མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་དཔོན་ཞིིག་གི་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༠༩/༠༥/༠༦
Share on FacebookShare on TwitterShare on EmailShare on Whatsapp

སི་པན་གྱི་ཁྲིམས་དཔོན་ཞིག་གིས་རྒྱ་གཞུང་གི་མཐོ་རིམ་དཔོན་རིགས་བརྒྱད་ལ་བོད་དོན་སྐོར་དྲི་བ་བཏང་ཡོད་པའི་ཡི་གེ་ཞིག་རྒྱ་ནག་གཞུང་ལ་ཕུལ་ཡོད་འདུག

གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། སི་པན་གྱི་ཁྲིམས་དཔོན་ Santiago Pedraz ཡིས་གསལ་བསྒྲགས་བསྐྱངས་ཏེ། རྒྱ་ནག་དབུས་གཞུང་གི་ཆེས་མཐོའི་དཔོན་རིགས་བརྒྱད་ལ་ལོ་སྔོན་མར་བོད་ནང་གི་དོན་རྐྱེན་ཐད་དྲི་བ་བཏང་ཡོད་པའི་་ཡི་གེ་ཞིག་ཕུལ་ཡོད་པ་དང་། དཔོན་རིགས་བརྒྱད་པོ་ནི་རྒྱ་ནག་དབུས་གཞུང་གི་རྒྱལ་སྲུང་བློན་ཆེན་དང་བདེ་འཇགས་བློན་ཆེན་སོགས་ཡིན་འདུག ཁོང་གི་ཡི་གེ་དེའི་ནང་དུ་ཁོང་རང་སྐུ་དངོས་སུ་རྒྱ་ནག་ལ་ཕེབས་ཏེ་རྒྱ་ནག་དཔོན་རིགས་ཚོར་མཇལ་འཕྲད་ཀྱིས་བོད་དོན་ཐད་བཀའ་མོལ་གནང་འདོད་ཡོད་སྐོར་ཡིན་འདུག་ལ། ཉིན་འདི་དག་རིང་ཁོང་གིས་རྒྱ་ནག་དབུས་གཞུང་གི་རྣམ་འགྱུར་དང་ལན་ལ་བསྒུག་ཡོད་འདུག

༢༠༠༥ ལོ་ནས་སི་པན་གྱི་ཁྲིམས་འཛིན་ལྷན་ཁང་ཁག་གིས་རྒྱལ་སྤྱིའི་ཁྲིམས་འཛིན་དབང་ཆ་ལག་བསྟར་གྱིས། རྒྱལ་མཚམས་བརྒལ་བའི་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་དོ་སྣང་དང་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་གྱིན་ཡོད་པ་དང་། མངོན་ལྐོག་གཉིས་ནས་རྒྱལ་ཁབ་གཞན་གྱི་མགོ་ཁྲིད་དང་ཚོགས་སྡེ་ཁག་ལ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་དགོས་པའི་འབོད་སྐུལ་གྱི་ལས་འགུལ་སྤེལ་བཞིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༢༢ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 12

  1. བློ་བཟང་རབ་དགའ། says:
    ལོ་ 17 སྔོན།

    དོམ་སྨྱོན་ལགས་དེ་ནི་དོན་གྱི་བླ་མ་མ་ཡིན་པ་ཁྱེད་ཀྱི་བློ་ཡུལ་དུ་མེད་པ་ག་འདྲ་རེད།

    Reply
  2. འོས་ལངས། says:
    ལོ་ 17 སྔོན།

    གྲུབ་འབྲས་ཐོན་མིན་ལ་མ་བལྟོས་པར་ཕྱི་མི་ཞིག་གིས་ང་ཚོ་བོད་པའི་དོན་དག་ལ་དོ་ཁུར་གནང་བ་ཙམ་ལ་ཡང་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།

    Reply
  3. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    རྒྱུ་འབྲས་དང་སྙིང་རྗེ་མེད་པའི་དམར་ནག་སྟག་གི་མཆེ་སྡེར་ཁར་་་་་་ཁྱེད་ནི་ཅི་འདྲའི་འཇིགས་སྐྲག་མེད་པ་ཞིག་་་་་ཁྱོད་ཅི་འདྲའི་དྲང་བདེན་གྱི་མདའ་མོ་་་་དམར་ནག་སྟག་གི་སྙིང་སྟེང་ལ་འཕེན་པའི་རྔོན་པ་་་་་དངོས་ཡོད་ཀྱི་གཤིས་ལུགས་སྐྱོང་བའི་གཟར་གནས་ཀྱི་བློ་ལྡན་ཞིག

    Reply
  4. དོམ་ནག་སྨྱོན་པ། says:
    ལོ་ 17 སྔོན།

    བློ་བཟང་རབ་དགའ་ལགས། བླ་ངན་ནི་བླ་མའི་མིང་འཁུར་ནས་བླ་མའི་ལས་དོན་མི་སྒྲུབ་མཁན་
    ལ་ཟེར། ཁྱོད་ཀྱིས་བླ་མ་དེ་འདྲ་མཐོང་མ་སོང་ངམ།

    Reply
  5. རྔ་བ་བསོད་དེ། says:
    ལོ་ 17 སྔོན།

    ༄༅། བཀུར་འོས་མཁྱེན་དཔྱོད་ཡངས་པའི་ཁྲིམས་དཔོན་Santiago Pedrazམཆོག་གིས་འདི་ལྟར་ཆག་འཇིག་གི་གནས་སུ་ལྷུང་ཟིན་པའི ་ང་ཚོ་བོད་པ་ཚང་གི་བདེ་སྡུག་ལ་ཐུགས་འགན་ཆེར་བཞེས་ཀྱིས་ཁྲིམས་ཐོག་ནས་རྒྱ་གཞུང་ལ་འབྲེལ་མོལ་གྱི་སྙན་ཞུ་དེ་ཕུལ་བར་བཀའ་དྲིན་ཆེ། སྤྱིའི་ཆ་ནས་སྐུ་ཉིད་ནས་མཁྱེན་གསལ་ལྟར་བོད་ཅེས་པ་འདི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བོད་ཅིག་ཡིན་པ་ལས་རྒྱ་དམར་སྲིད་གཞུང་གིས་བསྒྲགས་བཞིན་པའི་བོད་ཅེས་པ་དེ་དང་གཏད་ནས་མི་འདྲ། བོད་ཅེས་པ་འདི་ནི་གནའ་སྔ་མོ་ནས་བཟུང་བོད་རང་གི་མིང་ཐོག་ནས་འཚོ་ཞིང་གནས་བཅས་པའི་རྒྱལ་ཁྱབ་ཅིག་ཡིན་ལ། དེ་བཞིན་སྐད་ཡིག་རིག་གཞུང་དང༌། ཡུལ་སྲོལ་གོམས་གཤིས༌། མཁྱོལ་གོས་རྒྱན་སྤྲིས། བསམ་བློའི་འདུ་ཤེས། ལོ་རྒྱུས་ཀྱི་བརྒྱུད་རིམ་སོགས་ཕྱོགས་གང་ཐད་ནས་རྒྱ་ནག་དང་ཐ་དད་ཡིན་པ་ནི་ལོ་རྒྱུས་ཡིག་དག་ལས་གསལ་ཁ་བྱུང་བ་ཙམ་མ་ཡིན་པར། དངོས་ཡོད་རང་གི་སྟེང་ནས་བོད་མི་ཞིག་རྒྱ་རུ་འགྱུར་འདོད་ཀྱང་འཚོ་བའི་གོམས་གཤིས་སོགས་ཀྱི་དབང་གིས་ལས་སླ་བོར་འགྱུར་མི་ཐུབ་ལ། དེ་བཞིན་རྒྱ་མི་ཞིག་གིས་བོད་པ་བྱེད་འདོད་ཀྱང་དེ་ལྟར་ལས་སླ་བོར་ཡོང་མི་སྲིད། དེ་ལྟར་ཤེས་བཞིན་དུ་བཙན་གྱིས་བསྒྱུར་བཞིན་པའི་གནས་སྟངས་འདིའི་འོག་ནས་ང་ཚོ་བོད་མི་ཁྲི་ཕྲག་མང་པོ་ཞིག་གིས་ཚེ་སྲོག་ཤོར་ཡོད་ལ། ད་དུང་སྟོང་ཕྲག་བརྒལ་བ་ཞིག་ཁྲིམས་མཐུན་མིན་པའི་ཐོག་ནས་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་ཡོད། དེ་བས་ཀྱང་ཡ་ང་ཞིང་བློ་ཕམ་པའི་གནས་ཚུལ་ཞིག་ནི། རྒྱ་དམར་གྱིས་དྲང་བདེན་མིན་པའི་སྐྱོན་འཛུགས་ཀྱིས། གཞིས་བཞུགས་བོད་མི་སྐྱ་སེར་རྒན་གཞོན་དབྱེ་བ་མེད་པར། ཁྲིམས་ཁང་དུ་བཙན་ཁྲིད་ཀྱིས་འདྲི་རྩད་གཤད་རྡུང་དང༌། ཉིན་ལྟར་སྐད་ཅིག་ཙམ་ལ་ཡང་སེམས་རྣལ་དུ་ཕབས་ནས་སྡོད་དབང་མེད་པར་སྔངས་སྐྲག་ཅིག་གི་འོག་ཏུ་གནས་ཡོད་ལ། ཁོང་ཚོར་འགྲོ་སྡོད་ཀྱི་རང་དབང་ཕར་ཟད་ཚེ་གཅིག་ལུས་གཅིག་གི་ྋསྐྱབས་གནས་དམ་པ་ྋགོང་ས་མཆོག་སྐུ་པར་ཙམ་ཡང་བསྒྲིགས་ཤོམས་བྱེད་དབང་མེད་པར་སྡུག་བསྔལ་དང་མྱ་ངན་གྱི་གནས་སུ་ལྷུང་ནས་ཡོད་ན། སྐུ་ཉིད་ཀྱིས་མཚོན་པའི་ཁྲིམས་དཔོན་རྣམས་ཀྱིས་ངེས་པར་དུ་ཁྲིམས་ཐོག་ནས་ཞིབ་འཇུག་དང༌། ཉམ་ང་ཞིང་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་བོད་རིགས་དེ་དག་ལ་རྒྱབ་སྐྱོར་དང་དཔུང་རོགས་བྱེད་ཐུབ་ན། ང་ཚོས་ཀྱང་ཁྱེད་ཅག་གིས་ཁ་བཤད་ཙམ་མ་ཡིན་པར་ལག་ལེན་དངོས་ཀྱི་ཐོག་ནས་ཁྲིམས་ལུགས་གང་སྦྱང་བ་དེར་ལག་ལེན་བསྟར་བཞིན་འདུ་སྙམ་པའི་ཡིད་ཆེས་གསར་བ་ཞིག་རྙེད་ངེས། གལ་སྲིད་ང་ཚོས་འདི་བཞིན་ བདེན་པ་དཔང་དུ་བཞག་སྟེ་ཚེ་སྲོག་གིས་འགྲོ་སོང་གཏོང་བཞིན་པའི་སྐབས་སུ། ད་དུང་ཕྱོགས་མཚམས་གང་དུ་གནས་པའི་ཁྲིམས་དཔོན་དང་དྲང་བདེན་དང་ཞི་བདེ་གླེང་མཁན་དག་གིས་ཤེས་མེད་ཚོར་མེད་ཀྱིས་བསྡད་པ་ཡིན་ན། ཕྲན་རང་ངོས་ནས་མཐའ་གཅིག་བློ་ཕམ་ཡོད་ཅེས་ཞུ་འདུན་བྱུང༌། འོན་ཀྱང༌། སྐུ་ཉིད་ལྟ་བུའི་ཤེས་འཇོན་གཉིས་ལྡན་གྱི་དཔྱོན་ལྡན་ལྷག་བསམ་ཅན་དག་གིས་སྣེ་ཁྲིད་དེ་ལམ་བསྟན་པ་ཡིན་ན། ང་ཚོས་ཀྱང་མཐའ་གཅིག་གུ་ཁྱེད་ཅག་གི་བཀའ་དྲིན་ལ་རྗེས་སུ་ཡི་རངས་དང་སློབ་སྦྱོང་བྱེད་ངེས། མདོར་ན་སྐུ་ཉིད་ཀྱིས་རྒྱ་གཞུང་ལ་ཕྱག་འཕྲིན་དེ་ཕུལ་བར་སླར་ཡང་བཀའ་དྲིན་ཆེ།

    Reply
  6. སོག་གཡག་ལ་སེ་བོ། says:
    ལོ་ 17 སྔོན།

    དོམ་ནག་སྨྱོན་པ་ དངོས་གནས་མིང་དང་མཚུང་བ་ལ་ སྨྱོན་པ་སྨྱོ་སྐད་རྒྱག་པ་ལ་ བློ་བཟང་ཁྱེད་རང་གི་དེ་ལ་གསལ་བཤད་བྱོས་ཟེར་བ་སུ་ཡོད་རེད་

    Reply
  7. བློ་བཟང་རབ་དགའ། says:
    ལོ་ 17 སྔོན།

    དོམ་ནག་སྨྱོན་པ་སྨྱོ་སྐད་མ་རྒྱབ།་ང་ཚོ་བོད་མི་ཚོར་ཕྱག་འཚལ་ཡུལ་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུ་གངས་ལྗོངས་ཀྱི་ལྷ་སྡེ་མེ་སྡེའི་མགོན་སྐྱབས་དམ་པ་འཛམ་གླིང་ཞེ་བདེའི་ལམ་སྟོན་༸གོང་ས་མཆོག་ཡོད་བཞིན་དབྱིན་ཇི་མགོ་སེར་ལ་ཕྱག་འཚལ་དགོས་དོན་མེད།་ཡོན་ཏན་གྱི་གོང་ན་མེད་པ་ཞིག་དགོས་པའི་བླ་མའི་མཚན་ཉིད་དུ་སྤྱི་བསྒྲགས་རེད།་་་་བླ་ངན་ཞིག་གི་འདྲ་པར་སྔས་ཐོག་ཏུ་འཇོག་བཞིན་ཕྱག་འཚལ་བྱེད་ཅེས་པའི་བླ་ངན་དེ་དང་ཕྱག་འཚལ་མཁན་དེ་སུ་རེད་གསལ་བཤད་བྱོས།་

    Reply
  8. དོམ་ནག་སྨྱོན་པ། says:
    ལོ་ 17 སྔོན།

    བླ་ངན་ཞིག་གི་པར་སྔས་ཐོག་ཏུ་འཇོག་པ་ལས་ཁོའི་པར་བཞག་ན་དགའ། ངས་བླ་ངན་ཞིག་ལས་ཁོ་ལ་ཕྱལ་འཚལ་ན་འདོད། ངའི་རེ་བ་ལ་བོད་པ་ཚང་མས་དེ་ལྟར་འདོད་པ་ཤོག

    Reply
  9. སོག་གཡག་ལ་སེ་བོ། says:
    ལོ་ 17 སྔོན།

    ཁྲིམས་དཔོན་ལ་དྲངས་བདེན་ལྷགས་བསམ་ཡོད་ཀྱང་།
    རྒྱ་དམར་ལ་ཁྲེས་དང་ངོ་ཚ་ཀྱང་་མེད་དོ།
    བོད་པ་ལ་བདེན་པ་དང་ལོ་རྒྱུས་ཡོད་ཀྱང།
    རྒྱ་དམར་ལ་ཧམ་སེམས་དང་གཡོ་རྒྱུ་མང་ངོ།

    Reply
  10. yeshi says:
    ལོ་ 17 སྔོན།

    བཀའ་དྲིན་ཆེ་བའི་ཁྲིམས་དཔོན་ལགས་ཀྱི་ཐུགས་དགོང་ཐམས་ཅད་མྻུར་དུ་འགྲུབ་པར་ཤོག།

    Reply
  11. མིག་གསུམ་པ། says:
    ལོ་ 17 སྔོན།

    དྲང་བདེན་ལ་དགའ་བའི་ཤེས་ཡོན་པ་དེའི་སྐུ་ཚེ་ཡུན་བརྟན་དུ་གནས་པར་ཤོག

    Reply
  12. སོག་གཡག་ལ་སེ་བོ། says:
    ལོ་ 17 སྔོན།

    ཡ་རབས་དང་དྲང་བདེན་ལ་དགའ་བའི་ཁྲིམས་དཔོན་མཆོག་ལ་ངས་གུས་དཀུར་དང་བསྔགས་བརྗོད་ཞུ་གིན་ཡོད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese