མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀྲ་བྷེ་བཙོན་པར་གྱུར།

བོད་ཀྱི་དུས་བབ།
༢༠༠༩/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

དགེ་འདུན་པ་བཀྲ་བྷེ་ལགས་ད་ལྟ་སི་ཁྲོན་ཁྲིན་ཏུའུ་སྨན་ཁང་ཞིག་ཏུ་ཡོད་འདུག་ལ། ཁོང་གི་རྨས་སྐྱོན་དྲག་སྐྱེད་ཙམ་བྱུང་ཡོད་ཀྱང༌། རྒྱ་གཞུང་གིས་ནང་མིར་རྩིས་སྤྲོད་བྱེད་ཀྱིན་ཡོད་པ་མ་རེད་ཟེར།

 

ཕྱི་ཟླ་ ༢ ཚེས་ ༡༦ ཉིན་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བཀྲ་བྷེ་ལགས་ཀྱིས་བོད་བསྟན་སྲིད་ཀྱི་དོན་དུ་རང་ལུས་མེར་བསྲེག་གཏོང་སྐབས། རྒྱ་གཞུང་གི་ཉེན་རྟོག་པས་མེ་མདའ་བརྒྱབས་ཏེ་སྨན་ཁང་དུ་བསྐྱལ་ཡོད་པ་དང། དེའི་རྗེས་ནང་མི་ཚོར་བཀྲ་བྷེ་ལགས་ཀྱི་རྐང་ལག་མ་བཅད་ན་སྲོག་ཉེན་ཡོད་ཚུལ་བརྗོད་ཡོད་ཀྱང། ནང་མི་ཚོས་ངོས་ལེན་བྱས་མེད་པ་དང་རྒྱལ་སྤྱིའི་སྟེང་ནས་གནོན་ཤུགས་སླེབས་པ་སོགས་ཀྱིས་སྐབས་དེར་ཁོང་གི་རྐང་ལག་བཅད་མེད་ལ། ད་ཆར་ཁོང་སི་ཁྲོན་ཁྲིན་ཏུའུ་ས་ཁུལ་གྱི་སྨན་ཁང་ཞིག་ཏུ་ཡོད་ཚུལ་འདུག་ཀྱང། མི་སུ་ཡང་ཐུག་འཕྲད་བྱེད་དུ་འཇུག་གིན་ཡོད་ཚོད་མི་འདུག ནང་མི་དང་ཁོང་དང་འབྲེལ་ཡོད་ཚོས། ད་ལྟ་ཁོང་གི་རྨས་སྐྱོན་དྲེག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་ཆོག་ཀྱང། ད་དུང་ཁོང་གི་ལུས་སྟེང་དུ་མེ་མདའི་རྨ་ཤུལ་ལུས་ཡོད་སྟབས། རྒྱ་གཞུང་འབྲེལ་ཡོད་ཚན་པས་ནང་མིར་རྩིས་སྤྲོད་མ་བྱས་པར་བཙོན་པ་ལྟ་བུར་བཀག་ཉར་བྱས་ཡོད་པ་རེད། ཅེས་བརྗོད་ཀྱིན་ཡོད་འདུག

 

དགེ་འདུན་པ་བཀྲ་བྷེ་ལགས་ཀྱི་གནད་དོན་དང་འབྲེལ་ཏེ། རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་འཇམ་དབྱངས་ཕུན་ཚོགས་སམ། འཇང་ཁོ་ཞུ་བ་ཕྱི་ཟླ་ ༣ ཚེས་ ༣ ཉིན་གྱི་མཚན་མོའི་བོད་ནང་གི་ཆུ་ཚོད་ ༢ ཙམ་ལ་རྒྱ་གཞུང་གི་ཉེན་རྟོག་པས་རང་ཤག་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག་ལ། དེའི་རྗེས་ཁོང་གི་ནང་མི་གཉེན་འབྲེལ་ཚོས་རྔ་བ་རྫོང་དང་ཁུལ། སི་ཁྲོན་ཞིང་ཆེན་བཅས་སུ་རྩད་གཅོད་བྱས་ཀྱང། ད་བར་འཇམ་དབྱངས་ཕུན་ཚོགས་ལགས་གར་ཡོད་དང་། གནས་སྟངས་ཅི་ཆགས་གསལ་ཁ་གང་ཡང་བྱུང་མེད་སྟབས། ས་གནས་བོད་རིགས་མང་ཚོས་ཁོང་གི་འཆི་གསོན་ཐད་སེམས་འཚབ་ཆེན་པོ་བྱེད་ཀྱིན་ཡོད་འདུག

 

གྲྭ་འཇམ་དབྱངས་ཕུན་ཚོགས་ལགས་ནི་ད་ལྟ་རང་ལོ་ ༣༥ ཡིན་ཞིང། ཕའི་མིང་ལ་རྡོ་རྗེ་དང་མའི་མིང་ལ་སྒྲོན་པེ། སྐྱེས་ཡུལ་རྔ་བ་ཇོ་ལེབ་ཡིན་འདུག ཆུང་ངུ་དུས་ནས་རྔ་བ་ཀིརྟི་དགོན་པར་བསླབ་པ་སློབ་གཉེར་གནང་བཞིན་པའི་གྲྭ་བ་དཀྱུས་མ་ཞིག་ཡིན་ཡང། ཉེ་ཆར་གློ་བུར་དུ་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག ཟླ་ ༣ ཚེས་ ༥ ཉིན་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་འགྱུར་སྟེང་གནས་ཚུལ་སྤེལ་བའི་ནང། གྲྭ་འཇམ་དབྱངས་ཕུན་ཚོགས་ཀྱིས། བཀྲ་བྷེ་ཡི་གནས་ཚུལ་ཁག་ཕྱི་རྒྱལ་དུ་བཏང་བ་དང། དེ་ལྟར་བྱེད་དོན་རྒྱལ་སྤྱིའི་སྟེང་ནས་དོ་སྣང་ཡོང་ཆེད་ཡིན་པ་སོགས་ངོས་ལེན་བྱས་ཡོད་ཚུལ་བཀོད་ཡོད་འདུག 

གོང་གི་གནས་ཚུལ་འདི་ནི་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་ནས་ཁོ་སྤྲོད་བྱས།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༠ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༡༢ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

མཆན། 5

  1. རང་རྟོན། says:
    ལོ་ 17 སྔོན།

    གངས་ཅན་པའི་དཔའ་བོ་ངོ་མ་ཞིག་སྟེ་དཔའ་བོ་བཀྲ་བྷེ་ལགས་སྐུ་ཚེ་བརྟན་པར་ཤོག

    Reply
  2. མིག་གསུམ་པ། says:
    ལོ་ 17 སྔོན།

    མདོ་སྨད་རྔ་བ་ཚང་གིསདཔའ་བོའི་རྡོ་རིང་མང་་པོ་བཞེངས་སོང་། འདི་ལྟ་བུའི་་དཔའ་བོའི་སྙིང་སྟོབས་ལ་བཀུར་སྟི་བྱེད་ཡ

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བརྩེ་བའི་གྲོགས་པོ་ལགས། སྐད་ཆ་འདི་ལྟར་གསུང་བ་ཡིན་ན་བདེན་པ་ཡིན་ཡང་། མི་མང་གིས་ཁྱེད་རང་ལ་སྡུག་དམོད་བྱེད་པ་ལས་ཕན་ཅི་ཡང་ཐོག་མི་ཡོང་། འདིའི་བསྐོར་གྱི་གནས་ཚུལ་མང་བོ་ཞིག་བསྔོག་ནས་ཡོང་བསྔོག་རྒྱུ་ཡོད་ཀྱང་། ད་ནི་དེ་དག་དོན་མེད་ཀྱི་སྐད་ཅོར་བརྒྱབ་པ་ལྟ་བུ་ཞིག་ལས་གང་དུ་ཡང་མི་འགྲོ་སྟབས། ངས་ཁ་རོག་གེར་བཞག་པ་ཡིན། དེ་མིན་དེའི་བསྐོར་གྱི་གནས་ཚུལ་དང་ཡང་ན་བསམ་ཚུལ་མང་བོ་ཞིག་འདྲི་དགོས་ས་དེ་ནི་གཞོན་ནུ་ཚོགས་པ་ལ་སྐད་ཆ་འདི་དག་གསལ་བོ་ཞིག་འདྲི་དགོས་པ་རེད་སྙམ་ཡོད། དེ་ཡང་

    Reply
  4. ལྷ་ཆབ་སྦྱིན་པ། says:
    ལོ་ 17 སྔོན།

    འདིའི་ཐད་ན་ང་ལ་བསམ་འཆར་ཞིག་ཡོད། དཔའ་བོ་དམ་པ་ཁོང་ནི་བོད་མི་ས་ཡ་དྲུག་གི་ནང་ནས་ཐུབ་བསྟན་དངོས་གྲུབ་གཉིས་པ་དེ་ཆགས་པ་རེད། འདི་ལ་རང་རེའི་གཞུང་དང་ཚོགས་པ་ཁག ཐ་ན་མི་རེ་ངོ་རེ་ནས་དོ་སྣང་ཤུགས་ཆེན་བྱེད་འོས་ན་ཡང༌། འདིའི་སྐོར་ནས་གྲགས་འགུལ་ཅི་ཡང་མེད་པ་ཅི་རེད། འདི་མ་ཤི་བའི་སྟབས་ཀྱིས་རེད་དམ། ཡང་ན་ཐུབ་བསྟན་དངོས་གྲུབ་དང་བར་ཁྱད་ཅི་ཞིག་ཡོད། ངེས་པར་དུ་ཤི་དགོས་པ་རེད་དམ། ཡང་ན་དཔའ་བོ་འདི་ལ་ཤི་བའི་སྙིང་སྟོབས་མེད་སོང་བ་རེད་དམ། ང་ཚོའི་སྤྱི་ཚོགས་འདི་དངོས་གནས་ཁྱད་མཚར་ཞིག་རེད། ངའི་བསམ་པར་འདིའི་རིགས་ལ་ཤིན་ཏུ་ཡི་རངས་ཞུ་དགོས་པར་མཐོང༌། དེ་མ་ཡིན་པར་ཤི་སོང་བ་ཞིག་ལས་འདི་གལ་ཆེན་དུ་མ་རྩིས་ན་གསོན་ཙམ་གནས་པའི་ཁོང་གི་སེམས་ཤུགས་ཆགས་པར་ཉེན་ཁ་ཡོད། འགྱོད་སེམས་སྐྱེ་བར་ཉེན་ཁ་ཡོད།

    Reply
  5. ལྷ་ཆབ་སྦྱིན་པ། says:
    ལོ་ 17 སྔོན།

    དཔའ་བོ་ཁོང་གི་སྐུ་ཚེ་རིང་ཞིང་བསམ་དོན་མཐའ་དག་ལྷུན་གྱིས་འགྲུབ་པར་ཤོག རྒྱལ་གཅེས་དཔའ་བོ་བཀྲ་བྷེ་ལགས་མི་རིང་བར་ང་ཚོའི་མིག་མདུན་ལ་མངོན་པར་ཤོག ཁོང་ལ་ང་ཚོས་སེམས་དང་བསམ་པའི་སྟེང་ནས་བཀའ་དྲིན་ཞུ་འོས།ê

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese