མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་གཅེས་དཔའ་བོ་ལྔའི་ལོ་རྒྱུས།

བོད་ཀྱི་དུས་བབ།
༢༠༠༩/༠༥/༡༡
Share on FacebookShare on TwitterShare on EmailShare on Whatsapp

མི་རིགས་ཤིག་ལ་ཞབས་འདེགས་ཡག་པོ་ཞིག་བསྒྲུབ་དགོས་ན་ཆ་རྐྱེན་ངེས་ཅན་ཞིག་ཚང་དགོས་མོད། ང་ལ་ཆ་རྐྱེན་ཚང་གིན་མི་འདུག ཆ་རྐྱེན་གཅིག་ཡོད་པ་ནི། རང་ཉིད་ཀྱི་ལུས་སྲོག་འདི་ཡིན་ཟེར།

 

སྔ་ལོར་མདོ་སྨད་བླ་བྲང་ནས་ཞི་རྒོལ་སྣེ་ཁྲིད་བྱེད་མཁན་གྲྭ་དགེ་འདུན་རྒྱ་མཚོ་དང་སྐལ་བཟང་སྦྱིན་པ། དེ་བཞིན། རྒྱལ་སྤྱིའི་གསར་འགོད་པ་བླ་བྲང་དུ་འབྱོར་སྐབས་བོད་ཀྱི་རྒྱལ་དར་ཕྱར་ཏེ། སྐད་འབོད་རྒྱག་མཁན་གྲྭ་འཇམ་དབྱངས་སྦྱིན་པ་དང་བློ་བཟང་རྒྱ་ཚོ། འཇིགས་མེད་རྒྱ་མཚོ་གསུམ་བཅས་དགེ་འདུན་པ་ ༥ ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པར་བཞུགས་སྒར་ངྷ་རམ་ས་ལར་འབྱོར་ཏེ། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གཙོས་པའི་བཞུགས་སྒར་ཁུལ་གྱི་མི་དམངས་ཚོས་ཁ་བཏགས་སྒྲོན་ཏེ་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་ལ། ཚེས་ ༡༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད།

 

སྐབས་དེར་སྔར་ལོའི་ཟླ་ ༣ ཚེས་ ༡༤ ཉིན་གྱི་ལས་འགུལ་སྣེ་ཁྲིད་པ་དགེ་འདུན་རྒྱ་མཚོ་ལགས་ཀྱིས་ཞི་རྒོལ་ཆེན་མོའི་བྱུང་རིམ་ངོ་སྤྲོད་གནང་དོན། སྔར་ལོ་བླ་བྲང་དུ་ཞི་རྒོལ་བསྟུད་མར་ཐེངས་གསུམ་ལ་བྱུང་བ་ལས། ང་རང་ཉིན་དང་པོའི་སྣེ་ཁྲིད་པ་ཡིན། ཐོག་མའི་ཀུན་སློང་ཅི་ཞིག་ཡིན་ཟེར་ན། རང་ཉིད་ལ་མཚོན་ན་རིག་གནས་ཆུ་ཚད་དང་ཆབ་སྲིད་གོ་རྟོགས་མེད་ཀྱང༌། རང་མི་རིགས་ཀྱི་ལས་དབང་དང་མདུན་ལམ་ལ་བསམ་བློ་མང་པོ་བཏང་བ་ཡིན། མི་རིགས་ཤིག་ལ་ཞབས་འདེགས་ཡག་པོ་ཞིག་བསྒྲུབ་དགོས་ན་ཆ་རྐྱེན་ངེས་ཅན་ཞིག་ཚང་དགོས་མོད། ང་ལ་ཆ་རྐྱེན་ཚང་གིན་མི་འདུག ཆ་རྐྱེན་གཅིག་ཡོད་པ་ནི་རང་ཉིད་ཀྱི་ལུས་སྲོག་འདི་ཡིན། འདི་ཉིད་བོད་བསྟན་སྲིད་ཀྱི་ཆེད་དུ་བསྟིམས་ཐུབ་པ་ཡིན་ན། ལས་བསོད་ནམས་བཟང་བ་མ་ཟད། མི་ལུས་ཐེངས་གཅིག་བླངས་པར་དོན་སྙིང་ཡོད་སོང་བ་རེད་སྙམ་སྟེ། སེམས་ཐག་གཙང་བཅད་དང་བློ་ཐག་རྦད་ཆོད་ཀྱིས་ཡར་ལངས་ཀྱི་སྣེ་འཁྲིད་རྒྱུའི་སེམས་ཐག་བཅད་པ་ཡིན།

 

ལོ་ལྟར་ཟླ་ ༣ པའི་ནང་བླ་བྲང་དགོན་པར་ཆོས་ཕྱོགས་ཀྱི་ཆོ་ག་རྒྱས་པ་ཞིག་ཡོད་སྟབས་མི་མང་འདུ་འཛོམ་བྱེད་ཀྱིན་ཡོད། ཕྱི་ཚེས་ ༡༤ ཉིན་དགོན་པའི་ཀླུ་རྫོང་ཞིག་ཡོད། ཉིན་གུང་རྗེས་དགོན་པའི་གླིང་བར་ནས་མགོ་བཙུགས་ཏེ་སྐད་འབོད་བྱས་པ་ཡིན། སྐབས་དེར་འབོད་ཚིག་འདྲ་མིན་རེད། དཔེར་ན། ༧རྒྱལ་བ་རིན་པོ་ཆེ་ཕྱིར་བོད་དུ་ཕེབས་འཇུག་དགོས། བོད་རང་བཙན་གཙང་མ་ཡིན། བོད་ལ་རང་སྲིད་རང་སྐྱོང་དགོས། པཎ་ཆེན་རིན་པོ་ཆེ་གཙོས་པའི་ཆབ་སྲིད་བཙོན་པ་ཡོངས་གློད་གྲོལ་གཏོང་དགོས། བོད་རྒྱའི་གྲོས་མོལ་དངོས་གཞི་མགོ་འཛུགས་བྱ་དགོས། ང་ཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་ཐོབ་ཐང་དགོས། ང་ཚོ་སྨྲ་ཤེས་མཁན་ཞིག་ཡིན་པའི་ཆ་ནས་སྨྲ་བརྗོད་རང་དབང་དགོས། ང་ཚོ་ཆོས་ལུགས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་དད་མོས་རང་དབང་དགོས་སོགས་རེད། དེ་ལྟར་སྐད་འབོད་བྱེད་བཞིན་རྫོང་སྲིད་གཞུང་གི་སྒོ་མདུན་བར་བསྐྱོད་པ་ཡིན། རྒྱ་གཞུང་གིས་ཏཱ་ལའི་རུ་ཚོགས་དང་སྐྱབས་བཅོལ་གཞུང་གི་ངན་སྐུལ་གྱིས་བོད་རྒྱ་གཉིས་བར་འགལ་བ་བསླངས་སོང་ཟེར་གྱིན་ཡོད་ཀྱང༌། སྐབས་དེར་མ་གྲོས་བསམ་པ་གཅིག་མཐུན་གྱིས་མི་ཁྲི་གཅིག་ ༡༠༠༠༠ ལྷག་འདུ་འཛོམས་བྱུང་སོང་། ཚེས་ ༡༥ ཉིན་བསྐྱར་དུ་ཡར་ལངས་པ་རེད། འབོད་ཚིག་དང་རྣམ་པ་སྔར་ཉིན་དང་གཅིག་མཚུངས་རེད། སྐབས་དེར་རྒྱ་གཞུང་གི་དམག་མི་འབོར་ཆེན་ཡོང་སྟེ་དུག་མདའ་དང་དྲག་ཆས་བེད་སྤྱོད་བཏང་སྟེ། མི་མང་པོ་ཞིག་ལ་རྨས་སྐྱོན་དང་འཇིགས་སྐྲག་ཆེན་པོ་བསླངས་སོང་མོད། ང་རང་ལ་མཚོན་ན། ཉིན་དང་མཚན་ལ་རེ་སྒུག་བྱས་པའི་ཉི་མ་དེ་ཤར་སོང་བ་རེད།

 

དེ་ནས་རྒྱ་ལག་ལ་ཚུད་དུ་འཇུག་མ་འདོད་པར་རི་མགོར་འབྲོ་རྒྱུའི་སེམས་ཐག་བཅད་པ་ཡིན། ང་དང་ངའི་གྲོགས་པོ་ཚུལ་ཁྲིམས་ཟེར་བ་གཉིས་ངའི་ཕ་ཡུལ་བསང་ཁོག་ཏུ་བྲོས་པ་ཡིན། ཕྱི་ཟླ་ ༥ ཚེས་ ༢༠ ཉིན་རྒྱ་དམག་ ༡༠༠ ཙམ་གྱིས་ངེད་གཉིས་བསྐོར་ཏེ་འཛིན་རྩིས་བྱས་ཀྱང་ངེད་གཉིས་བྲོས་ནས་ཐར་སོང། འོན་ཀྱང་། ཉིན་དེ་ནས་བཟུང་གྲོགས་པོ་ཚུལ་ཁྲིམས་དང་ཁ་གྱེས་སོང༌། དེའི་རྗེས་ཁོ་འཛིན་བཟུང་བྱས་ཏེ་ད་བར་གནས་སྟངས་གང་ཡང་ཤེས་རྟོགས་བྱུང་ཡོད་པ་མ་རེད། རྫ་མགོ་རི་མགོ་ན་བྲོས་བྱོལ་དུ་བསྡད་ཡོད་པ་ང་ཚོ་ཙམ་མ་རེད་གཞན་མང་པོ་འདུག ལོ་གཅིག་ལྷག་རིང་གི་བྲོས་བྱོལ་སྐབས་འབྲོག་པ་མང་ཚོགས་ཀྱིས་ཟས་གོས་འཚོ་བར་རོགས་རམ་གང་ལེགས་བྱས་སོང། འོན་ཀྱང། ང་ཚོར་ལམ་ཁ་གཉིས་ལས་ལྷག་ཡོད་པ་མ་རེད། གཅིག་རྒྱ་ལག་ཏུ་འགྲོ་རྒྱུ་དང་གཉིས་པ་རང་དབང་གི་གནས་ཡུལ་ཞིག་ལ་སྐྱབས་བཅོལ་དུ་འགྲོ་རྒྱུ་དེ་རེད། མཐར་སྐྱབས་བཅོལ་དུ་འགྲོ་རྒྱུ་བདམས་པ་ཡིན། ཐེངས་འདིར་རྒྱ་གར་དུ་ཡོང་བའི་ལམ་ཁར་དཀའ་ངལ་དང་སྐྲག་སྣང་ཕྲན་བུ་རེ་བྱུང་སོང་མོད། ༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་གྱིས་བདེ་བླག་ངང་འབྱོར་སོང། ཞེས་གསུངས་སོང༌།

 

དེའི་རྗེས་གྲྭ་སྐལ་བཟང་སྦྱིན་པ་ལགས་ཀྱིས་སྔར་ལོའི་ཟླ་ ༤ ཚེས་ ༩ ཉིན་རྒྱལ་སྤྱིའི་གསར་འགོད་པའི་སྔུན་དུ་བརྒྱུགས་ཏེ་སྐད་འབོད་བྱས་པའི་སྐོར་ངོ་སྤྲོད་གནང་དོན། ང་ཚོའི་ཐོག་མའི་ཀུན་སློང་ངོ་སྤྲོད་ཅིག་བྱས་ན་བསམ་སོང་། དང་པོ། རྒྱ་གཞུང་གིས་སྔོན་མ་བོད་བཙན་འཛུལ་བྱས་སྐབས། བོད་པའི་མི་འབོར་གྱི་ཕྱེད་ཙམ་རྩ་མེད་དུ་བཏང་ཡོད། རིག་གསར་ལས་འགུལ་སྐབས་བོད་པའི་ཆོས་དང་རིག་གཞུང༌། སྐད་ཡིག་གོམས་གཤིས་དང་བཅས་པར་གཏོར་བརླག་ཚབས་ཆེན་བཏང་ཞིང། རླབས་ཆེན་གྱི་མི་སྣ་མང་པོ་ཞིག་ལ་བཙོན་འཇུག་མནར་གཅོད་བཏང་ཡོད། ལོ་རབས་བརྒྱད་ཅུ་བ་ནས་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་འབྲེག་གིས་བོད་ཀྱི་ཁོར་ཡུག་ལ་གཏོར་བཅོམ་བཏང་ཡོད། རྒྱ་མི་མང་པོ་བོད་དུ་གནས་སྤར་ཅིང༌། བོད་མི་རིགས་ལ་ཚོད་འཛིན་བྱས། གཉིས་པ། བོད་མི་རིགས་ཀྱི་ཆོས་སྲིད་གཉིས་ཀྱི་རྒྱལ་བོ་དང༌། ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས། བོད་མི་ཡོངས་ཀྱིས་མིག་གིས་ལྟ་ས་དང་སེམས་ཀྱི་རེ་ས་གཅིག་པུ། ༧རྒྱལ་བ་རིན་པོ་ཆེ་མི་རིགས་ཀྱི་བདེན་དོན་དང༌། རང་དབང་ཆེད་ད་བར་ཕྱི་རོལ་ནས་བཞུགས་ཡོད་སྟབས། ཁོང་ཕྱིར་བོད་དུ་ཕེབས་ནས་ལྷ་ངོ་མི་ངོ་འཕྲོད་རྒྱུ་བཅས་ལ་དམིགས་ཏེ་ཡར་ལངས་བྱས་པ་ཡིན།

 

སྐབས་དེར་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནས་རྒྱལ་སྤྱིའི་གསར་འགོད་པ་ཕྱི་ཚེས་ ༩ ཉིན་བླ་བྲང་དུ་འབྱོར་རྒྱུ་རེད་ཟེར་མོད། རྒྱའི་གསར་ལམ་ཐོག་ཕྱི་ཚེས་ ༩ ཉིན་ལན་ཀྲུའུ་གནམ་ཐང་དུ་འབྱོར་རྒྱུ་ཡིན་ཚུལ་བསྒྲགས་སོང༌། འོན་ཀྱང༌། རྒྱ་གཞུང་གི་བྱ་སྤྱོད་དང་སྐད་ཆར་སྔོན་མ་ནས་ཡིད་ཆེས་མེད་པ་བཞིན། ང་ཚོས་ཕྱི་ཚེས་ ༨ ཉིན་གྱི་མཚན་མོ་བོད་ཀྱི་རྒྱལ་དར་ཆེན་པོ་ཞིག་གྲ་སྒྲིག་བྱས་ཏེ། རྒྱལ་དར་གྱི་རྒྱབ་ངོས་སུ་ ༧གོང་ས་མཆོག་གི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ནང་དུ། བཙན་འཛུལ་མཁན་གྱི་ཚོད་མེད་པའི་བཙན་གནོན་ལ། བོད་མི་ཡོངས་ནས་སྡུག་བསྔལ་འཁུར་མ་ཐུབ་པར། ངའི་མི་དམངས་ཀྱི་བཟོད་པའི་མཐའ་ཟད་པ་རེད། ཅེས་པའི་ཚིག་དེ་གཙགས་དྲུབ་བྱས་ཤིང༌། ང་ཚོའི་ཁ་ཆེམས་ཀྱི་ཚུལ་དུ། གཟུགས་ཅན་ལུས་ཀྱི་ཕུང་བོ། །ཚད་མེད་མནར་གཅོད་བཏང་ཡང༌། །ནང་གི་ཤེས་པ་གསལ་བོ། ། འཁོར་ས་ཡིད་བཞིན་ནོར་བུ། ཞེས་དང༌། མཇུག་ཏུ་སངས་རྒྱས་ཀྱི་བསྟན་དོན་དང་སེམས་ཅན་གྱི་བདེ་སྐྱིད་ཆེད་དུ་བོད་མི་ཚོ་ཞི་བའི་སྒོ་ནས་ཡར་ལ་ལོངས་ཤོག ཅེས་བཀོད་ཡོད།

 

ཉིན་དེར་དགོན་པའི་རྡོ་གཅལ་ཐང་དུ་མི་སེར་དཀྱུས་མའི་གྱོན་ཆས་གྱོན་ཞིང༌། ལག་ཏུ་ཕྲེང་བ་འཛིན་མཁན་དང་། པར་ཆས་འཛིན་མཁན་མི་གྲངས་ ༣༠༠ ཡས་མས་ཡར་འགྲོ་མར་འགྲོ་བྱེད་ཀྱིན་འདུག དེ་དག་ཚང་མ་དམག་མི་རེད། འོན་ཀྱང་། རྒྱལ་སྤྱིའི་གསར་འགོད་ཚོ་ཚོགས་ཆེན་འདུ་ཁང་མདུན་དུ་འབྱོར་མ་ཐག སྔུན་ལ་བརྒྱུགས་ཏེ་སྐད་འབོད་བྱས་པ་ཡིན། ང་ཚོས་པེ་ཅིན་ཨོ་ལིམ་པིག་ལ་ངོ་རྒོལ་མེད། ཅེས་ཁ་གསལ་བོ་བྱས་ཏེ་བཤད་པ་ཡིན། སྐབས་དེར་བོད་མི་ ༣༠ ལྷག་འདུག ང་ཚོས་ལས་འགུལ་ཐོག་མར་སྤེལ་སྐབས། རྒྱ་ནག་གི་བཙོན་འོག་ནས་སྡུག་སྦྱོང་མནར་གཅོད་མྱོང་དགོས་པ་དང་། ལོ་མང་པོར་ཁྲིམས་ཐག་གཅོད་རྒྱུ་ཡིན་པ་སོགས་ལ་བསམ་བློ་བཏང་ཡོད་ལ། ཐ་ན་རང་གི་ཚེ་སྲོག་ཀྱང་རང་ལ་དབང་དཀའ་བ་ཤེས་ཡོད། ཉིན་དེར་རྒྱལ་སྤྱིའི་གསར་འགོད་པ་དག་ལ་ཡང་། ཁྱེད་ཚོ་ཕྱིར་སོང་བའི་ཤུལ་དུ་ངེད་ཅག་ཉི་མ་གཅིག་ལའང་གསོན་ཐུབ་མིན་མི་ཤེས། ཉི་མ་དེ་རིང་ནས་ངེད་ཅག་གི་ཚེ་སྲོག་ལ་རིན་ཐང་མེད། ཅེས་བཤད་པ་ཡིན་ལ། སྐབས་དེའི་རྒྱལ་དར་ཡང་གསར་འགོད་པ་དག་གི་ལག་ཏུ་གཏད་དེ། བོད་པའི་རྒྱལ་དར་འདི་ལའང་ང་ཚོས་བདག་པོ་བརྒྱག་ཐུབ་གི་མ་རེད། ཁྱེད་ཅག་ལ་བཅོལ་བ་ཡིན། ཅེས་བཤད་པ་ཡིན།

 

གསར་འགོད་པ་རྣམས་ཕྱིར་ལོག་མ་ཐག་དགོན་པ་ཡོངས་དམག་མིས་བསྐོར་སོང་། ཐ་ན་ལོ་བཅུ་གྲངས་ཅན་གྱི་བྱིས་པ་ཡང་ཕར་ཚུར་གཏོང་གི་མི་འདུག ཉིན་དེའི་དགོང་མོ་གྲྭ་ཤག་གཞན་ཞིག་ནས་ཉལ་བ་ཡིན། ཕྱི་ཚེས་ ༡༠ ཉིན་དགོན་པ་ནས་ཐོན་སྐབས། སྔོན་མ་རྒྱ་གཞུང་གིས་འཛིན་བཟུང་བྱ་རྒྱུ་ཁོ་ན་ལས། ཐར་ཐུབ་རྒྱུར་བསམ་བློ་བཏང་མེད་སྟབས་གྲ་སྒྲིག་གང་ཡང་ཡོད་པ་མ་རེད། ཉིན་དེ་ནས་བཟུང་རྫ་མགོ་རི་མགོ་དང་རི་ཁྲོད་ནགས་གསེང་ལ་འཁྱམས་ཏེ་འཚོ་བ་བསྐྱལ་བ་ཡིན། དེ་ལྟར་དཀའ་ངལ་མི་ཉུང་བ་ཞིག་བརྒྱུད་མཐར་རྒྱ་གར་དུ་ཐར་སོང་བ་རེད། ཅེས་བརྗོད་སོང།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༦ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༨ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༨ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༩ སྔོན་ལ།

མཆན། 23

  1. ཕྲེང་ཟུར་དོན་གྲུབ་ཆོས་འཕེལ། says:
    ལོ་ 16 སྔོན།

    གངས་ཅན་ལྗོངས་ཀྱི་དཔའ་བོ་དགེ་འདུན་པ་ཁྱེད་རྣམས་ལ་གུས་བཏུད་དང་འབྲེལ་ཁྱེད་རྣམས་པའི་མཛད་བྱེས་ལ་བཀྲིན་རྗེས་དྲན་དང་རང་དབང་ལུང་པར་ཕེབས་ཐུབ་པར་ཧ་ཅང་དགའ་འཚོར་བྱུང་།
    གུང་བྲན་སྡུག་རྩུབ་ཆེ་རྐྱེན།
    གཞིས་ལུས་སྐུ་ལས་ཆེ་སོང་།
    གཞིས་ལུས་སྟོབས་དེ་འདྲ།
    དངོས་འབྲེལ་གངས་ཕྲུག་རང་རེད།
    ཐུགས་རྗེ་ཆེ།

    Reply
  2. ལི་ཆུ་དྭངས་མ། says:
    ལོ་ 16 སྔོན།

    བོད་ཀྱི་དཔའ་རྒོད་རྣམས་ཀྱི་ལ་རྒྱས་དར་ཆ་སྒྲེང་སྟེ་རྡ་སར་འབྱོར་བ་སེམས་སྟིང་ནས་བསྔགས་བརྗོད་དང་རྗེ་སུ་ཡིད་རིང་ཞུ། ཁྱེད་ཅགས་ཀྱི་མི་རིགས་ཀྱི་ལ་རྒྱ་དང་དཔལ་སྙིང་མཚོན་པར་བྱས་ཡོད་ལ་ཕྱི་རབས་ཀྱི་གཞོན་སྐྱེས་རྣམས་ལ་ྨིག་ལྟོས་བཟང་པོ་ཞིག་བཞགས་ཡོད་པས་བསྐྱལ་དུ་བསྔགས་དང་རྗེ་སུ་ཡིད་རིང་ཞུ། ད་ཁྱེད་ལྕག་གི་མདུན་ལམ་འོད་སྟོང་ལྡན་ལ། ཚེ་རབས་ཀུན་ཏུ་འཕགས་མཆོགས་ཕྱག་ན་པདྨོས་རྗེས་སུ་འཛིན་པ་ལ་ཐེ་ཚོམ་མི་དགོས་སོ།།

    Reply
  3. ལི་ཆུ་དྭངས་མ། says:
    ལོ་ 16 སྔོན།

    བོད་ཀྱི་དཔའ་རྒོད་རྣམས་ཀྱི་ལ་རྒྱས་དར་ཆ་སྒྲེང་སྟེ་རྡ་སར་འབྱོར་བ་སེམས་སྟིང་ནས་བསྔགས་བརྗོད་དང་རྗེ་སུ་ཡིད་རིང་ཞུ། ཁྱེད་ཅགས་ཀྱི་མི་རིགས་ཀྱི་ལ་རྒྱ་དང་དཔལ་སྙིང་མཚོན་པར་བྱས་ཡོད་ལ་ཕྱི་རབས་ཀྱི་གཞོན་སྐྱེས་རྣམས་ལ་ྨིག་ལྟོས་བཟང་པོ་ཞིག་བཞགས་ཡོད་པས་བསྐྱལ་དུ་བསྔགས་དང་རྗེ་སུ་ཡིད་རིང་ཞུ། ད་ཁྱེད་ལྕག་གི་མདུན་ལམ་འོད་སྟོང་ལྡན་ལ། ཚེ་རབས་ཀུན་ཏུ་འཕགས་མཆོགས་ཕྱག་ན་པདྨོས་རྗེས་སུ་འཛིན་པ་ལ་ཐེ་ཚོམ་མི་དགོས་སོ།།

    Reply
  4. རི་སྐྱེས་ཁ་བ་འཚོ། says:
    ལོ་ 16 སྔོན།

    བུ་ལྷ་མཆོད་རྒྱུ་ཚོ། ངོ་མ་ངར་བ་རེད།
    ཞང་ཨ་རེ་ལ་མོ་ཡ་རེ་ལེན། ཤ་ར་རིང་སྐུ་ཚེ་བརྟན་སོང་ན། ར་ལོ་རེར་བསྡད་ནས་བརྗེ་ན་ཆོག ནང་ཕུ་ནུའི་སྐུ་ཚེ་བརྟན་སོང་ན། དབང་ལོ་རེར་བསྡད་ནས་བརྩད་ན་ཆོག། བུ་དཔའ་བོའི་ངོ་སོ་གླུ་ཡིས་བསྟོད།། གླུ་ཤེས་ནི་མིན་ར་དགའ་ནི་ཡིན།

    Reply
  5. དགའ་བ། says:
    ལོ་ 16 སྔོན།

    དུས་བབ་ཡིག་ནོར་སུ་ཡིས་བཅོས་དཀའ་བའི་ཚོད་དུ་ཡོད་ཚོད་རེད། ངས་སྔོན་མ་རེ་བ་ཆེན་པོ་བརྒྱབས་ནས་ཐེངས་མ་འགའ་ཤས་ཤིག་ལ་བཤད་ཀྱང་ཕན་ངོ་མ་ཤར་བས་ཕྱིས་སུ་ཁོང་ཚོའི་དག་ཆ་ཡར་རྒྱས་སུ་འགྲོ་ཐུབ་པར་རེ་བ་ཆེན་པོ་བྱེད་ཀྱི་མེད།
    མདོ་སྨད་ཀྱི་དཔའ་བོ་ལྔ་རང་དབང་གི་ཡུལ་དུ་བྱོན་ཐུབ་པར་དགའ་བསུ་ཡོད། དཔའ་བོ་ཚོས་ད་ལྟའི་མཚན་གནས་འདི་ཉར་ཐུབ་མིན་མ་འོངས་པའི་གནས་སྟངས་དང་བྱེད་ཕྱོགས་ལ་བལྟ་དགོས། བོད་ནང་གི་དཔའ་བོ་གང་འཚམས་ཤིག་ཕྱིའི་རང་དབང་ཡུལ་དུ་སླེབས་པ་དང་དཔལ་འབྱོར་གྱིས་མཚོན་པའི་སྒེར་བའི་ཁེ་ཕན་གྱི་ནང་དུ་ཚུད་འགྲོ། ང་ཚོས་ད་དུང་ལས་དོན་འགོ་རྩོམ་བཞིན་པ་མ་གཏོགས་ལས་དོན་གང་ཡང་གྲུབ་མེད་པ་དཔའ་བོ་རྣམ་པས་མཚོན་ང་ཚོ་ཀུན་གྱིས་ཤེས་དགོས་པས། བསྒྲུབ་རྒྱུར་ལྷག་པའི་ལས་དོན་ཐོག་མུ་མཐུད་ཤུགས་རྒྱག་དགོས། བོད་ནང་དུ་རང་གི་སྲོག་ཀྱང་བློས་ཐུབ་པའི་དཔའ་བོ་ཞིག་གིས། ཕྱི་ཡུལ་དུ་རང་གི་དཔལ་འབྱོར་གྱི་ཁེ་ཕན་དང་མིང་གྲགས་སྐམ་པོ་བློས་གཏོང་ཐུབ་པའི་རེ་བ་ཡོད།

    Reply
  6. ཨ་འཇིགས། says:
    ལོ་ 16 སྔོན།

    ཡུན་རིང་འདྲིས་པའིི་གྲོགས་པོ་དགེ་འདུན་གྱིས་གཙོས། རྒྱལ་གཅེས་དཔའ་མཛངས་ལྡན་པའི་གྲོགས་པོ་ཚོ་བདེ་ལེགས་ངང་བཙན་བྱོལ་དུ་འབྱོར་བར་དགའ་བསུའི་འཚམས་འདྲི་དང༌། མི་རིགས་ཀྱི་ཆེད་དུ་ཅི་ཡང་གཏོང་ཕོད་པའི་དཔའ་མཛངས་དང༌། ཟབ་བརླིང་དོན་ལྡན་གྱི་སེམས་གཏམ་རེ་རེ་ང་ཚོའི་སྙིང་ཁོང་ལ་འཕོས་དུས་ངོ་མ་མིག་མཐར་མཆི་མ་འཁྱིལ་ཡོང་གི་འདུག རྗེས་སུ་མཇལ་ཡོང༌།

    Reply
  7. ཇིང་སྲས་མིག་གསུམ་པ། says:
    ལོ་ 16 སྔོན།

    དཔའ་པོ་འདི་ཚོ་སེམས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།

    Reply
  8. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    དུས་བབ་རྩོམ་སྒྲིག་པ་མཆོག་ལ་ཞུ་རྒྱུར།

    དཔའ་བཽ་ཚོའི་བྱས་རྗེས་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད། ཐུགས་རྗེ་ཆེ་ཞུའོ།།
    གསར་འགྱུར་འདི་འགོད་མཁན་འབྲེལ་ཡོད་དེར་ཐལ་མོ་སྦྱར་ནས་ཞུ་ཡག་ཅིག་ཡོད། ཐུགས་རྗེས་གཟིགས། རྒྱལ་དར་༼འཕྱར་༽རྒྱལ་དར་༼ཕྱར༽ ཁ་བཏགས་༼བསྒྲོན༽ལ་ཁ་བཏགས་༼སྒྲོན༽ བོད་བསྟན་སྲིད་ཀྱི་ཆེད་དུ་༼བསྟིམས་༽ལ་ཆེད་དུ་༼བཏུམ༽ འདུ་༼འཛོམས་༽ལ་འདུ༼འཛོམ༽ འབོད་༼ཚིག་༽ལ་འབོད་༼ཚིགས༽ སྒོ་མདུན་བར་༼བསྐྱོད༽་པ་ལ་༼སྐྱོད་༽ ཁ་༼གྱེས་༽སོང་ལ་ཁ་༼དགྱེས༽སོང༌། མང་ཚོགས་༼ཀྱིས༽ཟས་གོས་འཚོ་བར་རོགས་རམ་གང་ལེགས་བྱས་སོང་ལ་མང་ཚོགས་༼ཀྱི་༽ཟས་གོས་འཚོ་བར་རོགས་རམ་གང་ལེགས་བྱས་སོང༌། རྒྱ་༼ནག་༽གི་ལ་རྒྱ་༼གི༽ རྡོ་༼གཅལ༽ཐང་ལ་རྡོ་༼ཅལ༽ཐང༌། ལག་ཏུ་༼གཏད་༽ལ་ལག་ཏུ་༼བཏད༽ཅེས་ནོར་ནས་བྲིས་འགོད་གནང་འདུག་པ་འདི་དག་བཅོས་འགོད་ཅིག་གནང་རོགས་ཞུ་ཡག་ཡིན།
    མ་གཞི་བྱས་ན། དུས་བབ་ཀྱི་ཚགས་པར་དང་དྲ་རྒྱ་འདི་གླེང་མ་དགོས་ན་བསམ་ནས་ཡོད་དེ། འདི་ལྟར་ཡིག་ནོར་སྤེལ་སླེབས་དུས། མ་གླེང་བར་སེམས་ཀྱིས་བཟོད་པ་མི་འདུག གཞན་ནི་ཁྱེད་རང་ཚོར་དམའ་འབེབས་བྱས་པ་ཅི་གང་མིན། ཡིག་ནོར་སྤེལ་སྡོད་ཀྱི་འདུག དེ་ཚོ་བཅོས་འགོད་དང་རྒྱུན་དུ་ནས་ཡིག་ནོར་ལ་གཟབ་གཟབ་ཅིག་གནང་རོགས་ཞེས་ལྷག་བསམ་རྣམ་དག་གིས་ཞུ་བ་ལགས་སོ།།

    Reply
  9. འཇིག་ལྟ། says:
    ལོ་ 16 སྔོན།

    དཔའ་བོ་ལྔ་པོས་སྐད་ཆ་བཤད་དུས་ཧ་ཅང་གཟབ་གཟབ་བྱེད་དགོས།

    Reply
  10. ས་བརྟོལ། says:
    ལོ་ 16 སྔོན།

    རང་ཉིད་ཀྱི་རིགས་ལ་སེམས་རྕ་དྭངས་པའི་མདོ་སྨད་ཀྱི་དཔའ་བོ་ལྔ་བདེ་བླག་ངང་འབྱོར་བར་དགའ་བསུ་ཞུ།

    Reply
  11. ཁྱུང་ཚང་། says:
    ལོ་ 16 སྔོན།

    སྲོག་ལ་བར་ཆད་མེད་པར།
    སླེབས་འབྱོར་བྱུང་བ་དགའ་ཡོད།
    དགུ་བཅུ་གསུམ་ལ་མ་འཛུལ།
    དམྱལ་བ་གཏོང་རོགས་ཡིན་འགྲོ།
    ཡོ་རོབ་གླིང་ལ་མ་འགྲོ།
    དཀའ་ལས་ཁག་རོགས་ཡིན་འགྲོ།
    རྒྱལ་བའི་གསེར་ཞབས་འོག་ནས།
    སྡུག་ལ་གོམས་འདྲིས་ཐེབས་ན།
    རྒྱལ་གཅེས་དཔའ་བོའི་མཚན་སྙན།
    བླངས་བའི་དོན་གོ་དེ་ཡིན།

    Reply
  12. བདེ་འབྱུང་ says:
    ལོ་ 16 སྔོན།

    བཀྲིས་བདེ་ལེགས། དཔའ་བོ་ལྔ་ལ་བཀྲིས་བདེ་ལེགས་ཞུ།

    Reply
  13. འཁྱམས་པོ། says:
    ལོ་ 16 སྔོན།

    སྙིང་ཐག་པ་ནས་དགའ་བསུ་དང་འཚམ་འདྲི་ཞུ། རྒྱལ་གཅེས་པ་ཞེས་པ་ནི་དེ་འདྲ་ཞིག་རེད། ཨ་མའི་བུ། བུ་འཇིག་རྟེན་ཏུ་སྐྱེས་པར་དོན་གོ་ཆོད་པ་རེད། ངས་ད་དུང་དཔའ་པོ་འདི་དག་ལ་ཡིད་སྨོན་བྱེད་ཀྱིན་ཡོད།
    ད་ནི་བོད་གཞུང་གིས་ཁོང་ཚོར་བདག་སྐྱོང་ཡག་པོ་ཞིག་བྱེད་རྒྱུ་དེ་གལ་ཆེན་རེད།

    Reply
  14. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    གདུག་རྩུབ་གྱི་རླུང་ནག་འཚུབ་པའི་མུན་ནག་གི་རང་ཡུལ་ནས་ཞུམ་པ་མེད་པའི་སྙིང་སྟོབས་བྲང་ཁོག་ཏུ་བཅུགས་སྟེ་མི་རིགས་ཀྱི་བདེ་སྡུུག་དང་མི་རིགས་འདིའི་བདེན་པའི་གནས་ལུགས་འཛམ་གླིང་མི་དམངས་ཀྱི་མིག་མདུད་དུ་བཤམས་པའི་བོད་མི་རིགས་ཀྱི་དཔའ་རྒོད་རྣམས་པ་ལྔ་བདེ་འཇགས་ངང་འདིར་འབྱྱོར་བ་དགའ་བསུ་དང་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།ཁྱེད་ཚོའི་རྫ་གསེང་རི་གསེང་ནས་ལོ་གཅིག་གི་རིང་ལ་རི་དྭགས་བཞིན་དགུན་ཁའི་གྲང་རེག་དང་དབྱར་ཀའི་ཚ་རེག་གི་མནར་གཅོད་དང་བཀྲེས་སྐོམ་གྱི་དཀའ་སྡུག་དག་ང་ཚོའི་བློ་ཡིད་ལ་མི་བཤོང་བ་ཞིག་རེད།་དེ་དག་གི་ཁྲོད་ཀྱི་དཀའ་སྡུག་དང་ངན་ངོམ་ཚམ་གྱི་འཚོ་བ་དོན་སྙིང་ཆེ་ལ་གཟི་བརྗིད་ལྡན།ད་དུང་མུ་འཐུད་དུ་བཙན་བྱོལ་ཚོས་མིག་དཔེ་ལྟ་ས་ཞིག་བྱེད་རྒུ་རེ་བ་ཡིན།

    Reply
  15. ཨརྱ། says:
    ལོ་ 16 སྔོན།

    རྒྱལ་གཅེས་དགེ་འདུན་པ་སངས་རྒྱས་ཀྱི་དང་བོའི་འཁོར་གྱི་གྲངས་མཚུངས་པ་བདེ་ལེགས་ངང་ནས་༧གོང་ས་མཆོག་གི་གསེར་ཞལ་མཇལ་རྒྱུ་བྱུང་བར་ངས་དགའ་གུས་སྤྲོ་གསུམ་གྱི་སྒོ་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། སླད་མའི་ཆར་ཡང་ རྒྱལ་གཅེས་པ་དགེ་འདུན་རྒྱ་མཚོས་ཐོག་མའི་སྙིང་སྟོབས་དང་ཀུན་སློང་ངོ་སྤྲོད་གནང་སྐབས་༼ཆ་རྐྱེན་གཅིག་ཡོད་པ་ནི། རང་ཉིད་ཀྱི་ལུས་སྲོག་འདི་རེད། འདི་ཉིད་བོད་བསྟན་སྲིད་ཀྱི་ཆེད་དུ་བཏུམ་ཐུབ་པ་ཡིན་ན། ལས་དང་བསོད་ནམས་བཟང་བ་མ་ཟད། མི་ལུས་ཐེངས་གཅིག་བླངས་པར་དོན་སྙིང་ཡོད་སོང་བ་རེད་སྙམ་སྟེ། ༽ཞེས་གསུངས་པ་ལྟར་རྟག་བརྟན་འགྱུར་མེད་དུ་གནས་རྒྱུ་ཤིན་ཏུ་ནས་ཀྱང་གལ་ཆེ་བས་དེ་ལུགས་དགོངས་མངའ་ནས་ནམ་ཡང་འདོར་མེད་གནང་རྒྱུ་དང་། གཞན་འཕྲལ་དུ་ཕྱི་ཡུལ་གྲགས་ཅན་ཞིག་ཏུ་འགྲོ་རྒྱུར་མི་བྲེལ་བར་བོད་ཀྱི་འཁོར་ཡུག་རང་ནས་བོད་དོན་འཐབ་བརྩོད་པ་ངོ་མ་ཞིག་གནང་རོགས་ཞུ་ཞེས་ཀྱང་གསལ་འདེབས་ལྟ་བུར་ཞུ་ཐལ་ཤོར་སོང་ན་སེམས་ཀྱི་དཀྱིལ་དང་རིས་པའི་གཏང་ནས་ནམ་ཡང་མི་བརྗེད་པར་ཞུ་ཞུ།

    Reply
  16. གླང་དར་མ། says:
    ལོ་ 16 སྔོན།

    དཔའ་བོ་ལྔ་བོད་ནས་བདེ་འབྱོར་བྱུང་དགའ་ལུས་འོས། མ་འོངས་ལྔ་ལ་རྒྱ་ལ་འགྱུར་བ་མི་ཡོང་བའི་རེ་བ་ཡོད། ད་སྐབས་བོད་ཕྱི་ནང་གཉིས་ལ་དཔའ་བོ་གི་ཁེང་ཡོད་པ་རེད། དེ་ནི་ང་ཚོ་མི་རིགས་ཀྱི་གཟི་བརྫིད་ཞིག་རེད། མ་འོངས་བོད་མི་རིགས་ལ་དཔའ་བོ་མི་རིགས་ཀྱི་མཚན་སྙན་ཐོབ་རྒྱུ་ཡིན་པ་ཁོ་ཐག་རེད། ཉེ་བའི་ཆར་དཔའ་བོ་འགའ་ཤས་་སུས་སི་ལ་གཏམ་བརྗོད་འཁྲབ་དུ་ཕྱིན་ཡོད་པས། དཔའ་ལྔ་དེ་སུས་སི་ནས་ཡང་བསྐྱར་གྲོས་འབྱོར་ཕྱིན་ཡོད་པ་རེད། དེའི་ཚབ་ཏུ་དཔའ་བོ་ལྔ་རྡ་སར་འབྱོར་ཡོད་པ་རེད། ང་ཚོར་ལས་དབང་ཡོད་ཐག་གཅོད་རེད་འདུག

    Reply
  17. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    དཔའ་བོ་རྣམས་རྡ་སར་བདེ་འབྱོར་བྱུང་བར་དགའ་བསུ་ཞུ། འོན་བཙན་བྱོལ་སྤྱི་ཚོགས་ཁྲོད་ནས་བསྡད་ཡུན་རིང། རང་ཉིད་ཀྱི་སྔར་ཡོད་བོད་ཞེན་དེ་མི་འདོར་བ་དང༌། ད་ང་སེམས་ཤུགས་ཆགས་སོང་ཞེས་པའི་སྐད་ཆ་འདི་ཚོ་ཁ་ནས་མི་ཐོན་རྒྱུར་རེ་བ་ཆེ་ལགས།

    Reply
  18. རྔ་བ་བསོད་དེ། says:
    ལོ་ 16 སྔོན།

    http://www.youtube.com/watch?v=_j3dm7phbZs&feature=related

    Reply
  19. རྔ་བ་བསོད་དེ། says:
    ལོ་ 16 སྔོན།

    ༄༅།། སྙིང་ནས་བཀུར་འོས་པའི་རྒྱལ་གཅེས་དཔའ་བོ་སྤུན་ལྔ་མཆོག་བདེ་ལེགས་ངང་བཙན་བྱོལ་དུ་ཕེབས་འབྱོར་བྱུང་བར་དགའ་བསུ་ཞུ། ཁྱེད་རྣམས་ཀྱིས་བོད་བསྟན་སྲིད་ཀྱི་དོན་དུ་བློ་ཡུལ་འདས་པའི་ཞབས་རྗེས་འདི་འདྲ་ཞིག་བཞག་ནས་དེ་རིང་འདིར་སྐྱབས་བཅོལ་དུ་བདེ་ལེགས་ངང་ཕེབས་འབྱོར་བྱུང་བར་ང་ཚོ་བོད་མི་ཙམ་མ་ཟད། འདིར་བཞུགས་འབྲེལ་ཡོད་རྒྱལ་ཁབ་ཕྱི་ནང་གི་གྲོགས་པོ་གྲོགས་མོ་མང་པོ་ཞིག་གིས་འཚམས་འདྲི་བྱེད་ཀྱིན་འདུག འོན་ཀྱང་གུས་པར་མཚོན་ན་བོད་མི་ཞིག་གི་གཟུགས་སུ་གྲུབ་པ་ལས། བོད་བསྟན་སྲིད་གྱི་དོན་དུ་ཞབས་ཞུ་གང་ཡང་བསྒྲུབས་མ་ཐུབ་མོད། འོན་ཀྱང་རྣམ་པ་ཚོས་བསྒྲུབས་དང་སྒྲུབ་བཞིན་པའི་རླབས་ཆེན་གྱི་མཛད་རྗེས་དེ་དག་ལ་བསམ་ཚེ། མིག་ནས་མཆི་མ་དབང་མེད་འཐོར་ཞིང༌། ཉིན་མཚན་དུས་དྲག་ཏུ་རྣམ་པ་ལྷན་རྒྱས་མཆོག་གི་སྙིང་སྟོབས་དང་མི་རིགས་ཀྱི་དོན་དུ་བློས་བཏང་བྱས་པའི་ལྷག་བསམ་སོགས་ལ་བསྔགས་བརྗོད་གྲངས་མེད་ཞུ་བཞིན་ཡོད། ཁྱེད་རྣམས་ཀྱིས་ཚེ་དང་སྲོག་གིས་དཔང་བོར་བྱས་ཏེ་བཞག་པའི་རླབས་ཆེན་གྱི་ཕྱག་རྗེས་དེ་དག་ནི་ད་སྐབས་བོད་མི་ཙམ་མ་ཟད་རྒྱལ་ཁབ་དང་མི་རིགས་གཞན་དག་གིས་ཀྱང་མིག་དཔེར་ལྟ་བུར་ཆགས་འདུག་པ་བཅས། རྔ་བ་བསོད་དེས།

    Reply
  20. བདེ་འབྱུང་ says:
    ལོ་ 16 སྔོན།

    དཔའ་བོ་རྣམས་ཀྱི་སྙིང་སྟོབས་ལ་རྗེས་སུ་ཡིད་རངས་ཡོད། དུས་བབ་ཀྱི་མགྱོགས་ཤིང་ཁུངས་དག་པའི་གསར་འགྱུར་ལ་དགའ་བསུ་ཡོད། ཉེ་ལམ་ནས་བཟུང་བཙན་བྱོལ་སྤྱི་ཚོགས་ཀྱི་གསར་འགྱུར་མགྱོགས་ཤོས་དང་ཡག་ཤོས་དེ་ཆགས་སོང་། རྩོམ་སྒྲིག་པ་དང་ལྷག་པར་གསར་འགོད་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ།

    Reply
  21. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    གྲྭ་པ་ཡིན་ན་ལྷོ་ཕྱོགས་རྒྱ་གར་ལྷོ་ཕྱོགས་དང་།།
    མི་སྐྱ་ཡིན་ན་གསོག་སྒར་སློབ་གྲྭ་ལས།།
    རྒྱལ་གཅེས་དཔའ་མོ་འགྲོ་ས་ཞིག།
    རང་རེའི་སྐྱབས་བཅོལ་གཞུང་འདིར་ཡོད་ལེ་མིན།།

    Reply
  22. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    སེམས་དང་བསམ་པའི་སྒོ་ནས་འཚམ་འདྲི་ཡོད། རྗེས་ཕྱོགས་ཀྱི་མི་ཚེ་ལ་འོད་སྟོང་འཕྲོ་བར་ཤོག དུས་བབ་ཚང་གི་གནས་ཚུལ་འདི་དྲ་ཐོག་འདིར་བཀོད་པ་ཐུགས་རྗེ་ཆེ། ད་ནི་ཁོང་ཚོ་གང་དུ་གནས་བཞུགས་བྱེད་མཁན་ཡིན་མིན་བསྐོར་སོགས་ཀློག་པ་པོ་དག་ལ་ངོ་སྤྲོད་རེ་གནང་ཐུབ་ན་ཡག་པོ་ཡོད་ས་རེད། ད་དུང་། ཁོང་ཚོ་ལ་དམིགས་གསལ་གྱིས་མདུན་པ་ག་རེ་ཡོད་མེད་བསྐོར་སོགས་བཅའ་འདྲི་བྱེད་ཐུབ་པ་ཡིན་ན་དེ་བས་རྒྱན་ཞིག་ཡིན་པར་འདོད། འདི་ནི་ང་རང་གི་ལྟ་ཚུལ་ཞིག་ཡིན་པས་ཡིན་གཅིག་མིན་གཅིག་ཡིན་དགོས་པའི་ངེས་པ་མེད་་པ་རེད།

    Reply
  23. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ཁ་བ་གངས་ཅན་གྱི་དཔའ་རྒོད་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས།
    སེམས་པའི་གཏིང་ནས་རྗེས་སུ་ཡི་རངས། དྲ་ཐོག་ནས་དཔའ་བོ་ཚོའི་འདྲ་པར་མཐོང་།
    དཔའ་བོ་ཚོའི་སྐད་ཆ་གོ། དཔའ་བོ་ཚོའི་སྙིང་སྟོབས་མཐོང་།
    དཔའ་བོའི་མཛད་རྗེས་ལ་ཡི་རངས་ཞུ་བ་དང་མཉམ་དུ། ངེད་ཀྱིས་ཅི་ཞིག་བྱེད་ཐུབ་བམ་ཞེས་བའི་དྲི་བ་ཞིག་སེམས་པའི་གཏིང་ལ་འཁོར།
    ངེད་ཀྱིས་ཅི་ཞིག་བློས་གཏོང་ཐུབ་བམ་ཞེས་བའི་དྲི་བ་ཞིག་སེམས་ལ་ཡང་ནས་བསྐྱར་དུ་འཁོར།

    འདི་དང་མཉམ་དུ་། དུས་བབ་ཀྱི་གསར་འགོད་པ་ཚོའི་ལྷག་བསམ་ལ་ཡང་རྗེས་སུ་ཡི་རངས་ཞུ། རྒྱུ་མཚན།
    དེ་རིང་སང་ཉིན་དུས་བབ་ཀྱི་གསར་འགྱུར་ཕ་ཡུལ་དྲ་རྒྱ་ལས་ཀྱང་མགྱོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese