མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངས་ཀྱང་མི་ཤེས་ཀི བོད་པ་ཚོ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

སྟེང་ན་ལྷ་ཞིག་ཡོད་པར་བོད་པས་འདོད།།
འོག་ན་ཀླུ་ཞིག་ཡོད་སྙམ་བོད་པ་ཡོད།།
བར་དུ་མི་ཡི་རིགས་ཤིག་དངོས་ཡོད་རེད།།
དངོས་ཡོད་འཚོ་བའི་ཀྱོག་ལམ་རིང་མོ་འདིར།།
བདེན་རྫུན་ཅི་ཡིན་མིག་མཐོང་ལག་ཟིན་ལས།།
གང་ཡང་མི་ཤེས་ངེད་ཅག་རྨོངས་པའི་མིག།
གཞན་སྐྱོན་ལས་གཞན་མི་མཐོང་བོད་པའི་གཤིས།།
རང་ལས་གཞན་གཅེས་ཚིག་དེ་རྣ་ལ་ཉན།།
དོན་དུ་ལག་ལེན་རང་དོན་ཁོ་ན་ལས།།
མི་བྱེད་བོད་པའི་མི་ཚོ་ཡ་རེ་ང་།།
ནང་ཁུལ་ཕྱོགས་རུས་ཆེ་བའི་རང་རློམ་ལྕི།།
ཕྱི་ལ་བདེན་རྫུན་ཙམ་ཡང་བཤད་མི་འཕོད།།
སྐད་ཡིག་གཅེས་ནོར་ཟེར་ནས་རྟག་དུ་གླེང་།།
དོན་ལ་རང་གི་ཕྲུ་གུས་བོད་སྐད་ཙམ།།
བཤད་པ་གོ་རྒྱུ་དཀའ་བའི་དུས་རབས་འདི།།
བོད་ཀྱི་མི་རབས་གསར་བ་ཡིན་ནམ་ཅི།།
གཞུང་ཞབས་ཡིན་ཟེར་རྐུབ་སྟེགས་སྲུང་མཁན་དང་།།
སྐུ་ངོ་ཡིན་གསུང་བརྫིག་པོ་བྱེད་མཁན་ཚོས།།
རང་གི་སྐད་ལས་གཞན་མིས་སྐད་ལ་དུངས།།
འདི་འདྲ་འདི་ཡང་བོད་པའི་སྐུ་དཔོན་རེད།།
བསམ་ཞིང་བསམ་ན་བོད་མིང་ཡོད་མཁན་དང་།།
བོད་ཡིག་བོད་སྐད་ཤེས་པ་མ་ངེས་ཤིང་།།
བོད་ལ་ཤ་ཚ་ཡོད་མེད་བཤད་དཀའ་བའི།།
དུས་ཀྱི་ཚོང་རྫས་མི་རིགས་ལས་ངན་འདི།།
ནང་ལ་བསྐོར་ན་བློ་སྤོབས་སྟོབས་ཤུགས་ལྡན།།
རང་སེམས་གཏུབ་པར་གཏུབ་ཀྱང་ན་ཟུག་མེད།།
རང་ཤ་རྗེན་པར་ཟོས་ཀྱང་ཡ་ང་མེད།།
རང་ཡུལ་རྩ་མེད་བཏང་ཀྱང་རྒོལ་ལན་མེད།།
འདི་འདྲའི་བོད་པ་ཞིག་གིས་གང་ཞིག་བྱེད།།
སྙིང་གཏམ་མི་གོ་ཆགས་ཚིགས་གོ་བ་དང་།།
ལར་ཞེན་མི་འདོད་རང་དབང་གླེང་བ་དང་།།
བདེན་པ་མི་འཚོལ་རྫུ་འབག་གཉེར་བ་འདིས།།
གནའ་དེང་བོད་པའི་ལས་དབང་རླུང་གིས་འཁུར།།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 4

  1. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་ལགས། དངོས་ནས་ཐུགས་རྗེ་ཆེ། བསྟོད་བསྔགས་གནང་ས་དེ་ནི་ང་རང་ལྟ་བུ་ཞིག་ཆགས་ཀྱི་མེད་པ་རེད། ཡིན་ཡང་སྐུ་ཉིད་ནས་བསྟོད་བསྔགས་གནང་ཟིན་སྟབས། ངས་ཀྱང་དེ་ལ་ཐུགས་རྗེ་ཆེ་ཞེས་ལན་ཞིག་ཕུལ་བ་ཡིན། ངེད་ཅག་གིས་ལས་འགན་ཟེར་ན་འདྲ། རང་གི་སྐད་ཡིག་བེད་སྤྱོད་བྱེད་སའི་ཁོར་ཡུག་འདི་འདྲའི་བཟང་བོ་ཞིག་དུས་བབ་ཚང་དང་དྲ་རྒྱ་གཞན་དག་གིས་བོད་རིགས་སྤུན་ཟླ་དག་གིས་སྐུ་དྲིན་གྱིས་ངེད་ཅག་གིས་རང་རང་གི་བོད་ལ་བཅིངས་པའི་བསམ་འདུན་གླེང་ས་ཞིག་ཡོད་དུས་རང་རང་གིས་ཐུབ་ཚོད་ཅིག་བྱེད་ཀྱི་ཡོད་པ་དེ་ནི་ང་རང་གཅིག་བུ་མིན་པར་འདིར་འཛོམ་གྱི་དྲ་གྲོགས་ཚང་མ་གཅིག་མཚུངས་ལོས་ཡིན།

    Reply
  2. lomabota says:
    ལོ་ 17 སྔོན།

    དྲ་གྲོགས་ཁྱེད་ཀྱི་བརྩོན་སེམས་ལ་དངོས་གནས་དགའ་སོང་། མ་ཟད་ཁྱེད་རང་དྲང་ཚུགས་ལྡན་ཞིང་། བློ་སེམས་དཀར་བ་ཞིག་ཀྱང་ལོས་ཡིན་བསམ་གྱི་ཡོད་ལ་དེ་ལྟར་ཡིན་པའི་སྨོན་ལམ་ཡོད། ཁྱེད་ཀྱི་རྩོམ་ཡིག་ཚོར་བལྟས་ན་དངོས་གནས་བློ་དཀར་ཞིག་ཡིན་པ་འདྲ།

    Reply
  3. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་ཆུ་ཐིགས་སྔོན་མོ་ལགས། ཡིན་དང་ཡིན། ངས་ཀྱང་རང་གིས་ཤེས་ཚོད་ཐུབ་ཚོད་ཀྱིས་ཤུ་རེ་བྱེད་ཀྱི་ཡོད་ལ། ཡར་རྒྱས་ཤིག་འགྲོ་རྒྱུར་ཡང་རེ་བ་བྱེད་ཀྱི་ཡོད། ཉིན་དང་མཚན་ཟེར་ན་བཤད་དཀའ་ཡང་། ཉིན་མོ་ལས་ཀའི་བར་གསེང་ནས་ཀྱང་ཟིན་བྲིས་སྤེལ་ཕྱོགས་དང་རང་གིས་སྤུན་གྲོགས་དག་ལ་ཟིན་བྲིས་གང་འདྲ་ཞིག་སྤེལ་དགོས་མིན་བསྐོར་ལ་ཡང་བསམ་བློ་གཏོང་བཞིན་ཡོད།

    Reply
  4. mekor says:
    ལོ་ 17 སྔོན།

    དྲ་གྲོགས་ཁྱོད་དངོས་གནས་བརྩོན་སེམས་ཅན་ཞིག་རེད། ཁྱོད་མི་འགྱངས་པར་ཡར་རྒྱས་ལ་འགྲོ་རྒྱུ་ཡིན་པ་ཁོ་ཐག་རེད། རང་ཉིད་ཡར་རྒྱས་ལ་འགྲོ་རྒྱུའི་གཞི་རྩ་རྒྱུན་མཐུད་རྒྱུ་དེ་རེད། མ་ཟད་གང་ཡིན་སར་དོ་སྣང་བྱེད་དགོས་་་དེ་ལྟར་བྱས་ན་རིམ་གྱིས་ཡར་རྒྱས་ལཏན་ཏན་འགྲོ། དེ་འདྲ་ཨེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese