མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་མར་དམག་སྦྱོང་།

བོད་ཀྱི་དུས་བབ།
༢༠༠༩/༠༥/༡༦
Share on FacebookShare on TwitterShare on EmailShare on Whatsapp

མཚོ་སྔོན་མི་རིགས་དགེ་ཐོན་སློབ་གྲྭ་སོགས་ཀྱི་སློབ་ཕྲུག་ཚོར་དམག་སྦྱོང་སྤྲད་ཡོད་འདུག

བོད་ཀྱི་དུས་བབ་ཟིན་བྲིས་པ་ཨ་རིག་དགེ་མཐོང་ལགས་ཀྱི་ཟིན་བྲིས་སུ་གནས་ཚུལ་སྤེལ་བ་ལྟར་ན།  ཆབ་ཆར་ཡོད་པའི་ལན་ཀྲོའུ་དམག་ཁུལ་གྱིས་གོ་སྒྲིག་བྱས་པ་བཞིན། སྤྱི་ཟླ་༤བའི་ཚེས་༡༡ཉིན་ནས་བཟུང་མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་དང་མི་རིགས་དགེ་ཐོན་སློབ་གླིང་། མཚོ་ལྷོ་ཡན་ལག་སློབ་ཁུལ་བཅས་ཀྱིས་ཐེངས་འདིའི་གཟའ་སྤེན་པ་དང་གཟའ་ཉི་མ་གཉིས་བེད་སྤྱད་ནས་གྲྭ་སྒྲིག་འཛིན་གྲྭ་དང་ཆེད་སྦྱོང་འཛིན་གྲྭ༨དང་འཛིན་གྲྭ་༩༼དར་མ་འཛིན་གྲྭའི༽སློབ་ཕྲུག་ཚོར་དམག་སྦྱོང་ཞིག་སྤྲད་ཡོད་འདུག་ལ། དམག་སྦྱོང་ལ་ཞུགས་པ་རྣམས་ལ་རིན་མེད་དུ་དམག་ལྭ་གསར་བ་ཆ་ཚང་རེ་བྱིན་པར་མ་ཟད། ད་དུང་དམག་སྦྱོང་སྐབས་ཉིན་རེར་རྒྱ་སྒོར་བཅུ་ཡི་གླ་ཕོག་ཀྱང་ཡོད་འདུག

དམག་སྦྱོང་གཙོ་བོ་ནི་དམག་ལྭ་གྱོན་ཞིང་ལག་ཏུ་དབྱུག་པ་དང་འགོག་སྲུང་ཡོ་ཆས་བཟུང་ནས་ཕ་རོལ་བོར་ཇི་ལྟར་རྒོལ་བ་དང་རང་ཉིད་སྲུང་ཐབས་བྱེད་པའི་ཐད་ལ་སྦྱོང་བརྡར་བྱེད་རྒྱུ་དེ་ཡིན་འདུག

 

 

 

 

 

 

 

 

 

 

 

 

 

 

 

 

 

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༩ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༡༡ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

མཆན། 9

  1. དོན་འགྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    བདག་གིས་སློབ་ཆེན་ལ་ཡིག་ཚད་གཏོང་རྒྱུར་གྲ་སྒྲིག་ཆེད་སྤྱི་ལོ་ ༡༩༩༨ ལོའི་སྟོན་ཁར་ནུབ་བྱང་མི་རིགས་སློབ་ཆེན་དུ་རྒྱུགས་གཞིའི་སྦྱོང་བརྡར་ཡིག་ཆ་འཚོལ་སྒྲུབ་བྱེད་དུ་བསྐྱོད་སྐབས། ཞོགས་པ་ཞིག་ལ་སློབ་མ་རྣམས་འཛིན་གྲྭ་འཚོགས་རྗེས་ང་གཅིག་པུ་སློབ་གྲྭའི་ཁོར་ཡུག་ལ་ལྟད་མོར་ལྟ་ཞོར་རྐང་རྩེད་སྤོ་ལོ་རྩེ་ཐང་ལ་ཕྱིན་པ་ཡིན། ཉིན་དེར་གཟའ་ཉི་མ་མིན་ཡང། གཟའ་ཉི་མ་བཞིན་སློབ་མ་མང་པོ་ཞིག་གིས་སྤོ་ལོ་རྩེ་བཞིན་འདུག་ལ། རྩེད་ཐང་དེའི་ཟུར་ཞིག་ཏུ་དམག་མི་བརྒྱ་སྐོར་ཞིག་གིས་དམག་སྦྱོང་བྱེད་ཀྱིན་འདུག་པ་མཐོང་སྐབས། ཨོ་་་་་ སློབ་ཆེན་འདིར་དམག་མིའི་སྡེ་ཁག་ཅིག་ཀྱང་ཡོད་ཚོད་འདུག་དྲན་བྱུང་།

    ངས་སྤོ་ལོ་ཡུན་ཙམ་ལ་རྩེས་རྗེས་སློབ་གྲྭའི་རིག་གནས་ཐང་ཆེན་བརྒྱུད་དེ་ཕྱིར་ཉལ་ཁང་དུ་ལོག་སྐབས། རིག་གནས་ཐང་ཆེན་དུའང་གོང་བཞིན་མི་སུམ་བརྒྱ་ཡས་མས་ཤིག་གིས་དམག་སྦྱོང་བྱེད་ཀྱིན་འདུག འོན་ཀྱང། རྐང་རྩེད་སྤོ་ལོ་རྩེད་ཐང་གི་དམག་ཁག་དེ་དང་མི་འདྲ་བར་དམག་ལྭ་གྱོན་མི་འདུག་ལ། སྐྲ་འཇོག་སྟངས་དང་ལྭ་གྱོན་སྟངས་ཀྱང་འདྲ་མིན་རེད། ལྷག་པར་དུ་ཕོ་མོ་མཉམ་བསྲེས་བྱས་ཡོད་དེས་ང་རང་དོགས་གནས་སུ་བསྐྱལ། དམག་སྦྱོང་སྤྲོད་མཁན་དགེ་རྒན་དག་གི་རྣམ་འགྱུར་ཧ་ཅང་གྲུང་ཤ་དོད་པོ་ཡིན་ཡང་། སློབ་མ་ཚོར་དེ་ཙམ་དོ་སྣང་མི་འདུག་ལ། རེ་ཟུང་གི་གདོང་ལ་འདོད་པ་མེད་པའི་མདངས་ཤིག་ཀྱང་མངོན་འདུག

    ངས་ཁོང་ཚོའི་འགྲམ་དུ་ངལ་གསོ་བརྒྱབས་ཡོད་པའི་མི་ཞིག་ལ་སྐད་ཆ་དྲིས་སྐབས། ང་ཚོ་དམག་མི་མ་རེད། སློབ་མ་གསར་བ་རེད། སློབ་ཞུགས་གསར་བ་ཚང་མས་དམག་སྦྱོང་བྱ་དགོས་པ་རེད་ཟེར། ཡང་ཁོང་ལ་ཕར་ཕྱོགས་སྤོ་ལོ་རྩེད་ཐང་གི་དེ་ཚོ་དམག་མི་ཡིན་མིན་དྲིས་པར། དེ་དག་ཀྱང་དམག་མི་མ་རེད། ང་ཚོ་ལས་ཅུང་རྙིང་བའི་སློབ་མ་རེད། ཅེས་ལན་བཏབས་སོང་། སྐབས་དེར་ངའི་སེམས་སུ་མའོ་ཙི་ཏུང་གི་གསུང་དུམ་ཞིག་གློ་བུར་དུ་དྲན། ༼ང་ལ་མི་གྲངས་དུང་ཕྱིར་བཅུ་གཉིས་ཡོད་ལ། རྒྱལ་ཁབ་ཛ་དྲག་གི་སྐབས་སུ་དམག་མི་དུང་ཕྱིར་བཅུ་གཉིས་ཡོད།༽ ཟེར་བ་འདི་རེད།

    Reply
  2. བ྄ློ་བཟང་མཁྱེན་བར྄ྩེ། says:
    ལོ་ 17 སྔོན།

    ཚོད་དཔག་གི་སྐད་ཆ་བྱུང་རྒྱལ་དུ་བཤད་ཆོག་ས་ཞིག་ལ་ང་ཚོའི་མཆན་བུ་འདེབས་མཁན་རྣམས་འཚང་ཁ་ཤིག་ཤིག་རེད།་་འདི་ནི་དོན་ལ་གཞོལ་མིན་ལ་ལྟ་མི་དགོས་པས་ལོས་ཡིན།་དེའི་སྟེང་ལ་རང་ཉིད་ཀྱིས་ཕྱོགས་གང་ས་ནས་སྣ་ཐོས་རྒུན་འབུ་བཏུས་ཏེ་དེ་དག་འབྱོར་ན་མི་འབྱོར་ན་བཙན་སྦྱོར་བྱེད།་ཅི་འདྲའི་ཆོ་མེད་པ་ལའངངངངངང

    Reply
  3. ཞབས་དྲུང་ངག་དབང་རྣམ་རྒྱལ། says:
    ལོ་ 17 སྔོན།

    འདིའི་ཐད་ངས་བཟང་ཆ་ངན་ཆ་གཉིས་ཀ་བརྗོད་ཐུབ་ཀི་མི་འདུག
    སྤྱིར་བཏང་དམག་སྦྱོང་བྱེད་དགོས་པ་གལ་ཆེན་རེད། ལྷོ་ཀོ་རི་ཡ་ལྟ་བུར་མཚོན་ན། གཞི་རིམ་སློབ་གྲྭ་ཐོན་རྗེས་བུ་ཚང་མ་ངེས་པར་དམག་སྦྱོང་དུ་ཞུགས་དགོས། གཞི་རིམ་སློབ་གྲྭའི་ནང་ལ་ཡང་དམག་སྦྱོང་སྤྲོད་ཀྱི་འདུག
    རྒྱ་གར་གྱི་གཞི་རིམ་སློབ་གྲྭ་ཁག་ཏུའང་དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་བརྒྱད་ཅུའི་ནང་དམག་སྦྱོང་སྤྲད་པ་རེད། དེང་སྐབས་ཀྱང་སྤྲོད་ཀི་ཡོད། སྤྲོད་སྟངས་ལ་འགྱུར་བ་སོང་འདུག
    རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིར་ཆ་བཞག་ནའང། འཛིན་རིམ་བཅུ་གཉིས་ཐོན་རྗེས་བརྒྱ་ཆ་གཏན་འབེབས་ལྟར་མ་ལོངས་པ་༼བུ་ཁོ་ན་མ་གཏོགས་བུ་མོ་འགྲོ་མི་དགོས་༽རྣམས་ངེས་པར་ལོ་གསུམ་རིང་དམག་སྒར་དུ་འགྲོ་བཞིན་ཡོད་པ་རེད།
    དམག་སྦྱོང་འདི་རིགས་ཀྱིས་སློབ་ཕྲུག་གི་ལུས་པོའི་བདེ་ཐང་ལ་ཏན་ཏན་ཕན་གྱི་འདུག་པར་མ་ཟད། ཛ་དྲག་གི་གནས་ཚུལ་བྱུང་དུས་རང་སྲུང་བྱེད་སྟངས་ཤེས་ཀྱི་རེད། རྒྱལ་ཁབ་ཅིག་གི་ཆ་ནས་བཤད་ན། ཛ་དྲག་གི་དུས་སྐབས་སུ་འདི་དེ་བས་ཀྱང་གལ་ཆེན་པོ་རེད།
    འོན་ཀྱང་རྒྱ་ནག་གཞུང་གི་དམིགས་ཡུལ་གཞན་ཞིག་བཅངས་ཡོད་ཚེ་བཤད་དཀའ་བ་ཞིག་རེད།

    Reply
  4. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    ཁ ཤས་ཀྱིས་འདིའི་དམིགས་ཡུལ་ངོས་ཟིན་གྱིན་མེད་པ་འདྲ། རྒྱ་རྒན་ཚང་གིས་སློབ་བུ་འདི་ཚོ་ལ་ངེས་པ་དོན་གྱིས་ཤ་ཚ་སྲིད་དམ།

    Reply
  5. བསེ་རུ། says:
    ལོ་ 17 སྔོན།

    དམག་སྦྱོང་སྤྲོད་རྒྱུ་དེ་ཡག་པོ་རེད་ཅེས་བརྗོད་ཐལ་མ་གནང་རོགས།
    སློབ་མ་ཚོ་ཤེས་ཡོན་སློབ་སྦྱོང་ཡར་རྒྱས་གཏོང་རྒྱུར་ཐབས་ལམ་འདྲ་མིན་བེད་སྤྱོད་བཏང་ནས་ཤུགས་རྒྱག་དགོས་པ་རེད་མ་གཏོགས།
    དམག་སྦྱོང་འདི་གཡོ་སྒྱུའི་ཐབས་ལམ་ཞིག་ཡིན་པ་མ་ཟད།
    ཐབས་ལམ་དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ཅི་ཞིག་ཡོད་མེད་དེ་བརྟག་དགོས་པ་རེད།
    སྔོན་མ་ལོ་ངོ་མི་ཉུང་བ་ཞིག་གི་རིང་ལྷ་ས་ཁུལ་གྱི་བཙོན་ཁང་ནང་གི་བཙོན་་ཡོངས་རྫོགས་ལ་ཡང་དམག་སྦྱོང་དེ་ལྟ་བུ་སྦྱོང་བརྡར་བྱེད་དུ་བཅུག་སྟེ། བཙོན་པ་ཚོཉིན་འཁྱོལ་ཡང་མཚན་མི་འཁྱོལ། མཚན་འཁྱོལ་ཡང་ཉིན་མི་འཁྱོལ་བའི་གནས་སྟངས་ཤིག་ཆགས་པ་མ་ཟད།
    བཙོན་པ་མི་ཉུང་བ་ཞིག་དམག་སྦྱོང་སྤྲོད་སྐབས་རྡུང་རྡེག་བཏང་ནས་རྐྱེན་འདས་སུ་སོང་བ་ཡང་བྱུང་ཡོད།
    དེ་ཚོ་ཡག་རྟགས་ཤིག་རེད་དམ།

    Reply
  6. བ྄ློ་བཟང་མཁྱེན་བར྄ྩེ། says:
    ལོ་ 17 སྔོན།

    ངས་བལྟས་ན་ར་དེ་འདྲ་ཞིག་རེད། གལ་སྲིད་རྗེས་ཕྱོགས་ན་ནིང་གི་དེ་འདྲའི་ངོ་རྒོལ་ཞིག་བྱས་ཚེ། སློབ་མ་འདི་ཚོ་སྔོན་ལ་ཕུད་དེ་བོད་མི་ཚོར་རྡུང་མཁན་ཆགས་རྒྱུ་རེད་བསམ་ནས་སེམས་འཁྲལ་ཞིག་ངང་གིས་ཡོང་གི་ བྱེད་སྟངས་འདི་ཚོར་ཅི་བྱས་ན་བསང་གི་རེད། འདྲ་པར་འདི་ཚོ་མཐོང་དུས་སྙིང་ན་ཡོང་གི་འདུག

    Reply
  7. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    འདི་ཡག་རྟགས་ཤིག་མ་རེད། སྔོན་མ་རིག་གནས་གསར་བརྗེའི་སྐབས་བཞིན་དུ་བོད་མིས་བོད་པ་གསོད་པ་བོད་མིས་བོད་པ་རྡུང་དུ་འཇུག་པའི་གྲ་སྒྲིག་རེད། བོད་རང་སྐྱོངས་ལྗོངས་ཀྱི་ས་ཁུལ་མང་པོར་ཡང་ཡུལ་དམག་བསྡུ་སྐོང་གི་ལས་འགུལ་སྤེལ་བཞིན་ཡོད་ཚུལ་ཐོས། ལུས་ཀྱི་དམག་སྦྱོང་གཅིག་པོས་ག་ལ་ཚད། སེམས་ཁམས་ལ་རྒྱའི་རྗེས་སུ་འབྲངས་དགོས་པའི་སློབ་སྦྱོང་ག་ཚོད་མང་པོ་ཞིག་སྤྲོད་ཀྱིན་མེད་དམ།

    Reply
  8. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    དམག་སྦྱོང་སྤྲད་པ་འདི་ཡག་པོ་རེད།
    བོད་ནང་གི་བོད་རིགས་སྤུན་ཟླ་རྣམས་ལ་རྒྱ་ནག་གི་མེ་སྒྱོགས་དང་མེ་མདས་ཀྱང་གཏོར་མི་ཐུབ་པའི་ནང་བསམ་བློའི་གོ་ཆ་བརྟན་པོ་ཞིག་ཡོད་པར་མ་ཟད་བསམ་བློའི་གོ་ཆ་དེ་ལོ་རེ་ནས་ལོ་རེར་ཇེ་མཁྲེགས་ལ་འགྲོ་བཞིན་ཡོད། འོན་ཀྱང་། ད་ཕན་ལུས་ཀྱི་གོ་ཆ་བརྟན་པོ་ཞིག་མེད། དེར་བརྟེན། བོད་མི་ཉམ་ཆུང་རྣམས་ལ་རྒྱ་ནག་གི་དམག་མི་ཚོས་རྡུང་རྡེག་རབ་དང་རིམ་པ་གཏོང་བཞིན་ཡོད། དེ་ནས་བོད་རིགས་སློབ་ཆེན་པ་དག་གིས་ཀྱང་དམག་སྦྱོང་བྱས་ཏེ་ཕ་རོལ་བོར་ཇི་ལྟར་རྒོལ་བ་དང་རང་ཉིད་ཇི་ལྟར་སྲུང་ཐབས་ཤེས་བ་ཡིན་ན།
    རྗེས་མ་རྒྱ་ནག་གི་དམག་གི་རྣམས་ཀྱི་རྩ་ནས་ཚུར་ཉེས་རྡུང་གཟད་་མ་དགོས་བར་ཕར་ལ་ཡང་རྒོལ་ཐུབ་པའི་རེ་བ་ཡོད། བོད་དམག་གཅིག་གིས་རྒྱ་དམག་བཅུ་གྲངས་ལ་རྒོལ་ཐུབ་པའི་རེ་བ་ཡོད།

    Reply
  9. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ད་ལོ་རྒྱ་ནག་འདི་པ་ཚང་གིས་བོད་མི་ཚོར་དྲག་སྤྱོད་བྱེད་སྟངས་ཚུར་འཁྲིད་དེ་བོད་མི་གཞོན་སྐྱེས་དག་གི་ངར་ཤུགས་ཁོང་ཁྲོ་དང་འགྲོག་ནས་དྲག་སྤྱོད་བྱེད་ཐབས་འདིའི་ལམ་ལུགས་ཤིག་་ལ་བརྟེན་ནས། ནམ་ཞིག་བོད་པ་འདི་ཚོ་ཡང་འཚེ་བའི་ལས་སུ་ཞུགས་བཞིན་འདུག་ཟེར་ནས་འཛམ་གླིང་མི་མང་ལ་བསྒྲགས་ཆེད་དུ་འཆར་གཞི་འདི་ལག་ལེན་བསྟར་བཞིན་ཡོད་པ་མ་ཟད། ༧གོང་ས་མཆོག་གི་ནམ་རྒྱུན་དུ་བོད་མི་མང་གིས་འཚེ་མེད་ཞི་བའི་ལམ་ཁོ་ན་བརྟེན་བཞིན་ཡོད་ཟེར་བ་དེའི་རྒོལ་ལན་སྤྲོད་བཞིན་ཡོད་པ་བཅས་རེད་ཟེར་ནས་ཐག་གཅོད་བྱེད་ཆོག་པ་ཞིག་ཡིན། ད་ནི་དངོས་ནས་བོད་པ་ཚང་གི་གཞོན་སྐྱེས་དག་གིས་གཟབ་གཟབ་མ་བྱས་པ་ཡིན་ན། དངོས་ནས་བོད་མི་མང་དྲག་པོའི་ལམ་དུ་འཁྲིད་རྩིས་ཀྱི་འཆར་གཞིའི་འདི་བརྒྱུད་དེ་བོད་པ་ཚང་ཚར་གཅོད་གཏོང་འདོད་ཀྱི་ལམ་ཁར་ཞུགས་པ་མ་རེད་དམ་སྙམ་ཞོར་སེམས་ལ་སྐྱོ་སྣང་རང་དབང་མེད་པ་ཞིག་སྐྱེ་སོང་། དྲ་གྲོགས་ཚོ་ཁྱེད་ཅག་གིས་འདི་ལྟར་བསམ་བཞིན་ཡོད་དམ། ཡང་ན། ཁོང་ཚོ་ལ་བསླབ་བཞིན་པའི་དྲག་པོའི་སློབ་སྤྱོང་དེ་བསླབ་པ་ཡག་པོ་རེད་དྲན་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese