མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྷོལ་པ་པུར་བོད་ཁྱིམ་སློབ་ཕྲུག་ཚོས་ཨང་དང་པོ་བླངས།

བོད་ཀྱི་དུས་བབ།
༢༠༠༩/༠༥/༢༨
Share on FacebookShare on TwitterShare on EmailShare on Whatsapp

                
འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་སྐབས། གྷོལ་པ་པུར་བོད་ཁྱིམ་སློབ་གྲྭའི་སློབ་མ་བརྒྱ་ཆ་བརྒྱ་ཡིས་ཡིག་རྒྱུགས་འཕྲོད་པར་བརྟེན་ཨང་དང་པོ་ཆགས་འདུག དེ་བཞིན་སློབ་གྲྭ་ཁག་ ༡༤ ཡི་གྲུབ་འབྲས་ལོ་སྔོན་མ་ལས་བརྒྱ་ཆ་བཞི་ཚེག་བཞི་འཕར་ཡོད་པ་རེད།

ཕྱི་ཚེས་ ༢༢ ཉིན་ ༢༠༠༩ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་ཡོངས་སུ་གསལ་བསྒྲགས་གནང་ཡོད་ལ། ལོ་འདིའི་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་ཁྲོད་བཙན་བྱོལ་བོད་ཀྱི་སློབ་གྲྭ་ཁག་ ༡༤ ཡི་སློབ་མ་ ༡༢༤༡ རྒྱལ་ཡོངས་ཡིག་རྒྱུགས་ལ་འཛུལ་ཞུགས་བྱས་ཡོད་པ་དང་། ཡིག་རྒྱུགས་ཡོངས་སུ་འཕྲོད་པའི་སློབ་མ་ ༡༡༥༤ དང་། བསྐྱར་རྒྱུགས་གཏོང་དགོས་མཁན ༧༧  ། ཡིག་རྒྱུགས་འཕྲོད་མེད་མཁན་གྱི་སློབ་མ་ ༡༠ ཡོད།  ལོ་འདིའི་ཡིག་རྒྱུགས་ཆེན་མོའི་བརྒྱ་ཆ་ལོ་སྔོན་མའི་བརྒྱ་ཆའི་ ༨༩༌༦ ལས་འཕར་སྣོན་བྱུང་སྟེ་བརྒྱ་ཆའི་ ༩༢༌༩༩ ཡི་གྲུབ་འབྲས་བླངས་ཡོད་པ་མ་ཟད། ཐེངས་འདིའི་ཡིག་རྒྱུགས་འཛུལ་ཞུགས་བྱས་པའི་སློབ་ཕྲུག་བུ་ ༥༣༠ ཡོད་པའི་ཁྲོད་ཀྱི་སློབ་མ་ ༤༩༨ ཡིས་ཡིག་རྒྱུགས་འཕྲོད་ཡོད་ལ། ཆ་སྙོམས་གྲུབ་འབྲས་བརྒྱ་ཆ་ ༩༣༌༩༦ བླངས་ཡོད་པ་དང་། སློབ་མ་བུ་མོ་ ༧༡༡ འཛུལ་ཞུགས་བྱས་པའི་ཁྲོད་ ༦༥༦ ཡིས་ཡིག་རྒྱུགས་འཕྲོད་ཡོད་ལ། ཆ་སྙོམས་གྲུབ་འབྲས་བརྒྱ་ཆ་ ༩༢༌༢༦ བླངས་ཡོད། སློབ་མ་སྒེར་ངོས་ནས་བཤད་ན། ཚན་རིག་སྡེ་ཚན་དུ་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་རྡོ་རྗེ་རྒྱལ་མཚན་གྱིས་བརྒྱ་ཆ་ ༨༨ ཡི་གྲུབ་འབྲས་བླངས་ཏེ་ཨང་དང་པོ་བླངས་ཡོད་པ་དང་། ཚོང་ལས་སྡེ་ཚན་ནང་སྤེལ་ཀོབ་བོད་ཁྱིམ་སློབ་གྲྭའི་སློབ་མ་སྐལ་བཟང་བདེ་སྐྱིད་ཀྱིས་བརྒྱ་ཆ་ ༩༢༌༨ ཡི་གྲུབ་འབྲས་བླངས་ཏེ་ཨང་དང་པོ། སྒྱུ་རྩལ་སྡེ་ཚན་ནང་ཀ་སྦུག་གཏན་སློབ་གྱི་སློབ་མ་སངས་རྒྱས་ཆོས་སྒྲོན་གྱིས་བརྒྱ་ཆ་ ༨༧༌༢ ཡི་གྲུབ་འབྲས་བླངས་ཏེ་ཨང་དང་པོ་བླངས་ཡོད་པ་དང་། ཐེངས་འདིའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ ༡༤ ཁྲོད་གྷོལ་པ་པུར་སློབ་གྲྭས་ཡིག་རྒྱུགས་ཁྲོད་བརྒྱ་ཆ་བརྒྱ་ཡི་གྲུབ་འབྲས་བླངས་ཏེ་ཨང་དང་པོ་ཐོབ་ཡོད་པ་དང་། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭས་བརྒྱ་ཆ་ ༩༦༌༢༢ གྲུབ་འབྲས་བླངས་ཏེ་ཨང་གཉིས་པ། རྡོར་གླིང་གཏན་སློབ་ཀྱིས་བརྒྱ་ཆ་ ༩༥༌༨༣  ཡི་གྲུབ་འབྲས་བླངས་ཏེ་ཨང་གསུམ་པའི་གྲུབ་འབྲས་བླངས་ཡོད་པ་དང་། བཙན་བྱོལ་བོད་ཀྱི་སློབ་གྲྭ་ཁག་ ༡༤ ནང་ཐེངས་འདིའི་བོད་ཡིག་གི་ཡིག་རྒྱུགས་ཁྲོད་སློབ་མ་ ༣༠ ལ་བརྒྱ་ཆ་ ༩༠ ཡན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

ཆུ་ཚོད་ ༡༥ སྔོན་ལ།
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

༢༠༢༦/༠༢/༡༣
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

༢༠༢༦/༠༢/༡༢

མཆན། 7

  1. bhare says:
    ལོ་ 17 སྔོན།

    མཁྱེན་སྤྱོད་མཁའ་ལྟར་ཡངས་བའི་སློབ་མ་རྣམས།
    བཀྲ་ཤིས་བདེ་ལེགས།
    བཀའ་དྲིན་ཆེ།

    Reply
  2. རྩྭ་ཐང་གི་སྦྲང་ཆུང་། says:
    ལོ་ 17 སྔོན།

    ཧ་ཅང་གི་ཡག་པོ་རེད། ད་ལོ་ལ་ལྟས་ན་ཡར་རྒྱས་འགྲོ་ས་རེད།
    ང་ཚོ་རེ་བ་ཡོད་རྒྱུ་རེད་བསམ་གྱི་འདུག

    Reply
  3. སྨྱོན་པ་ཟ་རོ། says:
    ལོ་ 17 སྔོན།

    བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

    Reply
  4. མེ་སྒྱོགས་རྒྱ་མཚོ། says:
    ལོ་ 17 སྔོན།

    གོང་དུ་ལྡབ་ལོག་ཤོར་སོང་བས་དགོངས་དག་ཞུ།

    Reply
  5. མེ་སྒྱོགས་རྒྱ་མཚོ། says:
    ལོ་ 17 སྔོན།

    ཡར་རྒྱས་ཕྱིན་པར་བསྟོད་བསྔགས་ཞུ་འོས་པ་རེད།
    འདིའི་གསར་འགོད་པར་ཞུ་རྒྱུ་ཞིག་ལ། བོད་སློབ་ཚོ་དང་རྒྱ་གར་བ་ཚོའི་ཡིག་རྒྱུགས་གྲུབ་འབྲས་གཉིས་མ་བསྡུར་པ་ག་རེ་རེད་ཨཱ།
    འདིར་”ཆ་སྙོམས་གྲུབ་འབྲས་བརྒྱ་ཆ་ ༩༢༌༢༦ བླངས་ཡོད། “ཟེར་འདི་ཆ་སྙོམས་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ཡིན་འདུག་པ་ལས་འདི་ཆ་སྙོམས་གྲུབ་འབྲས་བརྒྱ་ཆ་ཡིན་མི་སྲིད་པ་ཡིག་རྒྱུགས་ཨང་དང་པོ་རག་མཁན་གཅིག་གིས་མ་གཏོགས་གོང་གི་ཆ་སྙོམས་བརྒྱ་ཆ་དེ་ལས་བརྒལ་ཐུབ་མེད་པས་རེད།
    ད་ལོ་དང་སྔོན་ལོ་བསྡུར་ན་ད་ལོ་བརྒྱ་ཆ་4.36% འཕར་ཡོད་པ་དང་། སློབ་བུ་དང་སློབ་མོའི་ཡིག་རྒྱུགས་བསྡུར་ན་སློབ་བུ་ཚོ་1.7% མཐོ་བ་ལོན་ཡོད་ཟེར་རྒྱུ་ན་ཁ་གསལ་པ་འདུག་སྙམ། དེ་དང་ཆ་མཉམ་གྲུབ་འབྲས་ཀྱི་བརྒྱ་ཆ་དེ་འདི་བཀོད་ན་ཡག་པོ་འདུག བཀའ་དྲིན་ཆེ།

    Reply
  6. མེ་སྒྱོགས་རྒྱ་མཚོ། says:
    ལོ་ 17 སྔོན།

    ཡར་རྒྱས་ཕྱིན་པར་བསྟོད་བསྔགས་ཞུ་འོས་པ་རེད།
    འདིའི་གསར་འགོད་པར་ཞུ་རྒྱུ་ཞིག་ལ། བོད་སློབ་ཚོ་དང་རྒྱ་གར་བ་ཚོའི་ཡིག་རྒྱུགས་གྲུབ་འབྲས་གཉིས་མ་བསྡུར་པ་ག་རེ་རེད་ཨཱ།
    འདིར་”ཆ་སྙོམས་གྲུབ་འབྲས་བརྒྱ་ཆ་ ༩༢༌༢༦ བླངས་ཡོད། “ཟེར་འདི་ཆ་སྙོམས་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ཡིན་འདུག་པ་ལས་འདི་ཆ་སྙོམས་གྲུབ་འབྲས་བརྒྱ་ཆ་ཡིན་མི་སྲིད་པ་ཡིག་རྒྱུགས་ཨང་དང་པོ་རག་མཁན་གཅིག་གིས་མ་གཏོགས་གོང་གི་ཆ་སྙོམས་བརྒྱ་ཆ་དེ་ལས་བརྒལ་ཐུབ་མེད་པས་རེད།
    ད་ལོ་དང་སྔོན་ལོ་བསྡུར་ན་ད་ལོ་བརྒྱ་ཆ་4.36% འཕར་ཡོད་པ་དང་། སློབ་བུ་དང་སློབ་མོའི་ཡིག་རྒྱུགས་བསྡུར་ན་སློབ་བུ་ཚོ་1.7% མཐོ་བ་ལོན་ཡོད་ཟེར་རྒྱུ་ན་ཁ་གསལ་པ་འདུག་སྙམ། དེ་དང་ཆ་མཉམ་གྲུབ་འབྲས་ཀྱི་བརྒྱ་ཆ་དེ་འདི་བཀོད་ན་ཡག་པོ་འདུག བཀའ་དྲིན་

    Reply
  7. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    དགེ་ལས་སློབ་གཉེར་བ་ཡོངས་ནས་འབད་པ་ཆེར་བསྐྱེད་གནང་པའི་འབྲས་རྟགས་བཟང་པོར། འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་གྲུབ་འབྲས་ཨང་དང་པོ་བླངས་པར་བསྔགས་བརྗོད་དང་རྒྱུན་གནས་ཡོང་བའི་སྨོན་འདུན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese