མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེང་རྡོར་གཙོ་བའི་དྲ་གྲོགས་ཡོངས་ལ་ཕུལ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༥/༠༡
Share on FacebookShare on TwitterShare on EmailShare on Whatsapp

རང་གི་རང་འཚང་རང་རིགས་ནང་དུ་སྟོན།།
ཕན་ཚུན་ཤེས་པའི་གནད་ཀྱི་དོན་དམ་པ།།
སྤྱངས་པའི་ཉམ་མྱོང་ལ་བརྟེན་ལྷན་སྐྱེས་ཀྱི།།
ཤེས་རབ་དགོས་པ་ཚང་མས་ཐུགས་ལ་བཟུང་།།
ཁ་ནས་གང་ཐོན་བཤད་པ་དྲང་གཏམ་མིན།།
སེམས་ནང་གང་དྲན་བྲིས་པ་སྙན་ངག་མིན།།
མིག་གི་གང་མཐོང་དཔྱད་པ་དཔྱོད་ཤེས་མིན།།
རང་གི་རིགས་འཕྱ་བ་གླེན་རྟགས་ཡིན།།
གླེང་ངོ་རང་གིས་ཟིན་ན་དཔྱོན་ལྡན་ཡིན།།
རང་རིགས་ལར་ཞེན་ཆེ་བ་སྲུ་ཞུ་ཡིན།།
རང་ལ་སེམས་པ་དཀར་བ་རང་ལུགས་ཡིན།།
འདི་དག་ཡིན་མིན་ཁྱེད་ཅག་དྲ་གྲོགས་ཚོས།།
རང་རང་སེམས་ཀྱི་རྩ་བ་བསྔོག་པའི་མཐར།།
ཕན་ཚུན་སྤུན་ཟླ་ཡིན་པའི་འདུ་ཤེས་དེ།།
ཤེས་པའི་སྒོ་ནས་གཏམ་བཤད་གནང་བར་འཚལ།།
རིགས་ཞེན་སེམས་ཀྱི་ཤར་བའི་བྲིས་གཟུགས་འདི།།
དྲ་གྲོགས་སེང་རྡོར་གཙོ་བའི་རིགས་འཛིན་པ།།
ཡོངས་ཀྱིས་སེམས་ངོར་བཞག་ནས་གཏམ་ལན་རེ།།
གང་ཞིག་བཤད་འདོད་ཡོད་ཀྱང་སེམས་གཏིང་ནས།།
གུས་པ་དང་བཅས་དགའ་བསུ་གྲངས་མེད་ཡོད།།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 4

  1. sha tak ri sim says:
    ལོ་ 17 སྔོན།

    གྲོགས་པོ་ལྷ་ཆབ་ལགས། སྐད་ཆ་འདི་ཚོ་དངོས་ནས་དགོད་སྤྱད་རང་རེད། བུ་མོ་ཚོས་ཁོ་རང་གི་ཆེད་དུ་རང་ཤི་རྒྱག་འདོད་ཡོད་པའི་གཏམ་དེ་དག་ནི་ཐོས་མ་མྱོང་མོད། འོན་ཀྱང་། ཁོ་རང་གིས་བྲིས་པའི་རྟུལ་འཕོད་ཟེར་བའི་དེབ་དེའི་ཅོལ་རྒྱུགས་དགའ་བ་མི་ཉུང་བ་ཞིག་གིས་སེམས་ཁོང་དུ་གདོན་ཞུགས་དེ་བོད་ཀྱི་ནང་ཆོས་ལ་ངོ་རྒོལ་བྱེད་མཁན་ཡང་གྲ་བས་ཁྲོད་དུ་ཡོད་པ་མ་ཟད། གྲ་བ་མི་ཉུང་བ་ཞིག་ཀྱང་གྲ་ལོག་བྱས་པའི་གཏམ་གསར་དེ་འདྲ་ཡང་གོ་རྒྱུ་འདུག གང་ལྟར། མི་དེའི་སྐད་ཆ་དང་སྙན་ངག་འབྲི་ལུགས་དེ་ནི་གནའ་སྔ་མོའི་རྒྱ་གར་ཡུལ་གྱི་ཕྱི་རོལ་བ་དེ་དག་གི་གྲུབ་མཐའ་རྩོམ་པ་པོ་དེ་ཚོས་འཇིག་རྟེན་ན་ལས་འབྲས་དང་སྐྱེ་བ་སྔ་ཕྱི་མེད་པའི་བསྐོར་སྒྲུབ་ནས་མཐར་རང་གི་མ་དང་བུ་མོ་ཆགས་སྤྱོད་བྱས་པ་དེ་དག་གིས་བྱ་སྤྱོད་ཡོད་པ་དེ་དག་སེམས་སུ་དྲན་ནས་འོང་དུ་འཇུག་པ་ལས། འཇིག་རྟེན་གྱི་གནས་ལུགས་མཐར་ཐུག་གི་ཡང་རྩེ་ནང་ཆོས་ལ་རྒྱུས་མངའ་གང་ཙམ་ཞིག་ཡོད་པའི་རྨང་གཞི་དེའི་སྟེང་ནས་རྩོམ་ཡིག་འབྲི་བཞིན་མེད་པ་ནི་ཕལ་ཆེར་ཁ་ཚོད་གཅོད་ཐུབ་ཀྱི་ཡོད་པ་འདྲ། ཁྱེད་རང་ལ་དུས་ཁོམ་བྱུང་བ་ཡིན་ན་ནི་ཧི་གཟུགས་ཟིན་བྲིས་ནང་དུ་སོང་དེ་ཁོ་རང་གིས་བྲིས་པའི་སྙན་ངག་དེ་དག་གི་ལྩི་ཁོག་ལ་གཟིགས་དང་དེ་ནས་རྟོགས་ངེས་རེད། ངས་རེ་བ་ལ་གྲོགས་པོ་ཁྱེད་རང་གིས་ཁོས་བྲིས་པའི་སྙན་ངག་མི་ཉུང་བ་ཞིག་ཧི་གཟུགས་ཟིན་བྲིས་སུ་འདུག་ན་དེ་རུ་བསྐོར་ཉུལ་རེ་བྱེད་རྒྱུ་དེ་ཡིན།

    Reply
  2. sha tak ri sim says:
    ལོ་ 17 སྔོན།

    བློ་བཟང་མཁྱེན་བརྩེ་ལགས་ཀྱིས་གསུང་བ་དེར་ངས་ཡིད་དུ་བཞག་ཆོག ལམ་སྟོན་གནང་བ་དེར་ཐུགས་རྗེ་ཆེ། སྐུ་ཉིད་ལྟ་བུ་གང་མང་མང་གིས་ལམ་སྟོན་འོག་ནས་ང་རང་ཡར་བླངས་མ་ཐུབ་ཀྱང་། མི་གཞན་དག་ཁ་ཤས་རེ་ཁྱེད་རང་ལྟ་བུ་ཁ་ཤས་ཀྱི་སློབ་སྟོན་འོག་ནས་འཚར་ལོངས་བྱུང་ཐུབ་ངེས་རེད། རྗེས་ཕྱོགས་ཀྱང་འདི་ལྟར་དུས་ཐོག་དུ་ཕེབས་ནས་ལམ་སྟོན་དང་བགྲོ་གླེང་རེ་གནོང་རོགས་ཞུ།

    Reply
  3. lhachapjinpa says:
    ལོ་ 17 སྔོན།

    གྲོགས་པོ་ལགས། སེང་རྡོར་ལ་སྐད་ཆ་ཅང་མ་བཤད་མ་གཏོགས། བུ་མོ་དེ་ཚོའི་ཐུགས་ལ་ཕོག་འགྲོ་ཡི་རེད། དེང་སང་བོད་ན་གསར་འགྱུར་ཆེན་པོ་གཉིས་ཡོད། གཅིག་སེང་རྡོར་གྱི་རྩོམ་ཡིག་གི་བརྗོད་བྱའི་ཐད་ནས་ཞོགས་དུང་ནང་བཞིན་གནམ་ས་གཡོ་བཞིན་པའི་གསར་འགྱུར་དང༌། གཉིས་སེང་རྡོར་གྱི་ཆེད་དུ་བུ་མོ་དེ་ཚོས་མི་ཚེ་ལ་ཆང་ས་མི་རྒྱག་པ་དང༌། གལ་སྲིད་སེང་རྡོར་གྱིས་མི་གཞན་དང་ཆང་ས་ནམ་རྒྱབ་ན་རང་ཤི་རྒྱག་གི་ཡིན་ཟེར་བའི་གསར་འགྱུར་གཉིས་ཡོད། འདི་ནི་བོད་མི་ཚོས་ལྷ་རིགས་ཤིག་གམ་ཆོ་འཕྲུལ་ཞིག་ཡིན་ངེས་ཟེར་རྒྱུའི་ཕོ་གསར་རྫིག་པོ་ཞིག་ཡོད་རབས་ཟེར། རྒྱ་མི་ཚོས་བོད་པ་ཡིན་རྒྱུ་མ་རེད། བོད་ལ་འདི་འདྲའི་མི་ཞིག་འབྱུང་མི་སྲིད་ཟེར་རྒྱུ་ཞིག་རེད་འདུག་ཟེར། དེའི་སྟབས་ཀྱིས་ངས་ཀྱང་དེ་མཐོང་ན་འདོད། ཁོ་སློབ་གྲྭ་ན་ཡོད་དུས་དགེ་རྒན་མ་ཞིག་ཁོང་གི་ཆེད་དུ་སྨྱོན་པར་ཆགས་འདུག་ཟེར། ད་དུང་སློབ་གྲོགས་བུ་མོ་དེ་ཚོ་ཁོའི་ཆེད་དུ་ལྕེབས་མཁན་དང་སྨྱོན་པར་ཆགས་པ་མང་བོ་ཡོད་རབས་གོ་ཐོས་བྱུང༌། དེའི་སྟབས་ཀྱིས་ཁོང་རང་བཞིན་གྱིས་སྐད་གྲགས་ཆེན་པོ་ཆགས་པ་རེད་ཟེར། ཨེ་བདེན་མི་ཤེས། གལ་སྲིད་བདེན་ན་མི་དེ་ནི་ངའི་ཡིན་ཞིག་ཡིན་རྒྱུ་རེད། གྲོགས་པོ་ལགས། གལ་སྲིད་ཁོང་ནམ་མཐོང་ན་ངེད་གཉིས་བསྡུར་རྒྱུ་མ་བརྗེད་རོགས། ང་ལས་དྲག་ན་ང་ལ་བུ་མོ་རྣམས་གསོད་མཁན་གྱི་ལག་དམར་ཞེས་པའི་མིང་དེ་མི་དགོས། དེ་ནི་ཁྱོད་རང་བརྒྱུད་དེ་ཁོང་ལ་སྤྲོད་རྒྱུ་ཡིན།

    Reply
  4. Lobsang chentsa says:
    ལོ་ 17 སྔོན།

    སྤྱིར་བསམ་ཚུལ་བཏོན་པ་ལེགས་མོད། སྤྱངས་བ་མ་ཡིན་སྦྱང་བ་ཡིན་པ་འདྲ།
    གང་ལྟར་ཁྱོད་ཀྱིས་མང་པོ་ཞིག་འབྲི་གིན་འདུག་པ་བཟང་གི ཡིན་ཡང་གོང་གི་འདི་འདྲའི་ཚིག་བཅད་ནི་ཚིག་ལྷུག་ལས་ཀྱང་ཚིག་ཉོག་མང་བར་འདུག་པ་མ་ཟད། འདི་ལྟར་མུ་མཐུད་ནས་བྲིས་ན་ཁྱོད་ཀྱི་ཚིག་སྡེབ་ཉེས་ནས་ཉེས་བར་འགྲོ་བར་གདོན་མི་ཟ། དེ་བས་ཚིག་ལྷུག་ལ་བྱང་ཆུབ་རྗེས་ཚིག་བཅད་བྲིས་ན་ཚིག་ལྷག་མི་འབྱུང་བར་ཁྱད་པར་ཆེན་པོ་ཡོད་པར་མཁས་པས་གསུངས་པ་རེད་ཀྱང་རེད་སྙམ། དཔེར་ན། “སྦྱངས་པའི་ཉམ་མྱོང་ལ་བརྟེན་ལྷན་སྐྱེས་ཀྱི་ཤེས་རབ་དགོས་པ་”ཟེར་བ་ལས། ལྷན་སྐྱེས་ཀྱི་ཤེས་རབ་ལ་བརྟེན་ནས་སྦྱངས་སྟོབས་ཀྱི་ཡོན་ཏན་ནམ་ཉམ་མྱོང་གིས་ཕྱུགས་པར་འགྱུར། ཞེས་ན་ཅི་འདྲ། “འདི་དག་ཡིན་མིན་ཁྱེད་ཅག་དྲ་གྲོགས་ཚོས་རང་རང་གི་སེམས་ཀྱི་རྩ་བ་བསྔོག་སྟེ་ཕན་ཚུན་སྤུན་ཟླའི་འདུ་ཤེས་དེས། ཤེས་པའི་སྒོི་ནས་གཏམ་བཤད་གནང་བར་འཚལ།”ཞེས་སོ། །ཡང༌།
    “དྲ་གྲོགས་སེང་རྡོར་གཙོ་བོའི་རིགས་འཛིན་པ་ཡོངས་ཀྱིས་(བདག་གིས་བྲིས་པ་འདི་)སེམས་ངོར་བཞག་ནས་གཏམ་ལན་གང་ཞིག་བཤད་འདོད་ཡོད་ཀྱང་བདག་གི་སེམས་གཏིང་ནས་གུས་པ་དང་བཅས་དགའ་བསུ་གྲངས་མེད་ཡོད།”ཅེས་པ་དེའོ། ། དེ་བས་ད་ཐེངས་ཀྱི་རྩོམ་ཡིག་འདི་ཚིག་བཅད་དུ་སྡེབ་པ་དེ་འདྲ་བཟང་རྒྱུ་མི་འདུག འདི་འདྲ་བ་བྲིས་མང་ཤོར་ན་ཁྱེད་ཀྱི་རྩོམ་ཉམས་ཤོར་རྒྱུ་རེད། དེའི་མི་ཚད་བརྗོད་འདོད་ཀྱི་དོན་དག་ཚིག་ཉོག་ལ་བསྐུར་རྒྱུ་རེད་སྙམ། དེ་ཙམ་བྱོས། ཡང་གིས་མཇལ་ཡོང༌།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese