མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་འདི་ཉེན་ཁ་ཆེན་པོ་ཞིག་ལ་ལྷུང་འདུག

བོད་ཀྱི་དུས་བབ།
༢༠༠༩/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ཧྥ་རན་སིར་གནས་བཞུགས་བོད་རིག་པའི་ཉམས་ཞིབ་པ་བདེ་སྦྱིན་བཟང་མོ་ལགས་དང་མཉམ་དུ་གླེང་མོལ་གྱི་གོ་སྐབས་བྱུང་། ང་ཁོང་གི་ཤག་ཏུ་འབྱོར་སྐབས་ཁོང་གིས་མདུན་ཅོག་སྟེང་དུ་བོད་ཡིག་གི་དཔེ་དེབ་མང་པོ་ཞིག་གི་ཁ་ཕྱེ་འདུག་ལ། བལྟས་ཚོད་ཀྱིས་ཅི་ཞིག་ལ་ཉམས་ཞིབ་གནང་གི་ཡོད་པ་འདྲ། འདི་ནི་པེ་རི་སི་ཤར་ཕྱོགས་རིག་གནས་སྐད་ཡིག་སློབ་གྲྭ་ཆེན་མོའི་བོད་ཡིག་དགེ་རྒན་ཆེན་མོའི་ཤག་ཡིན་སྟབས། ཁོང་གི་བཞུགས་ཤག་གི་ཁོར་ཡུག་ལའང་རང་བཞིན་གྱིས་དོ་སྣང་ཞིག་ཤོར་འགྲོ་གི་འདུག ཁོང་གི་ལས་ཤག་གི་སྒོ་འགྲམ་དང་ཡིག་ཚང་ནང་དུ་ནམ་རྒྱུན་མཐོང་ལོབ་དུ་གྱུར་བའི་རླུང་རྟའི་དར་ལྕོག་འཐེན་ཞིང་། རྒྱབ་ཀྱི་དཔེ་སྒྲོམ་མཐོན་པོ་དེ་གཉིས་ཀྱི་ནང་དུ་བོད་ཡིག་གི་དཔེ་ཆ་གང་རེ་འདུག རྗེས་སོར་བཤད་ན་འདས་པའི་ལོ་ ༣༠ རིང་ཁོང་བོད་ཁམས་ཡོངས་སུ་བསྐྱོད་ཅིང་། དེ་དུས་ནས་བོད་ཡིག་གི་དཔེ་དེབ་ཉོ་གསོག་བྱས་པ་ཡིན་ཟེར། ཁོང་གི་མཚན་དངོས་ལ་ Heather Stoddard ཞེས་འབོད་ཀྱི་འདུག

ཁོང་གིས་ང་དང་ངའི་རོགས་པར་གསོལ་ཇ་དྲངས་རྗེས། ང་ཚོས་དྲི་བ་དྲི་ལན་མིན་པར་སྤྱིར་བཏང་གི་ཁ་བརྡའི་ལམ་ནས་ཕན་ཚུན་རྒྱུས་ལོན་དང་། བོད་ཀྱི་གནས་སྟངས་ཕྱོགས་གང་ཅིའི་ཐད་རང་རང་གི་ལྟ་ཚུལ་གླེང་བ་ཡིན། བདེ་སྦྱིན་བཟང་མོ་ལགས་ཀྱི་བོད་སྐད་ནི་བོད་པ་རང་གིས་བཤད་པ་ལྟར་མིན་ནའང་། གནས་ཚུལ་ཅི་ཞིག་བཤད་དགོས་ཀྱང་དཀའ་ངལ་མི་འདུག ཐོག་མ་དེར་ཁོང་གིས་པེ་རི་སི་ཤར་ཕྱོགས་རིག་གནས་སྐད་ཡིག་སློབ་གྲྭ་ཆེན་མོའི་སྐོར་ངོ་སྤྲོད་ཐུང་ཙམ་གནང་བྱུང་ལ། སློབ་གྲྭ་ཆེན་མོ་འདི་སྔོན་མ་ཕྱི་རྒྱལ་ལ་གཞུང་ཚབ་དུ་འགྲོ་མཁན་གཞུང་ཚབ་པ་ཚོའི་སློབ་གྲྭ་རེད་ཟེར། འདི་བཙུགས་ནས་ལོ་ ༢༠༠ ལྷག་ཕྱིན་པ་རེད། བོད་ཀྱི་སྐད་ཡིག་གི་སྡེ་ཚན་འདིའང་དང་པོ་ནས་བཙུགས་ཡོད་པ་རེད། འདི་ཡ་མཚན་འདྲ་རེད། ཧྥ་རན་སི་ནི་ཕྱི་རྒྱལ་ལུང་པའི་སློབ་གྲྭ་ཞིག་ཏུ་བོད་ཀྱི་སྐད་ཡིག་སློབ་མཁན་དང་པོ་དེ་རེད། ཡིན་ཡང་བར་སྐབས་ཤིག་ནས་མཚམས་བཞག་འདུག ༡༩༦༢ ལོ་ནས་བཟུང་བོད་ཀྱི་མཁས་པ་ཁག་ཅིག་ནུབ་ཕྱོགས་རྒྱལ་ཁབ་དག་ལ་ཕེབས་པ་དང་། དྭགས་པོ་རིན་པོ་ཆེ་མཆོག་འདིར་ཕེབས་པ་རེད། དེ་ལྟར་ག་ལེར་བྱས་ནས་འཕེལ་རྒྱས་སུ་ཕྱིན་པ་རེད། ང་འདིར་བསླེབས་ནས་ལོ་ ༣༠ འགྲོ་གིན་འདུག ང་ཚོས་བོད་ཀྱི་སློབ་དེབ་གཉིས་ཏེ། བོད་ཀྱི་ཕལ་སྐད་ཀྱི་སློབ་དེབ་དང་སུམ་རྟགས་ཀྱི་སློབ་དེབ་བཅས་བཟོས་པ་ཡིན། ད་སྐབས་བོད་ཀྱི་རྩོམ་རིག་སྒྱུ་རྩལ་སྐོར་གྱི་སློབ་དེབ་ཅིག་བཟོ་རྒྱུའི་འཆར་གཞི་ཡོད། ང་ཚོའི་སློབ་རིམ་དེ་གཞི་རིམ་གྱི་འཛིན་གྲྭ་ཀ་ངོ་ཡིག་ངོ་སློབ་པ་ནས་ Ph.D བར་དུ་ཡོད། ཞིབ་འཇུག་པ་ལོ་གཞོན་པ་དེ་འདྲ་ཡོད། འོན་ཀྱང་ཞེ་དྲག་མང་པོ་མེད། ང་ཚོར་ལོ་རེ་བཞིན་སློབ་མ་ ༤༠། ༥༠། ༦༠ དེ་འདྲ་ཡོང་གི་འདུག ཟེར། ཡང་ཁོང་གིས་སློབ་གྲྭ་འདིའི་ནང་གི་བསླབ་གཞི་དང་དེང་སྐབས་བོད་ནང་ལ་ཐད་ཀའི་ལས་གཞི་འདྲ་ཡོད་མེད་ཐད་གསུངས་དོན། གཙོ་ཆེ་ཤོས་ང་ཚོས་བོད་ཀྱི་སྐད་ཡིག་དང་རིག་གནས། ལོ་རྒྱུས། མི་རིགས་རིག་པ། ས་རྒྱུས་རིག་པ་བཅས་ལ་སློབ་སྦྱོང་དང་ཉམས་ཞིབ་བྱེད་ཀྱིན་ཡོད། སྔོན་མ་བརྒྱད་ཅུ་གྱ་གྲངས་ནས་དགུ་བཅུ་གོ་གྲངས་ལྟ་བུ་ཡིན་ན་བོད་ནང་དུ་འགྲོ་བ་དང་། ལས་འཆར་གསར་པ་བཟོ་བ། ལས་ཁུངས་འཛུགས་པ་བཅས་ཀྱི་ཕྱོགས་ནས་དཀའ་ངལ་ཞེ་དྲག་ཡོད་པ་མ་རེད། དེང་སྐབས་ཡིན་ན་དཀའ་ངལ་འདུག ང་ཚོར་བོད་ནང་དུ་བོད་ཀྱི་ཤེས་རིག་དང་འབྲེལ་བའི་གཞུང་འབྲེལ་མིན་པའི་ཚོགས་པ་འཛུགས་པ་སོགས་ཀྱི་ལས་འཆར་མང་པོ་ཡོད་ཀྱང་ད་སྐབས་ཚང་མ་མཚམས་འཇོག་དགོས་བྱུང་སོང་། ཟེར།

རྣམ་པ་ཚོས་ད་བར་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཐད་སློབ་སྦྱོང་དང་ཉམས་ཞིབ་བྱས་པ་རེད། བོད་ཕྱི་ནང་གཉིས་ཀ་བསྐོར་བ་རེད། དེ་བྱས་དུས་ད་ལྟའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་གནས་སྟངས་དེ་གང་འདྲ་ཞིག་ལ་འགྱུར་གྱིན་འདུག་ཅེས་དྲིས་པར་ཁོང་གིས། ང་རང་ ༡༩༨༢ ལོ་ནས་ལོ་བཟུང་ལོ་རྟག་པར་བོད་ནང་ལ་འགྲོ་གི་ཡོད། ད་བར་དུ་ཐེངས་སུམ་ཅུ་ལྷག་རེད། ངས་བལྟས་ན་བོད་ཀྱི་སྐད་ཡིག་དང་རིག་གཞུང་འདི་ཉེན་ཁ་ཆེན་པོ་ཞིག་ལ་ལྷུང་འདུག་བསམ་གི་ཡོད། ང་ཚོ་འདིར་ཡོད་པའི་དགེ་རྒན་དང་ཞིབ་འཇུག་པ་ཚང་མར་སེམས་ཁྲལ་ཆེན་པོ་འདུག གང་ཡིན་ཟེར་ན། རྒྱ་ནག་ལུང་པ་ན་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་ས་ཞིག་ཧ་ལམ་མི་འདུག བོད་ཀྱི་སྐད་ཡིག་གི་གོ་སྐབས་ཉུང་ནས་ཉུང་དུ་འགྲོ་གི་འདུག རྒྱ་སྐད་དེ་ཤུགས་ཆེ་རུ་འགྲོ་གི་འདུག འདི་ ༡༩༩༠ ལོ་ནས་བཟུང་དཔེ་མི་སྲིད་པ་ཞིག་ཉམས་མགོ་ཚུགས་པ་རེད་བསམ་གྱི་ཡོད། རྒྱ་ནག་གིས་ནུབ་ཕྱོགས་སྒོ་འབྱེད་ཅེས་པའི་སྲིད་བྱུས་གསར་པ་དེ་ཕྱེ་བ་རེད། སྐབས་དེར་སྒོ་ཆེ་ཆུང་གཉིས་ཕྱེ་བ་རེད། རྒྱ་མི་མང་པོ་བོད་ནང་ཡོང་མགོ་བཙུགས་པ་རེད། དགུ་བཅུ་གོ་གཅིག་གོ་གཉིས་ནས་བཟུང་ཉེན་ཁ་ཆེ་རུ་བཏང་བ་རེད། དེ་དང་མཉམ་དུ་བོད་ནང་དུ་རྒྱ་ནག་གི་རྣམ་པ་གསར་པ་ཞིག་ཤར་པ་རེད། རྒྱ་ནག་གི་ཚོང་པ་མང་པོ་བསླེབས། ཁང་པ་མང་པོ་བརྒྱབས། ལོ་ལྟར་མང་ནས་མང་དུ་ཕྱིན་པ་རེད། བོད་པ་རང་ལ་མི་འབོར་ཉུང་ཉུང་རེད། འདི་ཉེན་ཁ་རེད། ཡིན་ཡང་། ངའི་བསམ་པ་ལ། བོད་ཀྱི་རིག་གཞུང་དང་། བོད་ཀྱི་སྐད་ཡིག བོད་ཀྱི་ལོ་རྒྱུས་བཅས་ཕྱོགས་གང་ནས་ཡིན་ཡང་ཤུགས་ཆེན་པོ་དང་གཏིང་ཟབ་མོ་རེད། འདི་རྦད་དེ་རྩ་བརླག་ལ་འགྲོ་རྒྱུ་དཀའ་ལས་ཁག་པོ་རེད། འོན་ཀྱང་རྙོག་དྲ་ཆེ་ཤོས་དེ་རྒྱ་མིའི་མི་འབོར་རེད། མང་དྲག་ནས་འདུག་ས་རག་གི་ཡོད་པ་མ་རེད། མ་རག་ནས་བོད་ནང་ལ་ཡོང་གི་ཡོད་པ་རེད། ཁོང་ཚོ་བོད་ལ་ཡོང་ན་དཔལ་འབྱོར་བཟོ་བ་མ་གཏོགས་བོད་ཀྱི་ཤེས་རིག་ལ་དོ་སྣང་མི་འདུག སྔོན་མ་ལོ་རྒྱུས་ཐོག་མཐའ་མཚམས་ཀྱི་མི་རིགས་དེ་ཀླ་ཀློ་དང་རྗེས་ལུས་ལ་བརྩི་སྲོལ་ཡོད་པ་ལྟར། ད་ལྟ་དུས་རབས་ཉེར་གཅིག་པའི་ནང་དུའང་སྔོན་མའི་བསམ་བློ་དེ་ཁྱེར་ཡོང་ནས་བོད་ལ་ལྟ་གི་ཡོད་པ་རེད། བོད་ཀྱི་ཤེས་རིག་དང་སྐད་ཡིག་ལ་མཐོང་ཆུང་བྱེད་ཀྱི་འདུག དེར་བརྟེན་བོད་ཀྱི་ཤེས་རིག་སྲུང་སྐྱོབ་དང་འཕེལ་རྒྱུས་ཀྱི་ཕྱོགས་ནས་དཀའ་ངལ་འཕྲད་ཀྱིན་ཡོད་པ་རེད་ཟེར།

བདེ་སྦྱིན་བཟང་མོ་ལགས་ཀྱིས་ཁོང་ལ་བློ་ཕམ་ཆེན་པོ་གཅིག་ཡོད་ཟེར་ལ། དེ་ནི་བོད་ཕྱི་ནང་གཉིས་ཀར་བོད་ཀྱི་ཚན་རིག་པ་དང་། བོད་པ་གནམ་གྲུ་གཏོང་མཁན། ལམ་ཁ་དང་ཟམ་པ་བཟོ་མཁན། ས་གཤིས་རིག་པ་བ། གནམ་གཤིས་རིག་པ་བ། ལག་ཤེས་པ། ཁྲིམས་ལུགས་རིག་པ་བ་སོགས་མེད་པ་དེ་རེད། ཁོང་གིས། དེང་རབས་ཀྱི་སྤྱི་ཚོགས་གསར་པའི་ནང་ལ་འདི་དག་གི་གང་ཡིན་ནའང་མཁོ་གི་རེད། ཡིན་ཡང་བོད་ལ་ཡོད་པ་མ་རེད། མེད་པའི་རྒྱུ་མཚན་ཅི་རེད། རྒྱ་མི་བོད་ལ་ཡོང་ནས་ལོ་ ༥༠ ཕྱིན་སོང་། ཁོང་ཚོས་བཤད་ཀྱིན་པའི་བོད་གསར་པ་དང་བོད་པ་གསར་པ་དག་གང་དུ་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེས་རྟག་པར་གསུང་བསྡད་པའི་རིགས་གཅིག་རྐང་འཛིན་པ་དེ་ཚོ་ཡིན་གཅིག་མིན་གཅིག་དགོས་གི་རེད། ང་སོག་པོ་དང་ཨུ་རུ་སུའི་ལུང་པར་ཐེངས་མང་པོར་ཕྱིན་པ་ཡིན། སོག་པོ་དེ་ཚོའི་ཤེས་ཡོན་གྱི་གནས་ཚད་ཧ་ལས་པའི་མཐོན་པོ་རེད། ཁོང་ཚོར་རིགས་གཅིག་རྐང་འཛིན་པ་ཕྱོགས་གང་ཅིའི་ཐད་ན་འདུག དངོས་གནས་ཨུ་རུ་སུའི་བཀའ་དྲིན་ཡིན་དང་ཡང་ན་སོག་པོ་ཁོ་རང་ཚོའི་ནུས་པ་གང་ཡིན་མི་ཤེས་རུང་དངོས་གནས་ཡག་པོ་འདུག བོད་པ་ལ་ག་རེ་ཡིན་ནའང་མི་འདུག སྐྱོ་བོ་རེད། ངྷ་རམ་ས་ལའི་གཞུང་གིས་ལོ་གཞོན་པ་དེ་ཚོར་འདིའི་རིགས་སློབ་དགོས་གི་རེད། ཚང་མ་དགེ་རྒན་ལ་སྐྱེད་བསྲིང་བྱས་ན་ག་ལ་འགྲིག དགེ་རྒན་དགོས་གི་རེད། ཡིན་ནའང་མ་འོངས་པའི་བོད་ཀྱི་སྤྱི་ཚོགས་ནང་ལ་ཆེད་ལས་དེ་ཚོ་མེད་ཐབས་ཡོད་པ་མ་རེད། ཅེས་དང་། གནད་དོན་གཞན་ཞིག་ནི་བོད་ཀྱི་ལོ་རྒྱུས་ཀྱི་རིག་དངོས་ལ་སྲུང་སྐྱོབ་བྱེད་དགོས་པ་རེད། བོད་ཀྱི་རིག་གཞུང་ནི་དགོན་པ་གཅིག་པུ་མ་རེད། རིག་གཞུང་གི་ཕྱོགས་ཚང་མ་བཤད་དགོས་པ་རེད། བོད་ནང་གི་མི་ཞིག་གིས་ང་ལ་བཤད་མྱོང་། གལ་སྲིད་བོད་མི་ཞིག་ཤི་སོང་ན་ཕངས་པོ་རེད་དེ། མི་གསར་པ་བཟོ་ཆོག་གི་རེད། ཡིན་ནའང་བོད་ཀྱི་ལོ་རྒྱུས་རིག་དངོས་ཤིག་རྩ་མེད་དུ་བཏང་ཚེ་དེ་ཕྱིར་ཡོང་ཡོད་པ་མ་རེད་ཟེར། ལོ་རྒྱུས་ཀྱི་རིན་ཐང་ཡོད་པའི་བོད་ཀྱི་རིག་དངོས་རྙིང་བ་གང་ཡིན་ནའང་སྲུང་སྐྱོབ་བྱེད་དགོས་པ་རེད། འདིའི་ཐད་སྐད་ཆ་བཤད་དགོས་པ་རེད། ཡིན་ནའང་ཕྱི་ལ་ཡོད་པའི་བོད་པ་དེ་ཚོས་སྐད་ཆ་བཤད་གིན་མི་འདུག མང་ཤོས་ཤིག་གིས་ཧ་གོ་མ་རེད། དེ་བས་བཤད་ཁག་པོ་རེད། ལོ་གསུམ་གྱི་སྔོན་ལ་ཨ་མི་རི་ཀ་ནས་འདིའི་སྐོར་མཉམ་འབྲེལ་རྒྱལ་ཚོགས་ལ་སྙན་ཞུ་འབུལ་གྱི་ཡིན་ཅེས་ངྷ་རམ་ས་ལར་འབྲེལ་བ་བྱས་ཀྱང་། ངྷ་རམ་ས་ལ་ནས་ལན་བརྒྱབ་མ་སོང་ཟེར། ༡༩༨༢ ལོར་འཕན་པོ་ནས་དགོན་པ་ཞིག་གི་དཔེ་མཛོད་ཁང་མེར་བསྲེག་བཏང་བ་རེད། བདུན་ཕྲག་གསུམ་གྱི་རིང་ལ་མེ་འབར་བ་རེད། འདི་ཚོའི་རིགས་གསལ་བོར་ལབ་དགོས་པ་རེད། བོད་པ་ཚོར་དེང་སྐབས་རྒྱ་ནག་གི་སྐད་བཤད་ཤེས་མཁན་ཡོད་པ་རེད་དེ། དབྱིན་ཇི་དང་ཧྥ་རན་སི་སོགས་ཕྱིའི་སྐད་ཡིག་གི་ནང་ནས་བོད་ཀྱི་གནས་ཚུལ་འདི་འཛམ་གླིང་ལ་བཤད་ཤེས་མཁན་དང་། བཤད་ཐུབ་མཁན་དེ་འདྲ་དགོས་པ་རེད། ལོ་ཆུང་ཆུང་ཚོས་འདི་ལ་སློབ་སྦྱོང་བྱེད་དགོས་པ་རེད་ཟེར། ཁོང་གིས་བོད་རིགས་གཞོན་སྐྱེས་ཚོའི་ནུས་པ་མཐོར་འདེགས་དང་མི་རིགས་ཀྱི་ལས་དོན་ཕྲག་ཏུ་ཐེག་དགོས་པའི་སྐོར་འདི་ལྟར་བཤད་སོང་།

ཡིན་ཡང་ངས་ཁོང་ལ་མཇུག་མཐར། འདས་པའི་ལོ་ ༣༠ རིང་ང་ཚོས་དབུ་མའི་ལམ་གྱི་སྟེང་ནས་བོད་དོན་བཤད་པ་རེད། ལོ་ ༣༠ རིང་ཁྱེད་ཀྱིས་བོད་ཀྱི་ཤེས་རིག་གླེང་བཞིན་བོད་ཁམས་བསྐོར་བ་རེད། གང་ལྟར་ཁྱེད་རང་གི་ངོས་ནས་བོད་དང་བོད་ཀྱི་ཤེས་རིག་འདི་མི་ནུབ་པའི་ཆེད་དུ་བོད་རྒྱ་ཞི་མོལ་ཞིག་ཡོང་རྒྱུའི་རེ་བ་འདྲ་མཐོང་གི་འདུག་གམ། ཞེས་དྲིས་སྐབས། ཁོང་གིས་མགོ་བོ་འཕྲེད་དུ་གཡུག་བཞིན། ཁག་པོ་རེད་་་་་ ཁག་པོ་རེད་་་་་ ཁག་པོ་རེད། ཟེར།

ལུང་རིགས་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཆོས་དབྱིངས་སྐྱིད་ཀྱིས་ཨེ་ཤ་ཡའི་འགྲན་སྡུར་ནང་གསེར་གྱི་རྟགས་མ་བླངས། ༢༠༢༣། ༡༠། ༤། དྲ་ལམ་གྱི་པར།
Mobile App

ཆོས་དབྱིངས་སྐྱིད་ལགས་ཀྱིས་ཨེ་ཤ་ཡའི་འགྲན་སྡུར་ནང་གསེར་གྱི་རྟགས་མ་བླངས།

ཆུ་ཚོད་ ༢ སྔོན་ལ།
Front Slider

༧གོང་ས་མཆོག་གིས་སྤྱན་རས་གཟིགས་ཕྱག་བཞི་པའི་བཀའ་དབང་བསྩལ།

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ། བོད་ཀྱི་དུས་བབ་གསར་ཁང་གི་སྐུ་པར། ༢༠༢༣།༡༠།༤
༸གོང་ས་མཆོག གསར་འགྱུར།

འཛམ་གླིང་ཞི་བདེ་ཡོང་བར་ནང་སེམས་ཀྱི་ཞི་བདེ་དང་བྱམས་བརྩེ་གལ་ཆེན་ཡིན།

ཆུ་ཚོད་ ༢ སྔོན་ལ།
Mobile App

སྤྱི་འཐུས་གྲོས་ཚོགས་ལས་འཕྲོས་པའི་བསམ་ཚུལ།

ཆུ་ཚོད་ ༢ སྔོན་ལ།
Advertisement for App

TIBET TIMES LAUNCHED NEW ENGLISH WEBSITE

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་མཆོག་དང་ཕྱི་ལོ་ ༢༠༢༣ ནོ་སྦེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཐོབ་མཁན་ཚན་རིག་པ་ཀཱ་ཊ་ལིན་ཀཱ་རི་ཀོ་(Katalin Karikó)། ཌི་རེའོ་ཝི་སི་མན་(Drew Weissman)། པར་དུས་བབ་ཀྱིས་བསྒྲིགས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་ནོ་སྦེལ་སྨན་གྱི་གཟེངས་རྟགས་ཐོབ་མཁན་གཉིས་ལ་འཚམས་འདྲི་མཛད།

ཆུ་ཚོད་ ༤ སྔོན་ལ།

མཆན། 5

  1. སངས་ཕྲུག་སྣ་ལོ། says:
    ལོ་ 14 སྔོན།

    ཡ་ཨ་མ་བདེ་སྦྱིན་བཟང་མོ་ལགས་་་་་་་་་ཁྱེད་ཀྱི་ཚེ་ཐག་རིང་པར་སྨོན།་

    Reply
  2. གངས་རིའི་གླིང་བུ། says:
    ལོ་ 14 སྔོན།

    ་ ཨ་གཅེས་བདེ་སྤྱིན་བཟང་མོ་ལགས།་་་་ཁྱེད་ལ་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་
    ཞུ་བ་ཡིན།་་་་གདོང་དམར་ཚང་གི་སྐམ་ལ་ཉེ་བའི་ཟུངས་ཁྲག་དྲོན་མོ་འདིའི་ཆེད་དུ་ལོ་ངོ་དུ་མའི་རིང་ལ་དཀའ་སྡུག་དང་ལེན་གྱི་འབད་བརྩོན་ཆེན་པོ་གནང་བ་ལ་རྗེས་སུ་ཡིད་རངས་དང་བསྔགས་བརྗོད་ཡོད།

    Reply
  3. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    ཕྱི་ལོག་གི་མིས་འདི་ལྟབུའི་དཀའ་ལས་བསྐྱོན་པ་མཐོང་དུས་བོད་པ་ཚོ་གང་དྲག་བསམ་མི་འདུག་གམ། ལུང་རིགས་རྒྱལ་འདི་ལྟབུ་དོ་སྣང་སླེབས་ཆེད་དང་ཡར་ལྟ་བྱ་སའི་དཔེ་མཚོན་ཡག་པོ་འདུག མུ་མཐུད་འདིའི་རིགས་ལ་ཐུགས་འགན་བཞེས་རོགས་གནང་།

    Reply
  4. མེ་རླུང་། says:
    ལོ་ 14 སྔོན།

    དེ་ལ་གཟིགས་དང་རྒྱ་ནག་གཞུང་སྡུག་སྐད་ཤོར་ འདུག་

    Reply
  5. མེ་རླུང་། says:
    ལོ་ 14 སྔོན།

    ༄༅།།ཏཱ་ལའི་བླ་མས་པ་ལིར་འཚམས་འདྲི་བྱེད་པ་དེས་ཀྲུང་ཧྥའི་འབྲེལ་བར་གནོད་པ་ཐེབས་སྲིད།

    སྤེལ་དུས། 2009-05-06   ཡོང་ཁུངས། འཛམ་གླིང་གི་གནས་ཚུལ་གསལ་བའི་ཚགས་པར།    རྩོམ་པ་པོ།  རྡེའུ་དཀར་ནག་གིས་བསྒྱུར། ཟླ་གཞོན་ནས་ཞུས།

    ༼ཡིག་གཟུགས་ཀྱི་ཆེ་ཆུང་། ཆེ། འབྲིང་། ཆུང་། ༽ ༼དཔྱད་གཏམ་སྤེལ་བ།༽

    ཟླ༦པའི་ཚེས༦ཉིན་ནས་ཚེས༨ཉིན་བར་ཏཱ་ལའི་བླ་མ་ཧྥ་གོའི་རྒྱལ་ས་པ་ལིར་བསྐྱོད་ནས་གྲོང་མི་གཟི་བརྗིད་ཅན་གྱི་མཚན་སྙན་དང་ལེན་གནང་བའི་གནས་ཚུལ་བསྒྲགས་རྗེས། ཧྥ་གོའི་མཚམས་སྦྱོར་ཚན་པ་དག་ཡུན་ཙམ་ཞིག་རིང་དངངས་འཚབ་སྐྱེས་ཡོད་པ་རེད།《པ་ལིའི་མི་དམངས་ཚགས་པར》སོགས་ཀྱིས་ཐུགས་ཁུར་གནང་ནས་བསྒྲགས་དོན།ཀྲུང་ཧྥའི་འབྲེལ་བ་དེ་G20ཚོགས་འདུ་འཚོགས་ནས་དུས་ཡུན་རིང་པོ་ལོན་མེད་པ་དང་། ཐེངས་འདིར་ཏཱ་ལའི་བླ་མས་ཧྥ་གོའི་རྒྱལ་ས་་པ་ལིར་འཚམས་འདྲི་གནང་བ་དེས་ཀྲུང་ཧྥའི་འབྲེལ་བར་གནོད་པ་ཐེབས་སྲིད་པ་རེད་ཅེས་བཀོད་ཡོད།
    ཧྥ་གོའི་རྒྱལ་གཉེར་བརྙན་འཕྲིན་ཁང་གི་བརྙན་ལམ་གཉིས་པ་ནས་བསྒྲགས་དོན། ཏཱ་ལའི་ཡིས་པ་ལིར་འཚམས་འདྲི་གནང་བ་དེར་ཧྥ་གོའི་སྲིད་གཞུང་གི་དཔོན་པོར་མཇལ་འཕྲད་གནང་བའི་འཆར་གཞི་ཅི་ཡང་མེད་མོད། འོན་ཀྱང་པ་ལིའི་གྲོང་མི་གཟི་བརྗིད་ཅན་གྱི་མཚན་སྙན་དང་ལེན་བྱས་པ་དེ་ཙམ་ཁོ་ནར་ཡང་ཀྲུང་གོས་ཡིད་མོས་མི་བྱེད་པར་རྒོལ་གཏམ་གཏོང་ངེས་རེད། རྒྱུ་མཚན་ནི་ན་ནིང་པ་ལི་གྲོང་ཁྱེར་སྲིད་གཞུང་གིས་ཏཱ་ལའི་བླ་མར་མཚན་སྙན་དེ་གནང་བ་གཏན་འབེབས་བྱེད་པའི་སྐབས་སུ་ཀྲུང་གོས་མི་འཐད་པའི་རྣམ་འགྱུར་བསྟན་ཡོད་པ་རེད།
    ཧྥ་གོ་ལྷོ་ནུབ་རླུང་འཕྲིན་བརྙན་འཕྲིན་ཁང་གིས་ཁ་བྱང་ལ་“བལྟས་པ་ཙམ་གྱིས་ཏཱ་ལའི་བླ་མ་ཧྥ་གོར་ཧ་ཅང་དགའ་བོ་ཡོད་པ་ཤེས་ཐུབ”ཅེས་པའི་གསར་འཕྲིན་ཁྲོད་དུ་བསྒྲགས་དོན།ཏཱ་ལའི་ཡི་འཚམས་འདྲི་དེ་ཏག་ཏག་ཧྥ་གོའི་སྲིད་བློན་ཁྲི་བ་སྔོན་མ་ཞི་ལ་ཁོ་པེ་ཅིང་དུ་འཚམས་འདྲིར་ཕེབས་ནས་ཅང་འགོར་མེད་པའི་དུས་དང་བསྟུན་ནས་བཀོད་སྒྲིག་གནང་ཡོད་ཅིང་། འདིས་ཧྥ་གོའི་སྲིད་བློན་ཁྲི་བ་ས་ཁོ་ཆི་སྡུག་ལ་སྦྱར་ཡོད་པ་སྨོས་མ་དགོས་པ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist