མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཉའ་གནོན་གཅིག་མཚུངས་རེད།

བོད་ཀྱི་དུས་བབ།
༢༠༠༩/༠༦/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་དང་བོད་མིའི་ཞི་རྒོལ་སྐབས་ཀྱི་དམར་གསོད་དང་དྲག་གནོན་གཉིས་གཅིག་མཚུངས་ཡིན་པས། ང་ཚོ་ཚོགས་པ་བཞིའི་ངོས་ནས་ཁོང་ཚོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱ་རྒྱུ་ཡིན་ཟེར།

ཕྱི་ཚེས་ ༡ ཉིན་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ་དང་བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ་བཅས་མཉམ་འབྲེལ་ངྷ་སར་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་ལ། སྐབས་དེར། ཚོགས་པ་བཞིའི་ཚོགས་གཙོ་རྣམས་ཀྱིས་བཤད་དོན། རྒྱ་ནག་གི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་བྱུང་སྟེ་མི་ལོ་ ༢༠  འཁོར་ལ་ཉེ་བའི་དུས་འདིར་ང་ཚོ་ཚོགས་པ་བཞིའི་ངོས་ནས་དོན་རྐྱེན་དེའི་ཁྲོད་གནོད་འཚེ་ཕོག་མཁན་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། རྒྱ་ནག་ནང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་རྣམས་ལ་རྒྱབ་སྐྱོར་བྱ་ཆེད། ཟླ་འདིའི་ཚེས་ ༣ ཉིན་བཞུགས་སྒར་ངྷ་རམ་ས་ལར་མཚན་རྟགས་བསྡུ་རུབ་དང་མར་མེ་ཁྲོམ་སྐོར། དྲུག་བཞིའི་དོན་རྐྱེན་དང་འབྲེལ་བའི་གློག་བརྙན་ཏེ། གནམ་བདེ་སྒོ་མོ་ཆེ་ The Gateway of peace ཞེས་པ་གཟིགས་འབུལ་གནང་རྒྱུ་ཡིན་ལ། ཕྱི་ཚེས་ ༤ ཉིན་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཝང་ཏན་གྱིས་སྐུལ་འདེད་གནང་པའི་༼རྒྱ་ནག་གི་ཉིན་དཀར༽ཞེས་པའི་དུས་དྲན་སྲུང་གཙི་གནང་སྟེ་རྒྱ་ནག་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་རྣམས་ལ་སྐྱོར་བྱ་རྒྱུ་ཡིན། ཟེར་ལ།

ང་ཚོས་རྒྱབ་སྐྱོར་བྱ་དགོས་པའི་དམིག་ཡུལ་གཙོ་བོ་ནི། ཕྱི་ལོ་ ༡༩༨༩ ལོའི་དྲུག་བཞིའི་དོན་རྐྱེན་དང་ ༢༠༠༨ ལོའི་བོད་མིའི་ཞི་བའི་སྒེེར་ལངས་སྐབས་རྒྱ་གཞུང་གིས་དམར་གསོད་དང་དྲག་པོས་བཙན་གནོན་བྱས་པ་གཉིས་གཅིག་མཚུངས་ཡིན་པ་དང་། རྒྱ་ནག་གི་དྲང་བདེན་མ་ཡིན་པའི་ཁྲིམས་གཅོད་དང་དྲག་གནོན། འཇུ་བཟུང་སོགས་གནམ་བདེ་སྒོ་མོ་ཆེའི་སྡེབ་གསོད་དོན་རྐྱེན་དང་། བོད་ནང་ཞི་བའི་སྒེར་ལངས་དེ་དག་དམངས་གཙོའི་བགྲོད་ལམ་སྟེང་གི་བདེན་པ་དག་སྐྱེལ་གྱི་ལས་འགུལ་ཤ་སྟག་ཡིན་སྟབས་ང་ཚོས་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། རྒྱ་ནག་དམངས་གཙོའི་ལས་འགུལ་གྱི་ཚོགས་སྡེ་དང་མཉམ་ལས་བྱ་རྒྱུའི་དམ་བཅའ་སྙིང་ལ་བཅངས་སྟེ། རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་དང་བོད་ལ་རང་དབང་ཐོབ་རྒྱུའི་རེ་འདུན་བཅངས་ཡོད་ལ། རྒྱ་ནག་དམངས་གཙོ་ཡང་དག་པ་ཞིག་བྱུང་ཚེ་བོད་ཀྱི་གནད་དོན་ལ་འབྱུང་འགྱུར་ཐག་གཅོད་ཀྱི་གདམ་ཀ་ཞིག་སྤྲོད་པར་ཡིད་ཆེས་ཡོད། དེ་བས། རྒྱ་གཞུང་གི་ངོས་ནས་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་ཁྲོད་གནོད་འཚེ་ཕོག་པའི་མི་སྒེར་དང་ཁོང་ཚོའི་ནང་མི་རྣམས་ལ་ལུགས་མཐུན་གྱི་ཀུན་གསབ་དང་ལོ་རྒྱུས་ཀྱི་ནག་ཉེས་ངོས་ལེན་ཞུ་དགོས་པ་མ་ཟད། ༦་༤ དོན་རྐྱེན་ཁྲོད་རང་སྲོག་ཤོར་བའི་སློབ་ཕྲུག་དག་གི་ཨ་མ་ཚོས་གནད་དོན་དེ་རྒྱ་གཞུང་གིས་ཞིབ་བཤེར་དགོས་པ་དང་། གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་དང་འབྲེལ་བའི་ཆབ་སྲིད་བཙོན་མ་དང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་འཇུ་བཟུང་བྱས་པའི་བོད་པའི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་བྱ་དགོས། ཅེས་འབོད་སྐུལ་ཡང་གནང་སོང།

འབྲེལ་ཡོད་གསར་འགྱུར།

དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

ཆུ་ཚོད་ ༣ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༦ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠

མཆན། 5

  1. ཨྱེ་བུ། says:
    ལོ་ 17 སྔོན།

    རེད་ཡ་ཀློག་མཁན་གྲོགས་པོ་དག་གི་བསམ་ཚུལ་ཡང་བདེན་པ་རེད།
    དེང་སྐབས་རྒྱ་ནག་ནང་དུ་དུས་ཆེན་བརྩི་སྲུང་མང་དུ་འགྲོ་བཞིན་པ་དང་། དཔེར་ན། ཧྥ་ལུང་གོན་དང་དྲུག་བཞིའི་དོན་རྐྱེན། ད་དུང་ཞིན་ཅང་ཡུ་གུར་རིགས་དང་བོད་ཀྱི་གནད་དོན་སོགས་མང་དག་གཅིག་གིས་རང་ཉིད་ཀྱི་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་བཏོང་མཁན་ཚོའི་རྗེས་ལ་ལོ་རེ་དང་ཟླ་རེར་བཞིན་དུ་རྗེས་དྲན་གྱི་མྱ་ངན་མཆོད་འབུལ་དང་དེ་དག་གི་རང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་ཆེ་རུ་འགྲོ་བཞིན་པ་འདི་དག མདུན་སྐྱོད་ཀྱི་གོམ་ཁ་ཇེ་མགྱོགས་དང་ནུས་པ་ཇེ་ཆེར་འགྲོ་བཞིན་པའི་གནས་ཚུལ་རེད།
    དེ་ན་ང་ཚོས་ཕྱི་ནང་གཉིས་ནས་མུ་འཐུད་དུ་སེམས་མ་ཞུམ་པར་འགྲོ་རྒྱུ་དེ་གལ་ཆེན་པོ་རེད།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ཆབ་སྲིད་ཀྱི་ལས་ཀ་བྱེད་སྟངས་ཟེར་བ་དེ་ནི་འདི་འདྲ་ཞིག་ཡིན་པར་ཤོག་ཟེར་རྒྱུ་ལས་ཚོགས་པ་བཞིའི་ལས་འགུལ་འདི་ལ་བཟང་ངན་ཡག་བཙོག་གང་ཡིན་དངོས་ནས་བཤད་དོན་མི་འདུག

    Reply
  3. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    དྲ་གྲོགས་ཡོན་བྷེ་ཡིས་ཡག་པོ་གསུངས་སོང་། ད་ལྟ་ང་ཚོས་གུང་ཁྲན་ཏང་ལ་སྡང་ཡང་མ་འོངས་བར་རྒྱ་ནག་དམངས་གཙོ་རུ་འགྱུར་རུང་ང་ཚོ་ལ་ཁེ་བཟང་ཨེ་ཡོད་སྙམ་པའི་དོགས་པ་འདུག་ལ། གལ་སྲིད་ད་ལྟ་རྒྱ་གཞུང་འདི་གུང་ཁྲན་ཏང་མ་ཡིན་པར་གོ་མིན་ཏང་གི་དབང་འོག་ཏུ་ཡོན་ན་གུས་པར་མཚོན་ན་གུང་ཁྲན་ཏང་གི་སྡུག་མིན་ན་ཡན་ཡིན་པའི་་ཡིད་ཆེས་མེད། སྐབས་འདིའི་ཐེ་ཝན་སྲིད་འཛིན་གསར་བའི་བྱས་སྟངས་ལ་གཞིག་ན་བློ་ཕམ་སྤྱད་ཞིག་ཏུ་འདོད།

    Reply
  4. ཡོན་བྷེ། says:
    ལོ་ 17 སྔོན།

    ང་ཡང་ཞེས་པའི་ཚིག་དེ་ལྷག་མ་ཤོར་འདུག་པས་དགོངས་དག་ཞུ།

    Reply
  5. ཡོན་བྷེ། says:
    ལོ་ 17 སྔོན།

    མ་གཞི་ཡག་པོ་རེད། ཡིན་ནའང་ད་དུང་བསམ་དགོས་པ་མང་པོ་ཡོེད་རེད། གང་ཡིན་ན་ཞེ་ན། རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་དང་བོད་ཀྱི་ཉིས་སྟོང་བརྒྱད་ལོའི་མི་མང་སྒེར་ལངས་གཉིས་རང་དབང་གི་ཆེད་དུ་ཡིན་པ་གཅིག་རུང་། གནས་སྟངས་འདི་གཉིས་ཕྱོགས་ཡོངས་ནས་གནས་སྟངས་གཅིག་པ་དང་གནད་དོན་གཅིག་པའི་ངོས་འཛིན་བྱེད་རྒྱུ་གཏན་ནས་མེད། འདི་གཉིས་ལ་ངོ་བོའི་ཆ་ནས་མི་འདྲ་བའི་ཁྱད་པར་ཡོད་ལ། གནས་ཚུལ་འབྱུང་ཁུངས་ཀྱི་ཆ་ནས་མི་འདྲ་བའི་ཁྱད་པར་ཡོད། དེ་བཞིན་ད་དུང་མི་རིགས་ཀྱི་ཆ་ནས་ཨ་ཅང་ཅང་བཤད་མ་དགོས་པ་རེད། གལ་སྲིད་དྲུག་བཞིའི་དོན་རྐྱེན་ནང་མང་གཙོ་དང་རང་དབང་གི་ཆེད་དུ་ཤི་ཟིན་པའི་གང་ཟག་ཅིག་གི་ལག་ཏུ་རྒྱ་ནག་གི་སྲིད་རེག་ཡོད་ན་བོད་ལ་བཀྲ་ཤིས་བདེ་ལེགས་ཤིག་བྱེད་ཀྱི་རེད་སྙམ་པའི་ཡིད་ཆེས་ཡོད་དམ། ངས་བསམ་ན་གཏན་ནས་བཀྲ་ཤིས་བདེ་ལེགས་ཤིག་བྱེད་གི་མ་རེད། རང་དབང་རྩོད་ལེན་པ་དང་མང་གཙོ་དོན་གཉེར་བ་ཡིན་ཞེས་ག་ཚོད་བཤད་རུང་རྒྱ་ནག་མི་རིགས་ཆེན་མོའི་ཞེན་ཁོག་སེམས་སུ་ཡོད་ཡོད་པ་རེད།

    ཡིན་ཡང་འདི་ནས་གསལ་བཤད་བྱེད་རྒྱུ་ཞིག་ལ་ལས་འགུལ་འདི་གཉིས་ཕྱོགས་ཡོངས་ནས་གཅིག་པ་མིན་པའི་གནད་དོན་འགྲེལ་བཤད་བྱས་པ་ཙམ་ལས་ཁོ་ཚོ་ལ་རྒྱབ་སྐྱོར་བྱས་པ་ནོར་བ་རེད་ཅེས་བཤད་ཀྱི་མེད། ང་ཡང་ཕྱོགས་གཅིག་ནས་ང་ལ་ཡང་ཁོང་ཚོར་རྒྱབ་སྐྱོར་དང་གུས་བརྩི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese