མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྭ་རྒྱ་དགོན་པར་མུ་མཐུད་དམ་དྲག

བོད་ཀྱི་དུས་བབ།
༢༠༠༩/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp
རྭ་རྒྱ་དགོན་པར་མུ་མཐུད་ཆབ་སྲིད་སློབ་གསོ་སྤེལ་བཞིན་པ་མ་ཟད། གྲྭ་བ་གསུམ་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག
ཕྱི་ཚེས་ ༢༡ ཉིན་སེ་ར་དགོན་པའི་གྲྭ་རྭ་རྒྱ་བློ་དབང་ལགས་ཀྱིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་བ་ལྟར་ན། འདིའི་སྔོན་མདོ་སྨད་རྭ་རྒྱ་ཁུལ་དུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་བྱུང་བ་ནས་ད་བར། ཉིན་རེ་བཞིན་གནས་སྟངས་ཧ་ཅང་ཛ་དྲག་ཏུ་སོང་བ་མ་ཟད། ཆབ་སྲིད་ཀྱི་གནད་དོན་གང་ཡང་མེད་པར་རང་གི་ཁྱིམ་མི་ཚུན་ཆད་ལ་ཁ་པར་བཏང་ནའང་། རྒྱ་གཞུང་གིས་ལམ་སང་འདྲི་རྩད་དང་བསུན་བཙུར་བྱེད་ཀྱིན་ཡོད་སྟབས། ད་བར་ཕ་ཡུལ་ཕྱོགས་སུ་འབྲེལ་གཏུགས་མང་བོ་བྱེད་མ་ཐུབ་པར་ལྷག་སོང་མོད། དེ་རིང་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། མདོ་སྨད་རྭ་རྒྱ་དགོན་པར་རྒྱ་གཞུང་གིས་ལས་བྱེད་མི་སྣ་ཉི་ཤུ་ལྷག་གཏན་སྡོད་ཀྱིས་གྲྭ་བ་རྣམས་ལ་ཆབ་སྲིད་སློབ་གསོ་སྤེལ་མུས་ཡིིན་པ་མ་ཟད། འདི་ལོའི་བོད་ཟླ་ ༤ ཚེས་ ༡༣ ནས་ ༡༥ བར་གྱི་ཤིང་སློང་མགོ་འཛུགས་མ་བྱས་གོང་རྒྱ་གཞུང་གིས་གྲྭ་བ་རྣམས་ལ་རྒྱ་ནག་གི་ཆབ་སྲིད་རྩ་ཁྲིམས་སྐོར་གྱི་ཡིག་རྒྱུགས་ཤིག་བཏང་ཡོད་ནའང་། ཤིང་སློང་གྲོལ་རྗེས་གྲྭ་པ་རྣམས་ཀྱི་ཡིག་རྒྱུགས་ཡག་པོ་འཕྲོད་མེད་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་གཏོང་དགོས་སྐོར་ཁྱབ་བསྒྲགས་བྱས་པ་མ་ཟད། དེ་སྔོན་ཉིན་བཅུ་ནས་བཅོ་ལྔའི་བར་གྱི་གུང་སེང་དུ་འགྲོ་ཆོག་པར་བརྗོད་ཡོད་ཀྱང་། གློ་བུར་དུ་དུས་ཚོད་ལ་འགྱུར་ལྡོག་བཏང་སྟེ། ཆབ་སྲིད་སློབ་གསོའི་ལས་འགུལ་སྤེལ་མགོ་བརྩམས་པ་དང་། གལ་སྲིད་གྲྭ་བ་རྣམས་ཀྱིས་རྗེས་ཕྱོགས་བོད་དོན་ཆེད་ལས་འགུལ་གང་ཡང་མི་སྤེལ་བའི་ཁས་ལེན་དང་ས་རྟགས་མ་བརྒྱབ་ཚེ། མུ་མཐུད་ཕྱི་ཟླ་ ༨ བར་ཆབ་སྲིད་སློབ་གསོའི་ལས་འགུལ་རྒྱུན་འཁྱོངས་དང་། གཅིག་བྱས་ན་དེ་བས་ཀྱང་དུས་ཚོད་འཕར་འགྱང་གིས་ལས་འགུལ་སྤེལ་དགོས་སྐོར་བརྗོེད་ཡོད་འདུག
དེ་སྔོན་མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་ཁང་གི་མཐོ་རིམ་དཔོན་རིགས་ཁག་ཅིག་རྭ རྒྱ་དགོན་པར་ཡོང་སྟེ། ཚོགས་འདུ་ཞིག་བསྡུས་སྐབས་། རྭ་རྒྱ་དགོན་འབྲོག་གི་མི་མང་ཚོས་ཞི་བའི་ལས་འགུལ་སླེལ་བ་དེ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བར་ངོས་འཛིན་གྱི་མིན་པས། ཐེངས་འདིར་ཁྱེད་རང་ཚོས་ངོས་ནས་ཀྱང་སེམས་སྟེང་གི་སྐད་ཆ་དག་མ་གསང་བར་དྲང་མོར་ཤོད་ཅེས་བརྗོད་འདུག་ལ། སྐབས་དེར་དགོན་པའི་བླ་གྲྭ་ཁག་ཅིག་གིས། དེང་སྐབས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཡག་པོ་མེད་ཐོག གྲྭ་བ་ལ་གྲྭ་བའི་འདུ་ཤེས་དང་རྒྱ་ནག་གི་འབངས་མི་ཞིག་གི་འདུ་ཤེས་ཕར་ཟད། མིའི་འདུ་ཤེས་ཀྱང་འཛིན་གྱི་མེད་པར་མིག་ནང་གི་ཚེར་མ་རུ་གྱུར་ཡོད་པས། གནད་དོན་འདི་གཞུང་ཕྱོགས་ནས་ལེགས་བཅོས་བྱ་དགོས་པ་མ་ཟད། ༸གོང་ས་མཆོག་བོད་དུ་གདན་འདྲེན་བྱ་དགོས། དེ་ནི་བོད་མིའི་སེམས་སྟེང་གི་མངོན་འདོད་དེ་ཡིན་པས་ཇི་ལྟར་བཀག་ཀྱང་ཁོག་གི་མ་རེད་ཅེས་བརྗོད་འདུག
ཡིན་ནའང་། དགོན་པར་ཆབ་སྲིད་ཀྱི་སློབ་གསོ་སྤེལ་མགོ་བརྩམས་པ་ནས་ད་བར་གྲྭ་བ་ཁག་ཅིག་ཆབ་སྲིད་ཀྱི་དོགས་གཞིའི་འོག་བཀག་སྐྱིལ་དང་འདྲི་རྩད་བྱེད་བཞིན་པ་མ་ཟད། ཕ་ཡུལ་ཐུན་ཏེ་མགར་རྩེ་ནས་ཡིན་ཞིང་རྭ་རྒྱ་དགོན་དུས་འཁོར་གྲྭ་ཚང་གི་གྲྭ་ཡར་འཕེལ་བཟང་བོ་དང་བློ་གྲོས། ཕ་ཡུལ་ཇ་སག་སྡེ་བའི་ཡིན་ཞིང་རྭ་རྒྱ་དགོན་དུས་འཁོར་གྲྭ་ཚང་གི་ངག་དབང་བཟང་བོ་བཅས་བཟུང་འདུག
དེང་སྐབས་རྒྱ་གཞུང་གིས་རྭ་རྒྱ་དགོན་པའི་གྲྭ་བ་རྣམས་ཀྱིས་ཆབ་སྲིད་ཀྱི་ལས་འགུལ་གང་ཡང་མ་སྤེལ་བར་རྒྱ་ནག་གི་རྩ་ཁྲིམས་ལ་སློབ་སྦྱོང་དང་འགྲོ་ཤེས་འདུག་ཤེས་བྱས་ཚེ། རྭ་རྒྱ་དགོན་པར་རྒྱ་སྒོར་ཁྲི་མང་བོས་འགྲོ་སོང་བཏང་སྟེ། དགོན་པ་ཡར་རྒྱས་གཏོང་རྒྱུ་དང་གྲྭ་མང་གི་འཚོ་བ་ལེགས་བཅོས་བཅས་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག་ནའང་། དགོན་པའི་བླ་གྲྭ་སུ་གཅིག་གིས་ཀྱང་དངུལ་གྱི་རོགས་དངུལ་བླངས་ཏེ་ཆབ་སྲིད་ཀྱི་ལས་འགུལ་མི་སྤེལ་རྒྱུའི་རྒྱ་གཞུང་གི་དགོས་འདུན་དེར་ཁས་ལེན་གང་ཡང་བྱས་ཡོད་མི་འདུག

                 དེ་མིན་མི་མང་གིས་འདིའི་སྔོན་བཟུང་བའི་གྲྭ་བ་དང་མི་སྐྱ་རྣམས་གློད་གྲོལ་ཡོང་བར་འབོད་སྐུལ་བྱེད་བཞིན་འདུག་ཀྱང་ད་བར་སུ་གཅིག་ཀྱང་གློད་གྲོལ་བཏང་མེད་འདུག  ད་ལྟའི་བར་དངོས་སུ་འཛིན་བཟུང་བྱས་པའི་བརྡ་ཐོ་འབྱོར་བའི་མི་བཅུ་གསུམ་བྱུང་ཡོད་ལ། གཞན་མང་བོ་ཞིག་དུས་ཚོད་ངེས་མེད་ཀྱིས་བཀག་སྐྱིལ་དང་འདྲི་རྩད་སྣ་ཚོགས་བྱས་རྗེས་གློད་ཡོད་ནའང་། ནམ་འབོད་འགུགས་བྱས་ན་འགྲོ་དགོས་ཀྱི་ཡོད་འདུག 

 

གསལ་བཤད།

འདྲ་པར་དང་བོ། གྲྭ་ཡར་འཕེལ་བཟང་བོ།

འདྲ་པར་གཉིས་པ། གྲྭ་ངག་དབང་བཟང་བོ།

འདྲ་པར་གསུམ་པ། གྲྭ་བློ་གྲོས་དོན་ཡོད།

འདྲ་པར་བཞི་བ། དེ་སྔོན་ཕྱི་ཟླ་གསུམ་པའི་ནང་བཟུང་བའི་གྲྭ་བློ་དར་ལགས་བཅས་ཡིན།

 

འབྲེལ་ཡོད་གསར་འགྱུར།

NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

སྐར་མ ༡༠ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡

མཆན། 1

  1. གནས་ཚང་། says:
    ལོ་ 17 སྔོན།

    ར་རྒྱ་དགོན་པ་འདི་མདོ་སྨད་ཀྱི་རུ་འདྲེན་ལྟ་བུ་ཞིག་ཆགས་ཀྱི་འདུག དེ་བས།གནས་སྟངས་ཀྱང་ཛ་དྲག་ཆགས་ཀྱི་འདུག ཚང་མ་ལོས་དོ་སྣང་དང་གནས་ཚུལ་བསྡུ་སྒྲུག་བྱེད་འོས་པར་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese