མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ཡུལ་དུ་ལོག་དགོས་བྱུང་།

བོད་ཀྱི་དུས་བབ།
༢༠༠༩/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

ངས་རང་གིི་ཕ་མ་གཉིས་ལོ་ལོན་རྒན་རྒོན་ཡིན་པ་དང་གཉོར་སྐྱོང་བྱ་མཁན་མེད་པ་ཤེས་བཞིན་དུ། འདི་ལྟར་ས་མཐའ་ནས་བལྟས་བསྡད་པ་ཡིན་ན་སློབ་སྦྱོང་ཇི་འདྲ་བྱས་ཀྱང་ཕན་པ་ཅི་ཡང་མི་འདུག་ཟེར། 

    དུས་རྟག་ཏུ་དྲན་གདུང་གི་ཁྲོད་ན་འཚོ་བ་ནི་བྱེས་འབྱོར་བ་ཚོ་རེད་ལ། དུས་ནམ་ཡང་རེ་སྒུག་གི་ཁྲོད་འཚོ་བ་ནི་གཞིས་སུ་ལུས་པའི་ཕ་མ་ཚོ་རེད། མི་ལོ་ལྔ་བཅུའི་དུས་ཡུན་དེའི་ཁྲོད་བྱེས་འབྱོར་བ་ཚོས་ཕ་མ་དང་སྤུན་ཟླའི་ཆེད་རང་ཉིད་ཀྱི་སློབ་སྦྱོང་དང་མ་འོངས་མདུན་ལམ་བློས་གཏོང་གིས་ཕྱིར་གངས་རི་བརྒྱུད་དེ་སྲོག་ཤོར་བའང་གང་མང་ཡོད་སྟབས། ཁོ་རང་ལྟ་བུའི་ལོ་ཆུང་ཞིག་ཕྱིར་རང་ཡུལ་དུ་ལོག་ཀྱང་ད་ལྟའི་དུས་འདིར་ཕ་མར་བདག་སྐྱོང་བྱ་རྒྱུ་ཕར་ཞོག་ཐ་ན་ཐུག་འཕྲད་བྱ་ཐུབ་མིན་ཡང་བཤད་དཀའ་བའི་གནས་ཡིན་ནའང། ཕ་མ་དང་བུ་ཕྲུག་གི་བརྩེ་བ་ཟབ་མོ་དེས་ཡོད་ཚད་བློས་གཏོང་གིས་ཆས་བཞིན་པའི་སྙིང་སྟོབས་ནི་བསྔགས་བརྗོད་ཀྱི་གནས་ཤིག་རེད་བསམ་བྱུང་།

    ཕྱི་ཚེས་ ༡༧ ཉིན་འདི་གའི་གསར་འགོད་པ་ངྷ་ས་དབུས་སྣེ་ལེན་ཁང་དུ་སོང་བ་ཡིན་ལ། ཕོའི་ཉལ་ཁང་དུ་གསར་འབྱོར་བ་མང་པོ་ཞིག་སླེབས་འདུག མི་ཁ་ཤས་ཤིག་མཉམ་དུ་ཁ་བརྡ་བྱེད་བཞིན་བསྡད་འདུག  ཉལ་ཁང་གི་སྒོ་འགྲམ་ཏག་ཏག་ཏུ་ལོ་ན་གཞོན་པའི་ཕོ་གསར་ཞིག་མལ་ཁྲིའི་སྟེང་དུ་བསྡད་དེ་དེབ་ཅིག་ཀློག་བཞིན་བསྡད་འདུག་པ་དེར། གྲོགས་པོ་ཁྱེད་རང་ག་དུས་སླེབས་པ་ཡིན་ཅེས་དྲིས་པར། ཁོས། ང་ཡུལ་ནས་ཡོང་མཁན་ཞིག་མིན་པར་ཕྱིར་རང་ཡུལ་དུ་ལོག་འགྲོ་མཁན་ཞིག་ཡིན། ཅེས་བརྗོད་བྱུང། ངས་འདི་ལྟ་བུའི་ལོ་ཆུང་ཞིག་ཕྱིར་རང་ཡུལ་དུ་ལོག་པར་རྒྱུ་རྐྱེན་ཅི་ཞིག་ཡིན་ནམ་སྙམ་སྟེ་ཁོ་ལ་ཞིབ་ཕྲའི་གནས་ཚུལ་དྲིས་པ་ཡིན། ཕ་ཡུལ་ཉི་འོད་ (དགོས་དབང་གིས་ཕ་ཡུལ་གྱི་མིང་ངོ་མ་བྲིས་མེད)རྫོང་་ཡིན་ཞིང་ད་ལྟ་རང་ལོ་ ༡༨ ཡིན་པའི་རྡོ་རྗེ་དོན་གྲུབ་(དགོས་དབང་གིས་མིང་དངོས་བྲིས་མེད་) ནི། སྔོན་མ་ཉི་འོད་རྫོང་སློབ་ཆུང་ལོ་རེིམ་ལྔ་བ་ཐོན་རྗེས་ཕ་མ་གཉིས་ཀྱིས་རྒྱ་གར་ཏུ་སློབ་གཉེར་ལ་བཏང་འདུག་ལ། ཁོང་ཚོ་ནང་མི་ ༦ ཡོད་པའི་ཁྲོད་ཀྱི་ཕ་མ་གཉིས་དང་སྤུན་གཅིག་མ་གཏོགས་གཞན་གསུམ་རྒྱ་གར་དང་ཕྱི་རྒྱལ་དུ་ཡོད་འདུག  ཁོང་རང་བོད་ཁྱིམ་སུ་ཇཱ་སློབ་གྲྭའི་ནང་ལོ་གཅིག་དང་ཟླ་ཁ་ཤས་ཤིག་ལ་སློབ་སྦྱོང་གི་གོ་སྐབས་ཐོབ་ནའང་། ཉེ་ཆར་ཕ་མ་གཉིས་ཀྱིས་ཕ་ཡུལ་ནས་ཁ་པར་ཐོན་ཏེ་ཁོའི་སྤུན་ཚོའི་གཅིག་ཡུལ་ལ་ལོག་སྟེ་ཕ་མ་གཉིས་ལ་བདག་སྐྱོང་བྱ་རོགས་ཞེས་པའི་བརྡ་འབྱོར་བྱུང་བས་ཁོའི་སྤུན་ཆེ་བས་སློབ་གྲྭ་ནས་རྩ་དགོངས་ཞུས་ཏེ་འགྲོ་དགོས་ཚུལ་བཤད་སྟབས། ཕྱིར་རང་ཡུལ་ཏུ་ཕ་མ་གཉིས་ལ་ལྟ་སྐྱོང་དུ་ལོག་གིན་ཡོད་འདུག  ངས་ཁོ་རང་ལ་སློབ་སྦྱོང་གི་གོ་སྐབས་ཆེས་བཟང་བའི་གཞོན་དུས་འདི་བསྐྱུར་ཏེ། འདི་ལྟར་ཕྱིར་ཕ་མར་བདག་སྐྱོང་བྱེད་དུ་འགྲོ་བར་སེམས་ཚོར་གང་འདྲ་ཡོད་མེད་དྲིས་པར། ཁོང་གིས། སྤྱིར་འདི་རུ་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་ཕ་མ་ལྟ་བུའི་དགེ་རྒན་རྣམ་པའི་བྱམས་སྐྱོང་འོག་དུས་ཡུན་རིང་པོ་ཞིག་ལ་སློབ་སྦྱོང་བྱ་རྒྱུའི་འདུན་པ་ཡོད་ལ་དམིགས་ཡུལ་ཡང་ཡོད། སློབ་སྦྱོང་ཡག་པོ་ཞིག་བྱས་ཏེ་བོད་གཞུང་དང་བོད་མི་རིགས་ལ་ཞབས་ཞུ་སྒྲུབ་ཐུབ་མཁན་ཞིག་བྱ་རྒྱུའི་འདུན་པ་ཡོད། ད་ལྟའི་ང་རང་ལ་མཚོན་ན་སློབ་སྦྱོང་དེ་ཧ་ཅང་གི་གལ་ཆེན་དུ་མཐོང་གི་འདུག  ཡིན་ནའང། སློབ་སྦྱོང་གལ་ཆེན་པོ་རེད་ལ་ཕ་མ་དེ་ལས་ཀྱང་གལ་ཆེན་པོ་རེད། ད་ལྟ་ངའི་ཕ་མ་གཉིས་ལོ་ལོན་རྒན་རྒོན་ཡིན་པ་དང་གཉོར་སྐྱོང་བྱ་མཁན་མེད་པ་ཤེས་བཞིན་དུ།  ངས་འདི་ལྟར་ས་མཐའ་ནས་བལྟས་བསྡད་པ་ཡིན་ན་ང་ཚོས་སློབ་སྦྱོང་ཇི་འདྲ་བྱས་ཀྱང་ཕན་པ་ཅི་ཡང་མི་འདུག་བསམ། ང་ཚོ་ལོ་ན་གཞོན་པ་དག་གིས་རང་ཉིད་ཀྱི་མི་ཚེ་འགྲིག་འགྲོ་ནའང་ལོ་ན་རྒན་པོའི་ཕ་མ་དེ་དག་ལ་གཉོར་སྐྱོང་བྱ་རྒྱུ་དེའང་རང་ཉིད་ཀྱི་མི་ཚེའི་བྱ་བ་གལ་ཆེན་ཞིག་ཏུ་མཐོང་གི་འདུག  ད་ལྟ་ང་ཕྱིར་ཕ་ཡུལ་དུ་ལོག་པ་ཡིན་ན་རྒྱ་མིས་སྡུག་པོ་གཏོང་བ་དང་སློབ་སྦྱོང་གི་གོ་སྐབས་རག་ཁག་པོ་ཡིན་རྒྱུ་རེད་བསམ་ལ། དེ་ལྟ་ནའང་། ངས་རང་གི་ཕ་མ་གཉིས་ལ་བདག་སྐྱོང་ཡག་པོ་བྱས་ཏེ་བདེ་སྐྱིད་ཀྱི་འཚོ་བ་ཞིག་སྐྲུན་རྒྱུ་ཡིན། ཅེས་བརྗོད་བྱུང།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

ཉན་ཞིབ་འཚོགས་བཞིན་པའི་རྣམ་པ། དཔལ་ལྡན་རྒྱལ་གྱི་པར།
Mobile App

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྗེད་མི་ཉན་པའི་ཐད་ཉན་ཞིབ་ཅིག་འཚོགས། 

སྐར་མ ༤༣ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠

མཆན། 2

  1. ཨྱེ་བུ། says:
    ལོ་ 17 སྔོན།

    གྲོགས་པོ་འདིའི་བཤད་པ་དེ་གནས་ལུགས་དང་ལྡན་པ་ཞིག་རེད་བསམ་བྱུང་།
    བོད་ནས་ལས་འགུལ་སྤེལ་ཏེ་མཐར་རྒྱ་གར་དུ་ཡོང་བའི་གོམ་གཤིས་འདི་དག་ཆེས་བློ་ཐབས་ཅན་གྱི་ལས་ཀ་ཞིག་མཐོང་གི་མི་འདུག ང་ཚོས་ནམ་ཡིན་ཡང་ཨུ་ཚུགས་བརྒྱབ་ཏེ་རང་ཡུལ་དེ་བེད་སྤྱོད་ཅི་ཐུབ་བྱས་ན་གཞི་ནས་ལམ་ཁ་ཞིག་རྙེད་ཐུབ་པའི་རེ་བ་ཡོད་ཤས་ཆེ།
    འདི་ལྟར་ཡང་ཡུལ་བཞག་ནས་ཕྱི་ཡུལ་ལ་ཡོང་དུས་ནུས་པ་དེ་ཙམ་ཐོབ་ཀྱི་མེད་པའི་ཚོར་བ་གཅིག་འདུག གང་ཡིན་ཞེས་ན་དེང་སྐབས་རྒྱ་གཞུང་གིས་ལྟ་བ་མཁྲེགས་འཛིན་ཅན་གྱི་བོད་མི་དང་། དཔེར་ན། ན་ནིང་གི་དོན་རྐྱེན་དེ་དང་འདྲ་བའི་བོད་མི་གཞོན་སྐྱེས་ཡག་པོའི་གྲས་དེ་ཚོ་ཕྱི་ཡུལ་ལ་གཡུག་ཅི་ཐུབ་བྱེད་བཞིན་འདུག ནམ་ཞིག་བོད་ལ་བདེ་སྐྱིད་ཕར་ཞོག་རང་ཡུལ་ལྟ་འདོད་རུང་བལྟ་དབང་མེད་པའི་སྲིད་ཇུས་ཤིག་གྲ་སྒྲིག་བྱེད་བཞིན་པའི་གནས་ཚུལ་འདུག །

    Reply
  2. ཁྲག says:
    ལོ་ 17 སྔོན།

    ཕ་ཡུལ་དུ་ཕྱིར་ལོག་པ་ལས་ལྷག་པའི་བོད་དོན་ལས་འགུལ་ཞིག་མེད་ལ་ཕ་ཡུལ་ཡོངས་སུ་བསྐྱུར་ཏེ་རྒྱང་ནས་སྐད་ལོག་བྱེད་པ་ལས་སྡུག་པའི་བོད་དོན་གཡོལ་ཐབས་ཞིག་ཀྱང་མེད། རྒྱ་གར་ཁམས་པ་དང་ཨ་རིའི་བོད་པ་ཞིག་མི་ཆགས་རྒྱུའི་བསམ་པ་ཡོད་ན་སྔ་ས་ས་ནས་བྲོས་ན་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese