མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ཡིག་དགེ་རྒན་མི་འདུག

བོད་ཀྱི་དུས་བབ།
༢༠༠༩/༠༦/༠༦
Share on FacebookShare on TwitterShare on EmailShare on Whatsapp
 

  ཉེ་ཆར་གསོག་སྒར་སློབ་གྲྭའི་བོད་ཡིག་འཛིན་རིམ་མཐོ་གྲས་ལ་བོད་ཡིག་དགེ་རྒན་མེད་པའི་དཀའ་ངལ་འཕྲད་སོང༌། ད་ལྟ་ས་ར་མཐོ་སློབ་ཀྱི་མཐར་ཕྱིན་ཁ་ཤས་གསོག་སྒར་སློབ་གྲྭར་དགེ་རྒན་བྱེད་པར་བསླེབས་འདུག  མི་དེ་ཚོ་དགེ་རྒན་ཡག་པོ་ཞིག་ཡིན་མིན་གསལ་བོ་མ་ཤེས་ཀྱང༌། དགེ་རྒན་མེད་པ་ལས་ཡོད་པ་ཅུང་བཟང་བར་འདོད།

དེ་བཞིན་སུ་ཇ་སློབ་གྲྭ་ལ་བོད་ཡིག་གི་དགེ་རྒན་ཡག་པོ་མེད་པའི་དཀའ་ངལ་འདུག་ཟེར་ནས་བོད་ཡིག་ལ་དོ་སྣང་ཆེ་བའི་སློབ་མ་མང་པོ་ཞིག་གི་སྐད་ཤོར་གི་འདུག  སྔོན་མ་བསོད་ནམས་རྒྱ་མཚོ་ཟེར་བའི་བོད་དགེ་ཡག་པོ་ཞིག་ཡོད་ཀྱང་ད་ལྟ་དེའང་བོད་ཀྱི་བང་ཆེན་གསར་ཁང་ལ་ཕྱག་ལས་གནང་གི་ཕེབས་སོང༌། ད་ཡིན་ན་བོད་ཡིག་དགེ་རྒན་ཡག་པོ་ཞིག་གང་ནས་བསླེབ་འོང་ཞེས་སློབ་མ་མང་པོ་རེ་སྒུག་གི་ངང་ནས་ཡོད་ཀི། ད་དུང་སྒོམ་པ་པུར་སློབ་གྲྭ་ལ་བོད་ཡིག་དགེ་རྒན་ཡག་པོ་མེད་པ་སྔོན་མ་བཤད་ཀི་འདུག་ལ་ད་ལྟའང་དེ་འདྲ་རེད།

 

འདི་ལྟར་སློབ་གྲྭ་ཁག་ན་བོད་ཡིག་དགེ་རྒན་ཡག་པོ་མེད་པའི་རྒྱུ་རྐྱེན་ཕུ་འདེད་བྱས་ན་ཝརྞ་མཐོ་སློབ་ཀྱི་བོད་ཡིག་ཤེས་ཚད་ལ་ཐུག་ཡོད་པ་རེད་ཅེས་བཤད་ན་མི་མང་པོ་ཞིག་ཁོང་ཁྲོ་ལངས་ན་འབར་འགྲོ་གི་རེད། དོན་དངོས་དེ་འདྲ་ཞིག་ཡིན་པར་འདོད་ཀི། ཝརྞ་མཐོ་སློབ་སློབ་ནས་མཐར་ཕྱིན་པའི་བླ་རྒན་གྲྭ་རྒན་ཁག་ཅིག་གི་བོད་ཡིག་ཚད་ཅུང་ཡག་པོ་ཡོད་རྒྱུ་རེད་མ་གཏོགས། དེ་རྗེས་ཝརྞ་མཐོ་སློབ་རང་ནས་སློབ་སྦྱོང་བྱས་ཏེ་མཐར་ཕྱིན་པའི་སློབ་མ་དེ་ཚོ་ཕལ་ཆེ་བའི་བོད་ཡིག་ཤེས་ཚད་དངོས་གནས་སྐྱོ་བོ་རེད། ཡིན་ནའང་ཁོང་ཚོའི་ལག་འཁྱེར་གྱི་ཐོབ་ཐང་ཡག་པོ་ཡོད་པས་སློབ་གྲྭ་ཁག་ལ་དགེ་རྒན་བྱེད་པར་གཏོང་གི་ཡོད། ད་ལྟ་སློབ་གྲྭ་ཁག་ན་དགེ་རྒན་བྱེད་མཁན་མང་པོ་ཞིག་ཝརྞ་མཐོ་སློབ་ནས་ཡིན་པར་བཤད་ཅིང༌། ད་ལྟ་སློབ་གྲྭ་ཁག་ན་བོད་ཡིག་དགེ་རྒན་ཡག་པོ་མེད་པའི་གནས་ཚུལ་དེ་ཡང་དངོས་ཡོད་རེད།

 

དེང་སང་ཝརྞ་མཐོ་སློབ་ཏུ་གསར་འབྱོར་མང་པོ་ཞིག་ཚུད་ཡོད་པ་དང་ཁོང་ཚོའི་བོད་ཡིག་གི་ཤེས་ཚད་ཅུང་ཡག་པོ་ཡོད་ཚོད་རེད། དེ་བས་མ་འོངས་པ་ན་སློབ་གྲྭ་ཁག་ལ་བོད་ཡིག་དགེ་རྒན་ཡག་པོ་རེ་འཁྲུངས་ཐུབ་པའི་རེ་བ་རྒྱག་རྒྱུ་ལས་ཐབས་ཤེས་གཞན་ཅི་ཞིག་ཡོད། ཤེས་ཡོན་ཡོད་ཀྱང་ལག་འཁྱེར་མེད་པ་དང༌། ལག་འཁྱེར་ཡོད་ཀྱང་ཤེས་ཡོན་མེད་པ་འདིས་བཙན་བྱོལ་གྱི་བོད་ཡིག་ཤེས་ཚད་ལ་ཆག་སྒོ་ཆེན་པོ་སློང་གི་འདུག

མཆན། 26

  1. མི་ཞུན། says:
    ལོ་ 14 སྔོན།

    ཁྱེད་ཀྱིས་བཤད་པ་ཧ་ཅང་འགྲིགས། ངས་བལྟས་ནའང་་བོད་ཁྱིམ་སློབ་གྲ་ཚོ་ནི་ཝཱ་ར་ཎ་སའི་མི་སྙིགས་བྱོ་ས་རེད་ཅེས་བཤད་ན་རྫུན་དུ་མི་འགྲོ་བ་ཡིན། བོད་ཁྱིམ་སློབ་ཕྲུག་དེ་ཚོ་ངོ་མ་སྙིང་རེ་རྗེ། སྐྱག་གཟན་དེ་ཚོའི་དབང་འོག་ན་རུལ་འགྲོ་གི་ཡོད་པ་རེད། ངོ་མ་སྙིང་རྗེ་ནི་ཞིག་རེད། ཡིན་ནའང་ང་ཚོ་ལ་ཐབས་ཤེས་འཐེན་རྒྱུ་མི་འདུག ད་བར་དུ་འདིའི་སྐོར་ལ་སྐད་བརྒྱབ་བརྒྱབ་ནས་སྐད་ཀྱང་འགག་སོང༌།

    Reply
  2. ཨ་རིག་གླེན་རྒན། says:
    ལོ་ 14 སྔོན།

    ཁོ་རེ་འབྲོང་གཡག ད་སེམས་འཁྲལ་མ་བྱེད་ཕན་གི་མ་རེད་བོད་ཡིག་ཡག་པོ་ཤེས་མཁན་རྣམས་ལ་བདག་པོ་རྒྱག་གི་མརེད་འདི་མ་ཤེས་པ་མ་རེད་བསམ་བཞིན་འདི་ལྟར་བྱེད་གི་ཡོ་རེད་ངའི་ཡང་ཤེས་ལ་ཤེས་རིག་ལས་བྱེད་ཚོས་སྔར་ནས་ཤེས་ཡོ་རེད་ བསམ་བཞིན་དུ་༧ རྒྱལ་བ་རིན་པོ་ཆེ་ལ་ཐུགས་ཕམ་དང་གསར་འབྱོར་ཚོ་མཐོང་ཆུང་བྱེད་གི་ཡོ་རེ། ཁོང་ཚོ་ལ་གནས་ལུགས་བཤད་ས་ཡོ་བ་མ་རེད་གལ་ཏེ་ཅུང་བཤད་ན་ཁྱོད་ལ་རྒྱ་མའི་སོ་བ་རེད་ཟེར་གི་རེད་གཟབ་གཟབ་གྱིས་རྒྱ་གར་པོའི་ལེའི་སུ་ལ་རྩིས་སྤྲད་ཡོངས། རང་མགོ་གང་ཐོན་གྱིས་ལོ།

    Reply
  3. འབྲོག་གཡག says:
    ལོ་ 14 སྔོན།

    དྲ་གྲོགས་ཨ་རིག་གླེན་རྒན་ལགས།
    རྒན་སྤྲེལ་ནག་པ་ང་ཚོའི་སློབ་གྲྭར་ཡོང་ནས་ཟླ་བ་ཁ་ཤས་ལ་སློབ་ཁྲིད་བྱེད་ཀྱིན་ཡོད། སློབ་གླིང་འདིར་འདིའི་སྐོར་ནས་གླེང་སློང་ཤུགས་ཆེན་པོ་ཞིག་ཡོང་བཞིན་པ་ནི། གཞུང་གིས་བཀོད་སྒྲིག་བྱས་པའི་གསོག་སློབ་ཀྱི་བོད་དགེ་ཁ་ཤས་ལྟ་་བུས་ལོ་གཅིག་རིང་སློབ་ཁྲིད་བྱས་པ་ལས་རྒན་སྤྲེལ་ནག་པས་ཟླ་གཅིག་རིང་སློབ་ཁྲིད་བྱས་པ་ཡག་པོ་འདུག་ཅེས་བོད་ཡིག་ལ་དོ་སྣང་ཡོད་པའི་སློབ་མ་ཚོས་གླེང་བཞིན་པ་མ་ཟད། ད་ལྟ་མུ་མཐུད་དུ་རེས་གཟའ་ཉི་མ་ཉིན་བོད་ཡིག་མཐར་ཕྱིན་གྱི་སློབ་མ་ཉི་ཤུ་ལྷག་ཁོང་གི་མདུན་དུ་སློབ་ཁྲིད་ལ་འགྲོ་བཞིན་ཡོད།
    འདི་ལྟ་བུའི་ཡོན་ཏན་པ་མང་བོ་ཞིག་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་བདག་པོ་མ་རྒྱབ་པ་དངོས་གནས་བློ་ཕམ་པ་ཞིག་རེད།
    ཁོང་ལྟ་བུ་སྤྱི་ཚོགས་ཐོག་འདི་ལྟར་འཇོག་པ་ལས་ས་རཱ་མཐོ་སློབ་དང་ཝཱ་ནཱ་མཐོ་སློབ་སོགས་སུ་དགེ་རྒན་ལ་གདན་འདྲེན་ཞུས་ནས་སློབ་མ་སྐྱེད་སྲིང་བྱས་ན་རྗེས་ཕྱོགས་གཞི་རིམ་སློབ་གྲྭ་ཁག་གི་བོད་དགེ་སྤུས་དག་ཡོང་བ་དང་ཆབས་ཅིག་རང་བཞིན་གྱིས་སློབ་མའང་ཡག་པོ་བྱུང་གི་རེད་བསམ།

    Reply
  4. ཨ་རིག་གླེན་རྒན། says:
    ལོ་ 14 སྔོན།

    རི་བོང་སུག་ཐུ་ཐུང་ཡང་།།འབའ་འབུར་དུང་ལ་མི་ལྷུང་།། རི་བོང་མིག་གསུམ་ཡིན་ཡང་།།སྐུ་ངོའི་ཐུགས་གཤིས་མི་མཐོང་།། བོད་ཀྱི་སྐད་ཡིག་ལ་མཐོང་ཆེན་དང་གཙིགས་ཆེན་མེད་ས་ནས་བོད་དགེ་ལ་ཇི་ལྟར་མཐོང་ཆེན་དང་གཙིགས་ཆེན་བྱེད་དེ་ནི་ཡོངས་མི་སྲིད་པ་ཞིག་རེད།།
    གྲོགས་རི་བོང་ལགས་་་རྡོ་སྐམ་སྟེང་ལ་ཆུ་མ་བྱར་་་སྤྱང་ཁིའི་རྣ་བར་ཆོས་མ་བཤད་་་

    Reply
  5. ཨ་རིག་གླེན་རྒན། says:
    ལོ་ 14 སྔོན།

    སེམས་བཟང་དྲ་གྲོགས་རྣམ་པ་དོན་མེད་སེམས་ཁུར་མ་བྱེད། བོད་ཡིག་དགེ་རྒན་མ་རེག་པའི་དཀའ་ངལ་སྔར་འཕྲད་མ་མྱོང་ལ་ད་ལྟ་དེ་བས་ཀྱང་མི་འཕྲད། འདི་ནི་དགེ་རྒན་མ་དགོས་པའི་དཀའ་ངལ་རེད་དེའང་སློབ་མར་མ་དགོས་པ་མིན་པར་ཤེས་རིག་དང་འབྲེལ་པའི་གནད་ཡོད་ལས་བྱེད་རྣམས་ལ་མ་དགོས་པ་རེད། དོན་ངོ་མར་བོད་དགེ་ཚད་ལྡན་ཞིག་བཙལ་འདོད་ཡོད་ན་རྒྱ་བལ་འབྲུག་གསུམ་དང་དེ་མིན་ཕྱི་རྒྱལ་ཁག་ནས་བསུ་ཐུབ་པ་མ་ཟད་ཐད་གར་བོད་ནས་ཀྱང་བསུ་ཐུབ། འོན་ཀྱང་རྒྱབ་སྐྱོར་ཡོད་ཟེར་བའི་ཁ་སྙན་མོ་ཙམ་གྱི་ཅི་ཡང་མི་ཕན་། ཕན་ན་ངའི་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད།

    Reply
  6. རི་བོང། says:
    ལོ་ 14 སྔོན།

    བོད་ཤ་ཁྲག་རུས་གསུམ་ལགས།་་་་གོང་གི་དེ་ལྟར་བྱས་ན་མི་རིང་བར་དགེ་རྒན་ཚད་ལྡན་མི་རེག་པའི་དཀའ་ངལ་ལས་གྲོལ་ངེས་སྙམ།

    Reply
  7. རི་བོང། says:
    ལོ་ 14 སྔོན།

    སྟངས་འཛིན་བྱེདམཁན་ཚོས་མི་དེ་ཐོག་མར་དགེ་རྒན་གྱི་ལས་སྒོར་བཅུག་དུས་་ཤེས་ཡོན་དང་ལག་འཁྱེར་གཉིས་ལས་ཤེས་ཡོན་གཙོར་འཛིན་སྒོས་དོན་སྟེང་གི་ཤེས་ཡོན་གྱི་ལྕིད་ཚད་ལ་བལྟས་ཏེ་དགེ་རྒན་འཚོལ་དགོས།་་དེ་ལྟར་བྱས་ན་དགེ་རྒན་ཚད་ལྡན་རེག་ངེས།་་སློབ་མ་རང་ངོས་ནས་སློབ་སྦྱོང་ལ་ཧུར་ཐག་དང་ཚད་ལྡན་གྱི་དགེ་རྒན་ཚོར་ཡིད་ཆེས་དང་གུས་བརྩི་བྱེད་དགོས།་་་དེ་ལྟར་བྱས་ན་སློབ་ཕྲུག་ཚོར་སེམས་གཏིང་ནས་ཤ་ཚ་སླེབས་ངེས།་་ཚད་ལྡན་གྱི་དགེ་རྒན་རེ་རེག་ན་དེ་ལ་སློབ་གཙོ་དང་དབུ་འཛིན་སོགས་ཀྱིས་ཀྱང་མཐོང་ཆེན་དང་རྩིས་ཆེན་བྱེད་དགོས།་་་དེ་ལྟར་བྱས་ན་ད་གཟོད་ཁོ་སློབ་གྲྭ་དེར་གཏན་དུ་འདུག་འདོད་འབྱུང།

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    དྲ་གྲོགས་རི་བོང་ལགས། བཤད་ན་ཕན་པ་མི་འདུག་ཟེར་བ་དེ་ནི་སྐུ་ཉིད་དངོས་ནས་ནོར་བ་རེད། ངེད་ཅག་གིས་ཉིན་མཚན་གང་ཡོད་ལ་དུས་ཚོད་བཙལ་ནས་དྲ་ཐོག་འདིར་ཡོང་དོན་ཡང་བཤད་ཉན་འབྲི་གསུམ་བྱེད་ཀྱི་ཡོད་པ་སྐུ་ཉིད་ཀྱིས་མཁྱེན་གསལ་རེད། དེའི་སྟབས་ཀྱིས་ངེད་ཅག་གིས་གང་ཤེས་པ་གཅིག་ནས་བཅུ་ལ་བརྒྱུད། བཅུ་ནས་བརྒྱ་ལ་བརྒྱུད་དེ་གྲངས་ཀ་འཕར་དགོས་ཀྱི་ཡོད་པ་ཡིན་པར་འདོད་ཀྱི་ཡོད་ན། སྐུ་ཉིད་ཀྱིས་སྐད་ཆ་དེར་དངོས་ནས་མོས་མཐུན་བྱེད་ཐུབ་མི་འདུག ལྷག་པར་དུ་སྐུ་ཉིད་ཀྱིས་འདིའི་ཐད་ཀྱི་བསམ་ཚུལ་རེ་ཡོད་ན་དང་བོ་གསུང་བ་དེ་ནས་ངེད་ཅག་དང་འབྲེལ་བའི་ལས་ཀ་གང་ཞིག་བྱེད་རྒྱུ་འདུག ངེད་ཅག་དང་འབྲེལ་བའི་གླེང་གཞི་གང་ཞིག་སྤེལ་དགོས་ཀྱི་འདུག་བལྟས་ཆོག་པར་འདོད། དེ་འདྲ་ཞིག་ཨེ་འདོད་ལགས།

    Reply
  9. ཨ་རིག་གླེན་རྒན། says:
    ལོ་ 14 སྔོན།

    ཁོང་མཁས་པ་ཡིན་ཡང་ཟླ་ཤས་དགེ་རྒན་བྱས་པ་ཙམ་གྱི་མི་རིགས་ཞིག་སྟོང་ཉེའི་སྐབས་སུ་མི་ཕན་ནོ།

    Reply
  10. བཙན་པོ། says:
    ལོ་ 14 སྔོན།

    སྤྲེལ་ནག་པ་ལ་བཅོས།

    Reply
  11. བཙན་པོ། says:
    ལོ་ 14 སྔོན།

    ངས་གོ་ཐོས་སུ་སྤེལ་ནག་བློ་གྲོས་དཔལ་བཟང་གིས་གསོག་སྒར་ན་དགེ་རྒན་བྱེད་ཀིན་འདུག་ཟེར། ཁོང་འདྲ་བའི་མཁས་པ་བཙན་བྱོལ་བོད་པའི་ནང་དཀོན་ཡ།

    Reply
  12. ཨ་རིག་གླེན་རྒན། says:
    ལོ་ 14 སྔོན།

    ཁོ་རེ་མིག་གསུམ་པ། རི་བོང་ལ་མིག་ཆུང་བ་བདེན་ཡང་ད་རེབ་རྣ་བ་རིང་པོ་གཉིས་གའི་མ་ཕན་ནམ། མ་མཐོང་ཡང་ཉན་རྒྱུ་གལ་ཆེ། ངའི་ཁྱེད་ཀྱི་བསམ་ཚུལ་དེའི་དོན་ལ་བཤད་པའང་མི་ཤེས་སམ། མི་གཞི་ངའི་ཕྱི་སྡོད་བོད་མིའི་ཡུལ་སྐད་ལྟར་འབྲི་མི་ཤེས་དེའི་ཕྱོགས་ནས་དགོངས་དངས་ཞུ། གང་ལྟར་བོད་ཡིག་དགེ་རྒན་གྱི་མ་འདང་བའི་སྐྱོན་ཏེ་རང་གཞུང་ཤེས་རིག་ལྷན་ཁང་གིས་བྱས་ཉེས་རེད།།

    Reply
  13. རི་བོང། says:
    ལོ་ 14 སྔོན།

    བོད།་་་ཤ་ཁྲག་རུས་གསུམ་ལགས།་་འདི་ནས་ཐར་ཐབས་ཀྱི་བསམ་ཚུལ་བཤད་པ་ཙམ་གྱིས་མི་ཆོག་པར་ལགས་ལེན་བསྟར་དགོས་པ་རེད།་་དེ་མི་ཡོང་བས་བཤད་ན་ཕན་ཐོག་ཡོད་པ་མ་རེད།

    Reply
  14. རི་བོང། says:
    ལོ་ 14 སྔོན།

    ཨ་རིག་གླེན་རྒན་ལགས།་་་ངས་གསོག་སྒར་ན་བོད་ཡིག་དགེ་རྒན་བྱེད་ཐུབ་མཁན་མང་པོ་མེད་པས་རྒྱུ་མཚན་ལ་དེར་ཡིག་རྨོངས་པ་མང་བ་བཀོད་འདུག་གམ་མིག་ཤེལ་གྱི་ཨང་གྲངས་སྤར་ཏེ་སེམས་རྣལ་དུ་ཕབ་ནས་གཟིགས་ཤིགས།་་་རྗེས་མར་དྲ་ཐོག་ལ་ཕེབས་ན་དག་ཆ་དང་སྡེབ་སྦྱོར་ལ་ཅུང་གཟབ་ནན་གྱིས་ཚང་མས་གོ་བ་ལེགས་པར་ལེན་ཐུབ་པ་ཞིག་ལ་བསམ་བློ་གཏོང་རོགས།་་་ཁྱོད་ཀྱིས་འདི་འདྲ་རྐྱང་བྲིས་ན་དྲ་ཐོག་ལ་ལྟ་འདོད་ཀྱི་འདུན་པ་ཉམས་བཅུག་ས་རེད།

    Reply
  15. ལྷ་ཆབ་སྦྱིན་པ། says:
    ལོ་ 14 སྔོན།

    བརྒྱ་བཤད་ཚིག་གི་རྩ་བ་ནི་བཙན་བྱོལ་བོད་གཞུང་གི་ངོས་ནས་རང་རེའི་རིག་གཞུང་གི་རྐང་མཐུག་པོ་ཡོད་མཁན་དག་ལ་བདག་པོ་རྒྱག་ཐུབ་ཀྱི་མི་འདུག ང་ཚོའི་ཨ་ཡོད་ནང་གི་དེ་ཡོད་དག་ཕྱི་རྒྱལ་ལ་ཤོར་སོང་བ་རེད། ན་ནིང་ནས་ད་ལོ་བར་ཅི་ཙམ་ཤོར་སོང༌། དངོས་གནས་བཤད་ན་འདི་དག་ལ་བདག་པོ་ཞིག་རྒྱག་ཐུབ་ཡོད་ན་བཙན་བྱོལ་ཁྲོད་དགེ་རྒན་ཞིག་ལ་དཀའ་ངལ་ཡོད་པ་མ་རེད། ང་ནི་ནམ་ཡང་དེའི་ཕྱོགས་ནས་ཕམ་མཁན་ཞིག་ཡིན། Vr

    Reply
  16. ཨ་རིག་གླེན་རྒན། says:
    ལོ་ 14 སྔོན།

    རི་བོང་ནི་རི་བོང་དེ་དུད་འགྲོ་རང་ཡིན། ཁྱེད་ཀྱིས་གསོག་སྒར་ན་བོད་ཡིག་དགེ་རྒན་བྱེད་ཐུབ་མཁན་མང་པོ་མེད་པས་རྒྱུ་མཚན་ལ་དེ་ན་ཡིག་རྨོངས་བ་མང་པོ་ཞིག་ཡོད་པར་བཤད་པ་མི་རིགས་སྟེ། དཔེར་ན་བོད་ནང་ན་བོད་ཡིག་དགེ་རྒན་བྱེད་ཐུབ་མཁན་མང་པོ་མེད་མང་པོ་ཞིག་ཡིག་རྨོངས་པ་རེད་ཟེར་དང་མཚངས་པས་རྒྱུ་མཚན་ཡང་དག་ཏུ་གཏན་ནས་མི་འགྲོ། གཙོ་བོད་ཡིག་དགེ་རྒན་མ་རྙེད་པ་མིན་པར་ལས་དཀའི་རྒྱུན་སྐྱོང་མ་ཐུབ་པ་རེད། འདི་ཡང་རང་གཞུང་ངམ་ཤེས་རིག་ལྷན་ཁང་གི་འཛིན་སྐྱོ་མཐུས་མཐུས་ཤོར་བའོ།
    ༡ དགེ་རྒན་ལ་དགོས་ངེས་ཀྱི་མཐུན་རྐྱེན་ལེགས་པོ་མ་བྱུང་བ། ༢ དགེ་རྒན་འཚོལ་བསྡུའི་བྱེད་སྒོ་མཐུས་ཤོར་བ། ༣ ཐད་གར་སློབ་གྲའི་སྒྲིག་ལམ་གཙོའི་ཕྱི་ནང་ཡོངས་སུ་གཟིགས་རྟོགས་བྱེད་ཐེངས་ཉུང་བ་བཅས་མཐུས་ཤོར་ན་བཙན་བྱོལ་ནང་བོད་ཀྱི་སྐད་ཡིག་འཆི་ལམ་དུ་མ་སོང་རང་སོང་ཡིན།།

    Reply
  17. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    རི་བོང་ལགས། སྐྱོན་སྣེ་རྐྱང་རྐྱང་ལས་འདི་ནས་ཐར་ཐབས་ཤིག་གང་ནས་རེག་མིན་བསྐོར་གྱི་བསམ་ཚུལ་ཞིག་གསུང་རྒྱུ་མེད་དམ།

    Reply
  18. རི་བོང། says:
    ལོ་ 14 སྔོན།

    ནགས་ཕྲན་པས།་་་གསོག་སྒར་ན་བོད་ཡིག་དགེ་རྒན་བྱེད་ཐུབ་མཁན་མང་པོ་ཡོད་ཟེར་བ་དེ་ནོར་བ་རེད།་་་ཅིའི་ཕྱིར་ཞེ་ན་ཁོང་ཚོ་མང་ཆེ་བ་བོད་ནས་ར་ལུག་གི་རྫི་བོ་དང་འཁྱམ་ཉཱུལ་གྱི་འཚོ་བ་སྐྱེལ་མཁན།་་་་སློབ་གྲྭ་དང་དགོན་པའི་སློབ་སྦྱོང་ཁུངས་མ་འཁྱོལ་མཁན་རྐྱང་རེད།་་་བོད་ཡིག་ཤེས་ཚད་ཅུང་བཟང་བ་ཚོའང་དབྱིན་ཡིག་ལ་འགྲམ་ཆུ་ལྡང་མཁན་ཚོ་རེད།་་ཚོགས་པ་དེ་འདྲ་ཞིག་ནས་དགེ་རྒན་ཞིག་ཁྲིད་ཡོང་ན་སློབ་མ་དེ་ཚོའང་རྙིང་རྗེ།

    Reply
  19. རི་བོང། says:
    ལོ་ 14 སྔོན།

    ཆུ་ཐིགས་སྔོན་མོས།་་ལག་འཁྱེར་མེད་པའི་ཤེས་ཡོན་པ་མང་པོ་ཞིག་ལ་བོད་གཞུང་གིས་ལམ་ཁ་མ་སྤྲད་ནས་ལྷག་བསྡད་པའི་བཟོ་འདྲ་ཞིག་བཤད་པ་དེ་ངས་ངོས་ལེན་བྱེད་ཐུབ་མ་སོང།བཙན་བྱོལ་གཞུང་ལ་ཤེས་ཡོན་པ་མེད་པའི་དཀའ་ངལ་ལས་ཤེས་ཡོན་པ་ལ་ལམ་ཁ་མེད་པའི་དཀའ་ངལ་ཉུང་ཉུང་རེད།་་་ཚད་ལྡན་གྱི་ཤེས་ཡོན་ཡོད་ན་སྤྱི་སྒེར་གང་རུང་་ནས་ལམ་ཁ་ཞིག་ཡོད་ཡོད་པ་འདྲ་བོ་རེད།་་ལག་འཁྱེར་རྫིག་པོ་དེ་ཡང་དཀའ་ལས་མང་པོ་ཞིག་བརྒྱབ་ནས་བླངས་པ་ཡིན་པས་དེ་ལ་ལྟ་ལོས་དགོས།་་ངེས་པར་དུ་ལྟ་དགོས་པ་ཞིག་རེད་ལ།་་དེ་འཛམ་གླིང་སྤྱིའི་འགྲོ་སྟངས་དང་ཡང་མཐུན་པ་ཞིག་རེད།

    Reply
  20. རི་བོང། says:
    ལོ་ 14 སྔོན།

    གསོག་སྒར་ལ་བོད་ཡིག་དགེ་རྒན་ཡག་པོ་མི་རེག་པ་ཁག་ཡོད་པ་མ་རེད།དགེ་རྒན་ཡག་པོ་རེག་པ་འདི་གཙོ་བོར་སློབ་མའི་སྤུས་ཚད་དང་དགེ་རྒན་གྱི་གླ་ཕོག་ལ་རག་ལས་པ་ཞིག་རེད།གསོག་སྒར་ལ་འདི་གཉིས་ཀ་ཚང་གི་མ་རེད།

    Reply
  21. ནགས་ཕྲན་པ་བསོད་ནམས་ཚེ་རིང་། says:
    ལོ་ 14 སྔོན།

    ངོ་མ་བཤད་ན་སོགས་སྒར་སློབ་གྲྭར་བོད་ཡིག་དགེ་རྒན་བྱེད་ཐུབ་མཁན་གྱི་སློབ་མ་མང་པོ་ཡོད་པ་རེད། ཡིན་ཡང་ཁོང་ཚོར་སློབ་ཁྲིད་བྱེད་ཐུབ་མཁན་གྱི་དགེ་རྒན་སྤུས་དག་ཞིག་སྔོན་མ་ནས་དཀོན་མོ་རེད། རེ་གཉིས་ཡོད་པ་ཚོ་ནི་དགོངས་པ་ཞུས་ཟིན་པ་རེད། ངས་བལྟས་ན་སུ་ཇ་དང་གྷོམ་པ་པུར་སོགས་སུ་གསོགས་སྒར་ཀྱི་སློབ་མ་བོད་ཡིག་ཆུ་ཚད་ཡག་ཤོས་ཚོར་དམིགས་བསལ་བོད་ཡིག་དགེ་རྒན་སྦྱོང་བརྡར་ཡག་པོ་རེ་སྤྲད་ནས་བཏང་ན་ཡག་པོ་རེད་དྲན་གྱི་འདུག དེ་མིན་ན་བཙན་བྱོལ་ནང་གི་ལག་ཁྱེར་མེད་པའི་བོད་འབྱོར་ཚོའི་ནང་ནས་བོད་ཡིག་དགེ་རྒནབསྡུ་སྐོང་བྱས་ན་ལོན་གྱི་རེད།

    Reply
  22. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    བཀླགས་ཟིན་པ་ཡིན། སྤྱིར་བཏང་སྐད་ཆ་འདིའི་རིགས་གཞུང་གི་ལས་ཀྱི་སྣེ་མོ་དེ་དག་དང་ཐད་ཀར་བགྲོ་གླེང་བྱེད་ས་ཞིག་བྱུང་ན་དངོས་ནས་ཕན་རྒྱུ་རེད་མོད། འོན་ཀྱང་། ངེད་ཅག་གིས་ད་དུང་དྲ་དངོས་ནས་མ་གཏོགས་གླེང་ཐུབ་ཀྱི་མེད་པ་འདི་ནི་ད་དུང་ཡང་བཀག་རྒྱ་ཞིག་གི་འོག་དུ་ཡོད་པ་མཚོན་ཐུབ། ང་ཚོ་ཚང་མས་འཁུར་མཉམ་ལེན་དགོས་གཅིག་ནས་བཅུ་དང་བཅུ་ནས་བརྒྱ་ཁ་བརྒྱུད་དེ་རང་དོན་རང་གིས་བྱེད་པའི་འགན་བོད་མི་ཡིན་ཚད་ལ་ཡོད་པ་གཞུང་སྒེར་ཚང་མར་གོ་རུ་འཇུག་དགོས། འདི་ནི་འུ་ཅག་གི་ལས་འགན་དང་འུ་ཅག་གིས་གླེང་གཞི་རེད།

    Reply
  23. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    ཁག་ཡོད་པ་མ་རེད། ང་ཚོའི་སློབ་གྲྭ་ཁག་གི་དགེ་རྒན་དག་ལག་འཁྱེར་རྫིག་པོ་ཞིག་གི་ངོས་ནས་ཡོང་བ་རེད། དེའི་སློབ་སྦྱོང་གི་གནས་རིམ་དང་བོད་ཡིག་གི་གནས་ཚད་ཅི་ཡོད་སོགས་ལ་རྒྱུས་ལོན་མི་བྱེད་པ་ནི་བཙན་བྱོལ་གཞུང་གི་འགྲོ་སྟངས་རེད། བོད་གཞུང་ལ་ལས་བྱེད་ཅིག་དགོས་ན་དེ་ལ་ལག་འཁྱེར་དང་། འཇོན་ཐང་། བརྒྱུད་ལག་སོགས་ཡོད་མེད་ལ་རག་ལས་པ་ལས་ཤེས་ཡོན་ལ་དེ་ཙམ་རག་ལས་མེད་པ་དངོས་མཐོང་ཡིན་པས་འདིའི་སྐོར་ལ་ང་ཚོས་ཅི་ཙམ་སྐད་བརྒྱབས་ཀྱང་ཕན་པ་ཡོད་པ་མ་རེད།

    Reply
  24. ནོར། says:
    ལོ་ 14 སྔོན།

    གང་གི་བཀའ་ལས་བསྒྲགས་པས་ལོ་ངོ་སུམ་ཅུའི་འཐུས་ཤོར་བ་རྣམས་ལས་གསར་ཏུ་འབྱོར་བ་དག་ལ་ལམ་ཁ་རེ་ཕྱེས་དང་། རང་ཉིད་ངོ་མ་དེ་ཁོ་ཚོས་ངོ་ཤེས་སོ།།།

    Reply
  25. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    སྤྱིར་ཡུལ་དུས་གནས་སྐབས་དབང་གིས་བོད་ཡིག་གི་གནས་ཚད་ཇེ་ཞན་དུ་འགྲོ་བ་དང་བོད་ཡིག་དགེ་རྒན་ཡང་ཇེ་དཀོན་དུ་འགྲོ་བ་དངོས་དོན་རེད། འོན་ཀྱང་ཁྱེད་ཀྱིས་མིག་ཡ་གཅིག་བཙུམ་ནས་་་་《འདི་ལྟར་སློབ་གྲྭ་ཁག་ན་བོད་ཡིག་དགེ་རྒན་ཡག་པོ་མེད་པའི་རྒྱུ་རྐྱེན་ཕུ་འདེད་བྱས་ན་ཝརྞ་མཐོ་སློབ་ཀྱི་བོད་ཡིག་ཤེས་ཚད་ལ་ཐུག་ཡོད་པ་རེད་ཅེས་བཤད་ན་མི་མང་པོ་ཞིག་ཁོང་ཁྲོ་ལངས་ན་འབར་འགྲོ་གི་རེད། དོན་དངོས་དེ་འདྲ་ཞིག་ཡིན་པར་འདོད་ཀི།》ཞེས་བཤད་འདུག དྲང་བདེན་གྱི་སྐད་ཆ་མིན་པར་ཕྱོགས་ལྷུང་བྱས་ན་ཁོང་ཁྲོས་འབར་འགྲོ་བ་སོ་སོ་སྐྱེ་བོའི་རང་མདངས་རེད། དཔེ་ན་ཁྱོད་སྤྱི་ཚོགས་དཀྲུག་མཁན་བྱེད་ལྟེ་རེད་ཟེར་ན་ཁྱོད་ཉིད་ཁོང་ཁྲོ་བྱེད་པ་ཆོས་ཉིད་རེད། ཕྱོགས་ལྷུང་གི་བསམ་པ་རེ་ཞིག་བོར་ནས་ཡང་བསྐྱར་སློབ་གྲྭ་ཁག་ལ་ཉམ་ཞིབ་ཞིག་བྱོས་དང་། སྭ་ར་དང་དེ་བཞིན་སློབ་གཉེར་ཁང་གཞན་དག་ནས་ཐོན་པའི་བོད་དགེ་དང་། དེ་དག་གི་གནས་ཚད་ ཀུན་སྤྱོད་ ལྷག་བསམ་བཅས་རྟོགས་ཐུབ།
    ལར་ནས་དེང་གི་དུས་སུ་ཁ་བདེ་པོ་དང་མགོ་བདེ་པོ་ཙམ་གྱིས་མི་ཕན་པས་ཁ་ཡོད་ལག་ཡོད་ཀྱི་ཐང་སྒང་ལ་ཐོན་ནས་ལས་ལ་འཇུག་ན་ཕན་འབྲས་ཆེ།

    Reply
  26. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    དགེ་རྒན་གྱི་གནས་ཚད་སྐོར་ལ་བགྲོ་གླེང་བྱེད་རིན་ཆེ།
    དང་པོ། དགེ་རྒན་གྱི་འབྱུང་ཁུངས་ནི། རང་རེའི་སློབ་གྲྭ་ཁག་ནས་སློབ་ཐོན་བྱུང་བའི་ཁཽངས་ནས་ཤེས་ཚད་སྐྱོ་ཤོས་རྣམས་དང་། བོད་ནས་གསར་དུ་འབྱོར་བ་ཁག་ཅིག་རེད།

    གཉིས་པ། སམ་བྷོ་ཊ་སློབ་ཁག་དང་བོད་ཁྱིམ། བོད་སློབ་འཛིན་ཚོགས། མ་སུ་རི་བོད་ཁྱིམ། བལ་ཡུལ་གྱི་སློབ་གྲྭ་ཁག དེ་མིན་སྒེར་སློབ་ཁག་བཅས་པའི་དགེ་རྒན་གྱི་ཤེས་ཚད་དང་ཐོབ་ཐང་གཅིག་གྱུར་མི་འདུག

    གསུམ་པ། བོད་དགེ་སྦྱོང་བརྡར་བྱ་ཡུལ་ས་རཱ་མཐོ་སློབ་དང་། ཝར་ཎ། བོད་ཁྱིམ་གྱི་ཏཱ་ལའི་བླ་མ་མཐོ་སློབ་བཅས་རེད། ཚང་མའི་ནང་དོན་ངོ་མའི་དགེ་རྒན་འོས་སྦྱོང་ཚད་ལྡན་སྤྲོད་ཀྱི་མི་འདུག

    བཞི་པ། ལྷག་པར་དུ་ས་རཱ་དང་ཝ་ཎ་གཉིས་ཀྱི་དགེ་རྒན་འོས་སྦྱོང་གི་ལས་རིམ་ནང་། སློབ་ཁྲིད་ཀྱི་ཐབས་ལམ་སློབ་ཁྲིད་གནད་ལ་སྨིན་པ་བྱེད་ཐུབ་ཀི་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist