེ་ཁོ་ན་རེད། ངས་དེབ་དེ་གཉིས་ཀ་མཐོང་སྟབས་གོང་གི་མཆན་ནང་༼རྗེས་སུ་ཁུངས་འཁྱོལ་མེད།༽ཅེས་བཀོད་ཡོད།
གྲོགས་པོ་ཚོ། ད་ཡིན་ན་ཁོ་ཚེ་བའི་སྐོར་དེ་འགྲིགས་སོང་། མི་ཞིག་ལ་ཟུར་ཟ་སྐྱོན་འདོགས་རེ་བྱ་རྒྱུ་རག་དུས་ཚང་མ་སྨྱོས་པ་བཞིན་ཁ་ཕྱོགས་གཅིག་ལ་བརྒྱུགས་ནས་ཁྱི་ཟུག་ཟུག་བྱེད་ཀྱིན་འདུག ཉོབ་ཡོང་གིན་འདུག མི་ཞིག་མཇལ་ཁ་ནས་ཕྱིར་སློག་བྱས་པ་དེར་ཧ་ཅང་དཔའ་རྟགས་ཆེན་པོ་ཞིག་བཞག་པ་བཞིན་ཚང་མའི་ཁ་ནང་དུ་མི་ཤོང་བ་བྱས་ནས་གླེང་ཁུལ་བྱེད་ཀྱིན་འདུག ད་འགྲིགས་སོང་། ད་འགྲིགས་སོང་། ད་འགྲིགས་སོང་།
རྩོམ་སྒྲིག་པ་ལགས།འདིའི་སྐོར་ཚགས་ཤོག་ཐོག་ཏུགསལ་བོ་ཞིག་བཀོད་རོགས་གནང་།
དེ་སྔོན་མདོ་སྨད་ཆོལ་ཁས། མདོ་སྨད་ཡོན་ཏན་རྒྱ་མཚོས་དོལ་རྒྱལ་སྐོར་ལ་བྲིས་པ་དེ་ཁོས་བྲིས་པ་མ་རེད་ཅེས་ ཨུ་ཚུགས་བརྒྱབ་ཅེས་པ་བདེན་པ་མ་རེད་མདོ་སྨད་ཀྱིས་བསྟོན་པའི་དོ་རྒྱལ་སྐོར་གྱི་དེབ་དེའི་ནང་དུ་མདོ་སྨད་ཡོན་ཏན་རྒྱ་མཚོས་བརྩམས་པ་ཡིན་པའི་རྒྱུ་མཚན་བཅས་གསལ་བོ་རེད་ཁང་གསར་རྡོ་རྗེས་དེ་མ་གཟིགས་པ་ཡིན་ན་དེ་ལ་གཟིགས་རོགས་ཞུ། དེ་མིན་དམིགས་ཡུལ་གཞན་འདྲ་ཡོད་ན་རང་འདོད་དྱས་ཆོག
བོད་པ་ཚོས་དོན་དག་བྱེད་སྟངས་དང་བཤད་སྟངས་ཚང་མ་འདི་འདྲ་ཞིག་རེད། མདོ་དོན་ཁོ་ཚེ་ཚུལ་ཁྲིམས་ཀྱི་སྐོར་གླེང་གི་ཡིན་ན་དོན་དག་གཅིག་གཅིག་གཉིས་གཉིས་བྱས་ནས་གླེང་རོགས། ཁོའི་བྱས་ཉེས་གཙོ་ཕལ་མཐའ་དག་རང་རང་ལ་གསལ་ཆ་ཅི་ཡོད་ཐག་ཆོད་པོའི་སྒོ་ནས་བཤད་དགོས་པ་རེད། ཅིག་ཅིག་མུག་མུག་ཟེར་ནས་ཁུངས་འཁྱོལ་བའི་སྐད་ཆ་ཞིག་བཤད་རྒྱུ་མི་འདུག ང་ལ་དགོས་པའི་ལན་དང་པོ་ནི། ཁོ་ཚེ་ཚུལ་ཁྲིམས་ཟེར་བ་འདིས་ཡང་སྙིང་བླ་བཙོང་གི་ལས་ཅི་ཞིག་བསྒྲུབས་ནས་ད་གཟོད་ཁོའི་ཐོག་ལ་ངར་ལངས་ཀྱིན་ཡོད་པ་རེད།
དོན་གནད་ཁ་ཤས་ལ་དཔྱད་ཞིབ།
དང་པོ། ཨ་ལགས་འཇིགས་མེད་ཀྱིས་ཁོ་ཚེ་ཚུལ་ཁྲིམས་ཡིན་པ་ག་དུས་ཤེས་སམ།
བོད་ ཀྱི་དུས་བབས་ཐོག་མདོ་སྨད་ཚོགས་གཙོ་རྒྱལ་རོང་ཟླ་བ་ཚེ་རིང་གིས་༼ཟླ་ ༤ ཚེས་ ༤ ཉིན་གྱི་དགོང་མོ་ཨ་ལགས་འཇིགས་མེད་རིན་པོ་ཆེ་ཡིས་ལྡི་ལི་ནས་བཀྲ་ཤིས་དོན་ འགྲུབ་ལ་ཁ་པར་བཏང་སྟེ། སོག་པོའི་བླ་མ་ཡིན་ཟེར་མཁན་གྱི་ཨ་མདོ་བ་ཞིག་ངྷ་སར་སླེབས་ཡོད་ས་རེད། ཁོ་གངས་ཅན་བླ་མ་དང་འབྲེལ་བ་ཡོད་མཁན་ཞིག་རེད། དེ་ལ་བརྩད་གཅོད་ཞིབ་འཇུག་བྱ་དགོས། ཞེས་བཀའ་མངགས་བྱས་འདུག༽ཅེས་ཡོད་པར་གཞིགས་ན། ཨ་ལགས་འཇིགས་མེད་ཀྱིས་ཟླ་ ༤ ཚེས་ ༤ གོང་ནས་ཁོ་ཚེ་ཚུལ་ཁྲིམས་ཡིན་པ་ཤེས་ཡོད་པར་ཁ་མཚོན་གཅོད་མི་ཐུབ་ཀྱང་། མི་འདི་གངས་ཅན་བླ་མ་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་ཤེས་ཡོད་པ་དེ་བརྒྱ་ཆ་བརྒྱ་ གསལ་པོ་རེད། འོན་ཀྱང་ཅིའི་ཕྱིར་དོན་འདི་སྐུ་སྒེར་ཡིག་ཚང་དང་བདེ་སྲུང་ལས་ཁུངས་ལ་སྙན་སེང་ མ་ཞུས་པ་ཡིན་ནམ། ཅིའི་ཕྱིར་སོག་ཆས་སྤྲས། མིང་རྫུན་མ་འཁྱེར་ཏེ་༸གོང་ས་མཆོག་གི་མཇལ་ཁར་གཏོང་གི་ཡོད་དམ། བོད་ཀྱི་དུས་བབ་ཀྱིས་གནད་འགག་འདི་མ་འདྲི་བ་གང་ཡིན་ནམ།
ཨ་ ལགས་སྐད་ཆར་དོགས་པ་མང་། དཔེར་ན། སོག་པོའི་མཁན་པོ་ཡིན་མིན་ལ་ཁོ་ཚེ་ཚུལ་ཁྲིམས་ཀྱི་ཨམ་སྐད་བདེ་བར་བརྟེན་དོགས་ པ་བྱུང་བ་རེད་ཟེར་བ་དང་། ཡང་སྐུ་སྒེར་ལ་འབྲེལ་བ་བྱས་ནས་ཤེས་པ་རེད་ཟེར་བ་སོགས་གསལ་པོ་མེད། དུས་བབ་ཀྱི་བཅར་འདྲི་དེའི་ནང་ལའང་ཨ་ལགས་དང་ཁོ་ཚེ་ཚུལ་ཁྲིམས་དབར་ཡང་སྙིང་ དུས་ཚེས་གང་ལ་འབྲེལ་བ་ཐོག་མ་དེ་བྱུང་ཡོད་མེད་གསལ་པོ་བཀོད་མེད།
ལྷ་ ཆབ་ཀྱི་ཟིན་བྲིས་ནང་༼རྒྱ་འགོང་ཁོ་རྒྱ་གར་རྒྱལ་ས་ལྡི་ལིར་སླེབས་དུས་ཨ་ལགས་ འཇིགས་ལྡི་ལི་ན་ཡོད་པ་ཤེས་ཏེ་རྩད་གཅོད་བྱས་ནས་ཁ་པར་སླེབས་འདུག དེ་དུས་ཨ་ལགས་ཀྱིས་ཁོ་ཚེ་ཚུལ་ཁྲིམས་ཡིན་པ་ག་ལ་ཤེས་ཏེ། སོག་པོ་ཞིག་ཡིན་རབས་དང་དགོན་པ་ཞིག་གི་མཁན་པོ་ཡིན་རབས་ཀྱིས་དབུ་སྐོར་བཏང་ འདུག དེ་དུས་ཨ་ལགས་བདེ་སྲུང་ནི་མིན་པས་ལག་ཁྱེར་སོགས་ལ་ཞིབ་འཇུག་ག་ལ་བྱེད། གང་ལྟར་ཁོས་ཨམ་སྐད་ཤེས་པ་དེ་ལ་ཨ་ལགས་ཏོག་ཙམ་ཐུགས་འཁྲུག་ཡོད་ནའང༌། ལྐོགས་ནས་ཞིབ་འཇུག་བྱས་པ་མ་གཏོགས་གདོང་ལ་བུད་ནས་སྐད་ཆ་གང་ཡང་དྲིས་མེད་ཚོད། ༽ཅེས་བཤད་འདུག སྐད་ཆ་འདི་དག་བདེན་པ་ཡིན་ན། ཨ་ལགས་ཀྱིས་ལྡི་ལི་ནས་དོགས་པ་ཟ་བ་མ་ཟད། ལྐོག་ནས་ཞིབ་འཇུག་བྱས་པ་གསལ་པོ་རེད། འོན་ཀྱང་དོགས་ཡོད་ཀྱི་མི་ཞིག་ལྡི་ལི་ནས་ཐོན་ཏེ་དྷ་སར་སླེབས་པ་མ་ཟད། ཚེས་ ༤ ཉིན་གོང་ས་མཆོག་གི་མཇལ་གྲལ་དུ་འཚང་ནའང་ཨ་ལགས་ཀྱིས་བདེ་སྲུང་ལ་སྙན་སེང་མ་ཞུ་ བ་གང་ཡིན་ནམ། ཨ་ལགས་བདེ་སྲུང་གི་བཀའ་བློན་གནང་མྱོང་བས། ཁ་པར་གཏོང་ཐེངས་གཅིག་ལ་གནས་ཚུལ་འདི་ཚོ་སྐུ་སྒེར་དང་བོད་གཞུང་གི་སྙན་དུ་ འཁྱོལ་བ་གནང་ཐུབ་ཀྱི་ཡོད་པ་ང་ཚོས་ཤེས་གསལ་རེད།
ཨ་ལགས་ཁོ་རང་གི་སྐད་ཆར་གཞིགས་ན་ཁོ་ཚེ་ཚུལ་ཁྲིམས་ཡིན་པ་ཚེས་ ༤ ཉིན་སྐུ་སྒེར་ལ་ཁ་པར་བཏང་སྟེ་ཤེས་པ་ལྟ་བུ་ཞིག་བཤད་ཡོད་《དོན་ དངོས་སུ་འདི་ནི་ཁོ་ཚེས་ཨ་ལགས་ལ་མར་ཁ་པར་བཏང་སྟེ། ང་མཇལ་ཁར་བཏང་མ་སོང། ཨ་ལགས་ཀྱིས་ཕྱག་རོགས་གནང་རོགས་ཞེས་ཞུས་པར། ཨ་ལགས་ཀྱིས་སྐུ་སྒེར་ལ་ཡར་ཁ་པར་བཏང་སྟེ། མཇལ་ཁ་རག་ཐབས་བྱེད་སྐབས་སྐུ་སྒེར་གྱིས་དེ་འདྲ་ཡོང་གི་མ་རེད། མི་འདིར་རྙོག་དྲ་འདུག་ཅེས་གསུངས་པ་རེད།》ཀྱང་། དེ་ལྟར་ན་ཨབ་ཕྲུག་བཀྲ་ཤིས་དོན་འགྲུབ་ལ་ཁོ་ཚེ་ཚུལ་ཁྲིམས་རེད་མི་ཟེར་བར། གངས་ཅན་བླ་མ་དང་འབྲེལ་བ་ཡོད་མཁན་ཞིག་རེད་ཙམ་བཤད་དོན་གང་ཡིན་ནམ།
གཉིས་པ། ཨབ་ཕྲུག་གཉིས་སྣེ་ལེན་བྱེད་པར་མངགས་པ་རེད། ཡང་ན་རྩད་གཅོད་དམ་གོ་བསྐོན་སློབ་གསོ་བྱེད་པར་མངགས་པ་རེད།
ཨ་ ལགས་ཀྱིས་མདོ་སྨད་ཚོགས་གཙོ་རྒྱལ་རོང་ཟླ་བ་ཚེ་རིང་དང་། ཤེས་རིག་ཟུང་དྲུང་བླ་བྲང་བ་བཀྲ་ཤིས་དོན་འགྲུབ་གཉིས་ཁོ་ཚེ་ཚུལ་ཁྲིམས་ཐུག་པར་ གཏོང་སྐབས། ལས་འགན་ག་རེ་ཡིན་མིན་གསལ་པོ་མེད། རྒྱལ་རོང་ཟླ་བ་ཚེ་རིང་གིས་ཨ་ལགས་འཇིགས་མེད་ཀྱིས་ཁོ་གཉིས་ལ་༼ བརྩད་གཅོད་ཞིབ་འཇུག་བྱ་དགོས༌༽ཞེས་བཀའ་ཕབ་པ་ལྟར་ཨབ་ཕྲུག་གཉིས་པོས་དང་ལེན་ བྱས་ཚུལ་བཤད་ཡོད།
ཡང་ ལྷ་ཆབ་ཀྱིས་༼དེ་ལྟར་རྒྱ་འགོང་ཁོ་རྡ་སར་འགྲོ་སྐབས་ཨ་ལགས་བརྒྱུད་མདོ་སྨད་ ཚོགས་གཙོ་རྒྱལ་རོང་བ་དང་བཀྲིས་དོན་འགྲུབ་གཉིས་ངོ་སྤྲོད་བྱས་ཏེ་བཏང་འདུག ཁོང་གཉིས་ལ་དེ་བས་ཀྱང་ཁག་ག་ལ་ཡོད་དེ། ཨ་ལགས་ལ་ཡིད་ཆེས་ཀྱིས་སྣེ་ལེན་བྱས་འདུག་ཀྱང༌། ངས་འདིའི་སྐོར་ལ་ཞིབ་འཇུག་བྱས་པའི་བསམ་ཚུལ་ནོར་མེད་ན། ཨ་ལགས་འཇིགས་ཟེར་བའི་བླ་རྒན་ཁོང་ལ་ང་ཚོ་ཚང་མ་རྒྱུས་ཡོད་པ་ལྟར། ལས་སླ་བོ་དེ་འདྲ་ཨེ་ཡིན་འདོད་ཀི་ རྒྱུ་མཚན་ཆེན་པོ་ཞིག་གིས་མ་ཤེས་མདོག་མདོག་གིས་ཕར་ནང་ནས་མཁྱེན་ཡོད་མདོག་འདུག ཁོང་གིས་ཧ་གོ་བཞིན་དུ་རྒྱ་འགོང་ཁོའི་བྱ་སྤྱོད་དང་དམིགས་ཡུལ་སོགས་ལ་ཞིབ་ འཇུག་གསལ་བོ་ཞིག་བྱེད་ཐབས་ཨེ་ཡིན་བསམ་པ་ཞིག་འདུག དེ་མིན་ཨ་ལགས་འཇིགས་མེད་ལགས་ཀྱིས་མགོ་མ་ཚེས་པར་མི་རང་ག་བ་ཞིག་ལ་དེ་འདྲའི་ མཐོང་ཞིག་གནང་མི་སྲིད་སྙམ།༽ཞེས་བཤད་ཡོད། གོང་གི་སྐད་ཆ་ལྟར་ན། རྒྱལ་རོང་ཟླ་བ་དང་ཤེས་རིག་བཀྲ་དོན་གཉིས་སྔོན་ནས་ངོ་སྤྲོད་བྱས་ཏེ་བཏང་བ་དང་། ཁོང་གཉིས་ཀྱིས་བྱས་པ་དེ་ཡང་སྣེ་ལེན་ཡིན་པ་འདྲ་བོ་བཤད་འདུག
ཡང་ གཡང་འབུམ་ཚེ་རིང་གིས་ཨ་ལགས་འཇིགས་མེད་སོགས་ལ་དག་འབུད་བྱ་ཆེད་བྲིས་པའི་ནང་༼ ཨ་ལགས་འཇིགས་མེད་ཀྱིས་ རྒྱལ་རོང་ཟླ་བ་དང་བཀྲིས་དོན་འགྲུབ་གཉིས་ལ་ཞལ་པར་ཐོག་འབྲེལ་བ་གནང་སྟེ་ཁོ་ཚེ་ ཚུལ་ཁྲིམས་ྋགོང་ས་མཆོག་ལ་མཇལ་ཁར་བཅར་རྩིས་ཡོད་པས། ཁོ་པ་བོད་མི་ཤེས་ཡོན་ཡག་པོ་ཡོད་མཁན་ཞིག་ཡིན་པས་ཁྱེད་གཉིས་ཁོ་པར་གོ་བསྐོན་ སློབ་གསོ་གནང་སྟེ་རབ་བྱུང་ན་ལངས་ཕྱོགས་ལ་འགྱུར་བ་གཏོང་ཐབས་སུ་འབད་དགོས་གལ་ གསུངས་ཡོད་འདུག༽ཅེས་བྲིས་འདུག
དེར་ བརྟེན་ཨབ་ཕྲུག་གཉིས་ལ་བཀའ་ཕབ་པ་དེ་ཞིབ་འཇུག་གི་ཆེད་དུ་རེད་དམ་སྣེ་ལེན་གྱི་ ཆེད་དུ་རེད། ཡང་ན་གོ་བསྐོན་སློབ་གསོའི་ཆེད་དུ་རེད། སྐད་ཆ་གཅིག་མཐུན་རྩ་བ་ནས་མི་འདུག དོལ་རྒྱལ་བ་ཁོ་དང་མཉམ་དུ་དགོང་མོ་ཆུ་ཚོད་ ༨ བར་རྒྱས་ཟ་རྒྱས་འཐུང་བྱས་པ་སོགས་ལ་བསམ་ན་སྣེ་ལེན་གྱི་ཆེད་དུ་ཡིན་པ་འདྲ་ཞིང། གོ་བསྐོན་སློབ་གསོ་འདི་དང་འདི་བྱས་རྒྱལ་རོང་ཟླ་བས་རྩ་བ་ནས་བཤད་མི་འདུག་པས་ དེ་མིན་པ་འདྲ། ཞིབ་འཇུག་གི་ཆེད་དུ་ཡིན་ཞེས་པ་ནི་རྫུན་གཏམ་སྟེ། དེ་ལྟར་ན་དོལ་རྒྱལ་ཕྱོགས་གཏོགས་པ་ཁོ་ཚེར་རྒྱལ་རོང་ཟླ་བ་དང་བཀྲ་ཤིས་དོན་ འགྲུབ་ཀྱིས་སླར་ཡང་རྒྱབ་སྐྱོར་བྱས་ཏེ། མཇལ་ཁ་གཏོང་རོགས། ཁོ་ཚེ་གཙང་མ་རེད་ཅེས་བདེ་སྲུང་ལ་རྒྱབ་གཉེར་བྱས་ཏེ་བརྗོད་དགོས་དོན་མེད།
གསུམ་པ།་མཁས་དབང་ལ་སྙན་ཞུ་འབྲི་རོགས་བྱེད་དོན་ཅི།
གོ་ ཐོས་ལ་ཁོ་ཚེ་ཚུལ་ཁྲིམས་ཡིག་རྩིས་གཏམ་གསུམ་ལ་མཁས་ཟེར། དེབ་ཆེན་ཁ་ཤས་བྲིས་ཡོད་ཟེར། དེ་གོང་ས་མཆོག་ལ་འབུལ་གྱི་ཡིན་ཟེར། དེ་དོན་ཆེན་ཡིན་ཟེར། རྒྱལ་རོང་ཟླ་བས་ཀྱང་རང་གི་མཐོང་སྣང་གླེང་སྐབས་༼ ང་རང་གི་མཐོང་སྣང་ལ་མི་ དེའི་ཤེས་ཡོན་གྱི་གནས་ཚད་ཧ་ཅང་མཐོ་བོ་དང༌། ཐེངས་འདིར་ཁ་ཞེ་གཉིས་མེད་ཀྱིས་མགོ་འདོགས་ཞུ་རུ་ཡོང་བ་མིན་ནམ་སྙམ་པ་ཞིག་ བྱུང་སོང། ༽ཞེས་བཤད་ཡོད། འོན་ཀྱང་ཡ་མཚན་པ་ཞིག་ལ། རྒྱལ་རོང་ཟླ་བ་ཚེ་རིང་གིས་དུས་བབ་ཐོག་སྐད་ཆ་འདི་འདྲ་ཞིག་བཤད་འདུག
༼ སྐབས་དེར་བདེ་སྲུང་གི་ལས་བྱེད་ཅིག་ཡོང་སྟེ་ཁོང་ལ། ཁྱོད་རང་སྐུ་མདུན་ལ་མཇལ་དགོས་པའི་དམིགས་ཡུལ་ཡིག་ཐོག་ནས་ཁྱེར་ཤོག་ཟེར་སྟབས། བཀྲ་ཤིས་དོན་འགྲུབ་ཀྱི་རོགས་རམ་འོག ཤོག་ངོས་གསུམ་ཅན་གྱི་སྙན་ཞུ་ཞིག་བྲིས་ཏེ་བདེ་སྲུང་དང་སྐུ་སྒེར་ཡིག་ཚང་ལ་ སྤྲད་སོང་ ༽
དེབ་ ཆེན་འབྲི་མཁན་གྱི་མཁས་པ་དང་ཤེས་ཡོན་གྱི་གནས་ཚད་ཧ་ཅང་མཐོ་བོ་ཡོད་མཁན་དེས་ གོང་ས་མཆོག་ལ་འབུལ་རྒྱུའི་སྙན་ཞུ་སོ་སོས་རང་རྐྱ་འཕེར་བའི་སྒོ་ནས་མ་བྲིས་པར། ཤེས་རིག་ཟུང་དྲུང་བླ་བྲང་བ་བཀྲ་ཤིས་དོན་འགྲུབ་ཀྱིས་འབྲི་རོགས་བྱེད་དགོས་ དོན་ཅི་ཡིན་ནམ།
ལྷག་ པར་དུ་གནད་ཡོད་གཞུང་ཞབས་ཤིག་གིས་དེ་ལྟར་བྱས་ཆོག་གམ། བཀྲ་ཤིས་དོན་འགྲུབ་འདི་པས་དེ་སྔོན་བོད་མིའི་སློབ་གྲྭ་ཡོངས་ལ་རྒྱ་ཡིག་སློབ་ གཏན་འཁེལ་ཡོད་ཅེས་ཤེས་རིག་བཀའ་བློན་དྲུང་ཆེའི་བཀའ་འཁྲོལ་མེད་པར་གསར་ལམ་ཁག་ ཏུ་ཚོད་བཤད་བྱས་སྟབས། གྲོས་ཚོགས་ནང་རྙོག་གླེང་བྱུང་བ་དང་། བར་ལམ་རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་ཐད་མ་དྲང་བ་བྱས་ཏེ་ད་ཆ་སློབ་ཡོན་ལས་ གཞི་མཚམས་འཇོག་བྱས་པ། དེ་སྔོན་གཞུང་ཞབས་ཡིན་མུར་སྒྲིག་གཞི་དང་རྩ་འགལ་གྱིས་གཞན་དང་མཉམ་དུ་དྲང་བདེན་གྱིས་བསླུས་པའི་སློང་མོ་ བ་ཞེས་པ་དེ་དང་།་《ཀྱག་ཀྱོག་ཆེ་བའི་བཞུད་ལམ་དང་འོད་སྟོང་འབར་བའི་མི་ཚེ་》ཞེས་པའི་དེབ་དེ་བྲིས་པ་སོགས་རྙོག་གྲའི་ནང་ཞུགས་པ་ཧ་ཅང་མང་ངོ་།། ༼དེབ་ཕྱི་མ་དེའི་ཐོག་ཁོ་པའི་མིང་ཡང་བྲིས་འདུག་གོ༽
ཁོ་ཚེ་ཚུལ་ཁྲིམས་ཀྱིས་དོལ་རྒྱལ་ཕྱོགས་གཏོགས་དང་འབྲེལ་ཐག་བཅད་ཡོད་དམ།
དེ་སྔོན་མདོ་སྨད་ཆོལ་ཁས། མདོ་སྨད་ཡོན་ཏན་རྒྱ་མཚོས་དོལ་རྒྱལ་སྐོར་ལ་བྲིས་པ་དེ་ཁོས་བྲིས་པ་མ་རེད་ཅེས་ ཨུ་ཚུགས་བརྒྱབ་པ་རེད། དེའི་སྐོར་ལ་དེབ་ཀྱང་བྲིས་པ་རེད། དོལ་རྒྱལ་ཕྱོགས་གཏོགས་ཀྱི་བྱེད་གཏེ་ཚོའི་ལོ་རྒྱུས་འབྲི་སྐབས། ཕ་ཡུལ་ཨ་མདོ་ཡིན་ཚེ། སྐྱེ་ཡུལ་ཀ་ལི་ཀ་ཏ་ལྟ་བུ་བྲིས་པ་རེད། དེ་ལྟར་བྲིས་ཏེ་མདོ་སྨད་ཆོལ་ཁ་གཙང་མ་ཡིན། དོལ་རྒྱལ་བ་གཅིག་ཀྱང་མེད་ཁུལ་བྱས་པ་རེད། འོན་ཀྱང་རྗེས་སུ་ཁུངས་འཁྱོལ་མེད། མདོ་སྨད་ཆོལ་ཁ་ཆེན་པོ་ཡིན་པས་མི་རེ་ཟུང་ཡོང་སྲིད་པ་རེད། འོན་ཀྱང་ཁོ་ཚེ་ཚུལ་ཁྲིམས་ཐོག་ལའང་མདོ་སྨད་ཚོགས་གཙོ་སོགས་ཀྱིས་དོལ་རྒྱལ་བ་ མིན་འདྲའི་ཤུགས་དེ་འདྲ་ཞིག་ད་ལྟའང་རྒྱག་གི་འདུག
ཐ་ ན་དོལ་རྒྱལ་ཕྱོགས་གཏོགས་ལ་འབྲེལ་བ་ཡོད་མེད་གསལ་པོ་མ་ཤེས་གོང་ནས་མདོ་སྨད་ ཚོགས་གཙོ་རྒྱལ་རོང་ཟླ་བས་ཁོ་ཚེ་ཚུལ་ཁྲིམས་གཙང་མ་རེད། གོང་ས་མཆོག་གི་མཇལ་ཁར་གཏོང་དགོས་ཞེས་བདེ་སྲུང་བཀའ་བློན་ལ་ཞུས་ཡོད་པ་རེད།
ཨ་ལགས་འཇིགས་མེད་ཀྱིས་དོགས་ཡོད་ཡིན་པ་ཤེས་བཞིན་དུ་ཁུ་སིམ་མེར་བཞུགས་པ་རེད།
དོན་ དངོས་སུ་ཁོ་ཚེ་ཚུལ་ཁྲིམས་གངས་ཅན་བླ་མ་སོགས་ལ་དཔལ་འབྱོར་གྱི་འབྲེལ་བ་ཡོད་པར་ མ་ཟད། ད་ལྟ་སོག་ཡུལ་དུ་སླེབས་སྟངས་དེ་ཚོར་བསམས་ན་དོལ་རྒྱལ་ཕྱོགས་གཏོགས་ལ་འབྲེལ་བ་ ཡོད་པ་གསལ་པོ་རེད། བདེ་སྲུང་བཀའ་བློན་གྱིས་ཀྱང་ཧ་ཅང་གོ་རྒྱུ་ཆེ་བའི་གཏམ་བཤད་ཅིག་སྟེ་
༼ དོ་བདག་གིས་དོལ་རྒྱལ་བསྟེན་གྱིན་མེད་ཟེར་གྱིན་འདུག འོན་ཀྱང། གངས་ཅན་བླ་མ་དང་སོག་པོའི་བླ་མ་བཅས་ལ་འབྲེལ་བ་ཡོད་པ་དེ་གསལ་བོ་རེད་ལ། དོ་བདག་གིས་ཀྱང་འབྲེལ་བ་བྱུང་ཞེས་བཤད་བྱུང། སྔར་འབྲེལ་བ་ཡོད་མོད། ཕྱིས་སུ་འབྲེལ་བ་བྱ་རྒྱུ་མིན། སྐུ་མདུན་ལ་མཇལ་ཁར་གཏོང་རོགས། དེ་འདྲ་ལབ་མ་སོང། གལ་སྲིད་དེ་འདྲའི་དགོངས་པ་ཡོད་ན། ཐོག་མ་ནས་གསལ་བོར་བཤད་དགོས་པ་རེད། དེ་ལྟར་བཤད་པ་ཡིན་ན་བསམ་བློ་གཏོང་ས་ཞིག་ཡོད་པ་རེད། དེ་འདྲ་མེད་སྟབས། མཇལ་ཁར་གཏོང་ཐུབ་ཡོད་པ་མ་རེད། ༽ཅེས་པ་འདི་རེད། འདིའི་ཐོག་ནས་ཁོ་པས་མུ་མཐུད་དེ་དོལ་རྒྱལ་བར་འབྲེལ་བ་བྱེད་འདོད་ཡོད་པ་ལས་ འབྲེལ་བ་གཅོད་འདོད་པ་མེད་པ་གསལ་བར་མཚོན་པ་རེད། འོན་ཀྱང་མདོ་སྨད་ཚོགས་གཙོ་དང་ཤེས་རིག་ཟུང་དྲུང་བཀྲ་དོན་གཉིས་ཀྱིས་ད་དུང་ཁོ་ ཚེ་ཚུལ་ཁྲིམས་༼ཁ་ཞེ་གཉིས་མེད་༽ཡིན་ཚུལ་བརྗོད་དགོས་ཅི་ཡིན་ནམ།
མཐའ་དོན། ད་ཐེངས་ང་ཚོས་བསྟོད་དགོས་ས།
ད་ཐེངས་ང་ཚོས་བསྟོད་དགོས་ས་གཉིས་ཡོད། དེ་ནི་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱིས་སྐེ་མཚམས་སུ་དོལ་རྒྱལ་བ་ཁོ་བཀག་འགོག་ བྱས་པ་དེ་དང། ལྷ་ཆབ་སྦྱིན་པས་དུས་ཐོག་ཏུ་གནས་ཚུལ་སྤེལ་བ་དེ་གཉིས་ཡིན།
དེ་མིན་བོད་ཀྱི་དུས་བབ་དང་བང་ཆེན་གཉིས་ཀྱིས་མཚོན་པའི་གསར་ལམ་ཁག་གིས་འདིའི་ཐད་ནུས་པ་འདོན་ཐུབ་མེད།
ཁོ་ཚེ་ཚུལ་ཁྲིམས་ཟེར་བ་འདིས་ཡང་སྙིང་བོད་ལ་ཅི་ཞིག་གནག་པ་རེད། འདིའི་ཐད་ནས་གསལ་བོ་དག་པོ་རེ་བཤད་རྒྱུ་ཨེ་ཡོད།
ད་དུང་རྒྱུ་མཚན་གཞན་ཞིག་ནི་སྙན་ཞུ་དང་རྩོམ་ཡིག་འདི་གཉིས་ཀྱི་སྔ་གཞུག་གིས་ཀྱང་ཡིན་རྒྱུ་རེད། གང་ལྟར་དུས་བབ་ཚང་གི་དང་བླང་གིས་བྱ་བ་འདིའི་བྱུང་རིམ་ཀློག་མཁན་དག་ལ་དུས་ལྟར་ངོ་སྤྲོད་བྱས་པ་དེར་ཐུགས་རྗེ་ཆེ་ཞུ།
དགོངས་དག་རྩོམ་སྒྲིག་པ་ལགས། ངས་སྙམ་པར་མ་བཞག་པར་ཟུར་དུ་བཀོད་ཡོད་པའི་སྙན་ཞུ་མ་མཐོང་བར་གོང་ནས་སྙན་ཞུ་གང་དུ་ཡོད་པ་རེད་སོགས་བྲིས་ནོར་ཤོར་བ་དེར་དགོངས་དག་ཞུ་རྒྱུ་ཡིན། ངས་སྙན་ཞུ་དེ་ཟུར་དུ་བཀོད་ཡོད་པ་མཐོང་མ་ཐག་འདི་རུ་ཡོང་ནས་དགོངས་དག་ཞུས་པ་ཡིན།
ཁོས་སྐུ་སྒེར་ལ་ཕུལ་བའི་སྙན་ཞུ་ཞིག་ཡོད་པ་དེའི་ངོ་བཤུས་ཤིག་འདི་རུ་ཀློག་མཁན་དག་ལ་ཕུལ་ན་འགྲིག་གི་ཡོད་དམ། དེ་རེག་ཐུབ་མེད་པ་གང་རེད། སྙན་ཞུ་དེའི་ངོ་བཤུས་གང་དུ་ཡོད་པ་རེད། སྙན་ཞུ་དེའི་བསྐོར་གསལ་བཤད་གནང་ཐུབ་མཁན་ཡོད་ན་དངོས་ནས་ཡག་པོ་ཡོད་ས་རེད།
ད་ཡིན་ན་ཚང་མའི་མིག་མདུན་ལ་བཤམས་འདུག་པ་འདི་རེད། མི་འདིས་སྐུ་སྒེར་ལ་ཕུལ་བའི་སྙན་ཞུའི་ནང་དུ་སྐྱག་རྫུན་མང་མོད། རྗེས་སུ་གསལ་བཤད་བྱའོ།།
དུས་བབ་ལགས། གལ་སྲིད་ཁྱེད་རང་མི་བུ་ཞིག་ཡིན་པར་ཆ་བཞག་ན། མི་བུ་རང་ཚུགས་ཅན་ཞིག་ཡིན་ཐུབ་པར་སྨོན།
གལ་སྲིད་ཁྱེད་རང་སྒེའུ་ཁུང་ཞིག་ཡིན་ན། ཕྱི་གསལ་ནང་གསལ་གྱི་སྒེའུ་ཁུང་ཞིག་ཡིན་ཐུབ་པར་སྨོན།
གལ་སྲིད་ཁྱེད་རང་སྐྱེད་མ་ཞིག་ཡིན་ན། རང་གི་བྱིས་བ་ལྟ་བུའི་ྐློག་པ་པོ་དང་རྩོམ་འབྲི་བ་འདི་ཚོར་བདག་གཅེས་གནང་ཐུབ་པར་སྨོན།
གལ་སྲིད་། གལ་སྲིད།