མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་ཐོག་འཛིན་པའི་སྲིད་བྱུས་གསར་པའི་ཡིག་ཆ།

བོད་ཀྱི་དུས་བབ།
༢༠༠༩/༠༥/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༢༠ ཉིན་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གི་བར་མཐོ་རིམ་ཚོགས་འདུ་སྐོང་འཆར་གྱི་སྐབས་འདིར། བྷུ་རུ་སེལ་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྲིད་ཇུས་གསར་བའི་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་ཡོད་པ་དང་། དེའི་ནང་ཡུ་རོབ་མཐུན་ཚོགས་ཀྱིས་བོད་དོན་ཐད་ལངས་ཕྱོགས་གསར་བ་དང་བརྟན་པོ་འཛིན་དགོས་པའི་འབོད་སྐུལ་གནང་ཡོད་འདུག

ཕྱི་ཚེས་ ༡༨ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྲིད་ཇུས་གསར་པའི་ཡིག་ཆ་དེ་འགྲེམས་སྤེལ་བྱས་ཡོད་པ་དང་། ཡིག་ཆ་གསར་བ་དེ་ནི་ཟླ་འདིའི་ཚེས་ ༢༠ ཉིན་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབུས་གཞུང་གི་བར་དུ་ཚོགས་འདུ་ཆེན་པོ་ཞིག་འཚོགས་འཆར་ཡོད་པ་དེར་དམིགས་ཏེ།  རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་ཀྱི་གནད་དོན་འདིས་ཡུ་རོབ་དང་རྒྱ་ནག་གཞུང་གི་འབྲེལ་བ་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཀྱིན་ཡོད་སྟབས། ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་བོད་དོན་ཐད་ལངས་ཕྱོགས་གསར་བ་ཞིག་དང་བརྟན་པོ་ཞིག་འཛིན་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག སྔར་ལོའི་སྤྱི་ཟླ་ ༡༢ བའི་ནང་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་ཚོགས་ཆེན་དེ་འཚོགས་ཐུབ་མེད་པ་དང་། དེ་ནི་སྐབས་དེའི་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ཧྥ་རན་སིའི་སྲིད་འཛིན་སར་ཁོ་རྫི་མཆོག་དང་༧གོང་ས་མཆོག་མཇལ་འཕྲད་གནང་བར་རྒྱ་ནག་དབུས་གཞུང་མ་དགའ་བའི་རྣམ་འགྱུར་གྱིས་ཚོགས་ཆེན་དེ་ནས་ཕྱིར་འཐེན་བྱས་པ་རེད། དེ་ནས་བཟུང་རྒྱ་ནག་གིས་ཡུ་རོབ་རྒྱལ་ཁབ་ཁག་གི་མགོ་ཁྲིད་དང་སྲིད་གཞུང་གི་མི་སྣ་ཚོ་༧གོང་ས་མཆོག་དང་མཇལ་འཕྲད་གནང་བར་བཀག་འགོག་དང་། གསར་ལམ་ཁག་ཏུ་རྒྱལ་ཁབ་སུ་ཞིག་གིས་༧གོང་ས་མཆོག་དང་འབྲེལ་བ་བྱུང་ན་རྒྱ་ནག་གིས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཚུལ་བསྒྲགས་ཡོད།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་མཐུན་ཚོགས་ཀྱི་སྲིད་བྱུས་འགན་འཛིན་པ་ཝེན་སེན་ཌི་མི་ཌན་གྱིས། སྔ་ལོར་རྒྱ་ནག་གིས་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་ཚོགས་ཆེན་མེད་པར་གཏོང་དོན་ནི་ཕྱོགས་གཉིས་ཆར་བོད་དོན་འདི་འབྲེལ་བ་ཆགས་ཡོད་པ་དང་། ཕྱོགས་གཉིས་ཀས་བོད་དོན་འདི་གལ་ཆེན་པོར་བཟུང་བས་རེད། རྒྱ་ནག་གིས་བོད་ཀྱི་གནད་དོན་ལ་འབྲེལ་བ་ཆགས་མ་དགོས་པ་བྱེད་ཀྱིན་ཡོད་པ་དང་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་བོད་དོན་ལ་འགན་བླངས་པས་རེད། བོད་དོན་ཐད་གནད་དོན་མང་པོ་ཞིག་གླེང་སློང་འབྱུང་གི་ཡོད་པའི་རྐྱེན་གྱིས་རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་ཀྱི་འབྲེལ་ལམ་ལ་འགག་རྐྱེན་ཡོང་གི་ཡོད། བོད་དོན་འདི་རྒྱ་ནག་གི་དཀའ་ངལ་ལ་ཆགས་ནས་ལོ་ངོ་ ༥༠ འགོར་གྱིན་ཡོད་པ་དང་འབྱུང་འགྱུར་བཀའ་ངལ་འདི་སེལ་ཆེད་ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་བོད་ཕྱོགས་གཉིས་ཀར་ཁེ་ཕན་ལྡན་པའི་ལངས་ཕྱོགས་གསར་བ་ཞིག་དང་བརྟན་པོ་ཞིག་འཛིན་དགོས་ཞེས་གསུངས་ཡོད་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྲིད་ཇུས་གསར་བའི་ཡིག་ཆ་དེའི་ནང་དུ་ཡུ་རོབ་མཐུན་ཚོགས་ཀྱིས་ཡུ་རོབ་ཁག་ཏུ་༧གོང་ས་མཆོག་ཕེབས་ཐུབ་པར་རྒྱ་ནག་གི་གནོན་ཤུགས་དང་ཐེ་གཏོགས་མི་ཡོང་བར་འབོད་སྐུལ་ཞུ་དགོས་པ་དང་། ལག་ལེན་དངོས་ཀྱི་ཁྲོད་རྒྱ་བོད་ཞི་མོལ་ཡོང་བར་འབད་བརྩོན་གནང་དགོས་པ། དེ་བཞིན་རྒྱ་ནག་གིས་བོད་ཐོག་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པའི་འབོད་སྐུལ་ཞུ་དགོས་པ། བོད་དོན་ཐད་རྒྱལ་སྤྱིའི་ཚོགས་སྡེ་གཞན་གྱི་རྒྱབ་སྐྱོར་དང་མཉམ་འབྲེལ་ཡོང་བར་འབད་བརྩོན་གནང་དགོས་པ་སོགས་ཀྱི་དགོས་འདུན་བཏོན་ཡོད་འདུག་ལ། སྲིད་ཇུས་གསར་པའི་ཡིག་ཆ་འདི་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་། ཡུ་རོབ་སྲིད་དོན་ལྷན་ཁང་གི་ཚོགས་གཙོ། ཡུ་རོབ་མཐུན་ཚོགས་ཀྱི་ཆེས་མཐོའི་ཚན་པའི་ཕྱི་འབྲེལ་སྤྱི་ཁྱབ་ལྷན་ཁང་དང་བདེ་འཇགས་སྤྱི་ཁྱབ་ལྷན་ཁང་སོགས་སུ་ཕུལ་ཡོད་འདུག 

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༩ སྔོན་ལ།
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

མཆན། 2

  1. སྦྲ་དཔལ་ལྡན། says:
    ལོ་ 17 སྔོན།

    ང་ཚོའི་ཡོ་རོབ་མཐུན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་བལྟས་ནས་བསྡད་པ་ཡིན་ན། ང་ཚོའི་ཤ་ཟད་རུས་པ་ཐུག་རྒྱུ་ལས་ཡོད་པ་མ་རེད།

    Reply
  2. མི་ནག says:
    ལོ་ 17 སྔོན།

    ཡུ་རོབ་མཐུན་ཚོགས་ཟེར་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཟེར་བ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཟེར་བ་སོགས་ལ་ཁྱི་སྐྱག་གི་དབང་ཡང་ཡོད་པ་མ་རེད། བོད་རང་ཉིད་རྒྱའི་ཁོག་གི་དྲག་མེད་གཅུང་ནད་ཅིག་བྱེད་ན་དེས་འགྲིག་པ་རེད་ལ་དེ་ལས་ལྷག་ཅིག་ང་ཚོར་འཐོབ་རྒྱུ་ཡོད་པ་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese