མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕཱ་རེ་སིའི་དམིགས་བསལ་གྲོང་མིའི་མཚན་མཐོང་ཕུལ་བ།

བོད་ཀྱི་དུས་བབ།
༢༠༠༩/༠༦/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུངགི་གནོན་ཤུགས་དང་ངོ་རྒོལ་ལ་མ་ལྟོས་པར་༧གོང་ས་མཆོག་ལ་ཕཱ་རེ་སིའི་དམིགས་བསལ་གྲོང་མིའི་མཚན་མཐོང་འབུལ་བཞེས་ཀྱི་མཛད་སྒོ་དེ་ཕྱི་ཚེས་ ༧ ཉིན་དངོས་སུ་ཚུགས་ཡོད་ལ། སྐབས་དེར་ཕཱ་རེ་སི་གྲོང་ཁྱེར་ལྗང་ཁུ་ཚོགས་པའི་འཐུས་མི་ཚོས་གྲོང་ཁྱེར་ཉེ་འཁྲིས་སུ་ཡོད་པའི་སོ་སོའི་གཞུང་ལས་ཁང་གི་སྒེའུ་ཁུང་ནས་༧གོང་ས་མཆོག་གི་སྐུ་པར་དང་རྒྱ་ནག་དམངས་གཙོ་དོན་གཉེར་བ་ཧུའུ་ཅ་ཡི་སྐུ་དཔར་འགྲེམས་སྟོན་བྱས་ཡོད་པ་མ་ཟད་། ཧྥ་རན་སིར་གནས་སྡོད་བོད་མི་དང་བོད་གཞུང་དོན་གཅོད་ཁང་གིས་དགའ་བསུའི་རྟེན་འབྲེལ་མཚོན་ལྷད་དགོང་དྲོའི་འདུ་འཛོམས་ཤིག་གོ་སྒྲིག་གནང་ཡོད།
ཕྱི་ཚེས་ ༧ ཉིན་གྱི་དགོང་དྲོ་ཆུ་ཚོད་ལྔ་བའི་སྟེང་། ཕཱ་རེ་སིའི་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་བྷར་ཀྲེན་ཌེལ་ནོ  Bertrand Delanoë  ཡིས་༧གོང་ས་མཆོག་ལ་གྲོང་ཁྱེར་ཕཱ་རེ་སིའི་དམིགས་བསལ་གྲོང་མིའི་མཚན་མཐོང་འབུལ་བཞེས་ཀྱི་མཛད་སྒོ་དེ་གྲོང་ཁྱེར་སྲིད་གཞུང་ཚོམས་ཁང་ནང་དངོས་སུ་གཙོ་སྐྱོང་གནང་ཡོད་ལ། སྐབས་དེར་ཁོང་གིས་ ༼ གྲོང་ཁྱེར་ཕཱ་རེ་སིའི་དམིགས་བསལ་གྲོང་མིའི་མཐོང་མཚན་ནི་འཛམ་གླིང་འདིའི་སྒང་ཞི་བདེ་དང་། མཛའ་མཐུན། མཉམ་གནས་བཅས་ལ་འབད་བརྩོན་གནང་མཁན་ཚོར་འབུལ་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༢༠༠༨ ལོའི་དམིགས་བསལ་གྲོང་མིའི་མཚན་མཐོང་དེ་བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་ལ་སྤྱི་མོས་ལྟར་འབུལ་གཏན་ཁེལ་ཚར་ཡོད། དེ་ནི་ཁོང་གིས་འཛམ་གླིང་ཞི་བདེ་དང་། དམིགས་བསལ་བོད་རྒྱའི་གནད་དོན་དེ་འཚེ་བ་མེད་པ་དང་། ཞི་བདེ། མཉམ་གནས་། གཉིས་ཕན་བཅས་ལ་གཞི་བཅོལ་ནས་འབད་བརྩོན་གནང་བར་དམིགས་པ་ཞིག་ཡིན་ ༽ ཞེས་འགྲེལ་བརྗོད་གནང་ཡོད་ལ། དེ་བཞིན་༧གོང་ས་མཆོག་གིས་མཚན་མཐོང་འབུལ་བཞེས་སྐབས་གསུངས་དོན་ ༼ ངོས་རང་བོད་མི་དཀྱུས་མ་ཞིག་ཡིན་པའི་ཆ་ནས། དེ་རིང་གྲོང་ཁྱེར་འདིར་དམིགས་བསལ་གྲོང་ཁྱེར་ཕཱ་རེ་སིའི་གྲོང་མིའི་མཚན་མཐོང་ཐོབ་པར་དགའ་བོ་བྱེདབཞིན་ཡོད།  ད་ལྟ་ད་དུང་ངས་དྲན་གསོས་པ་ཞིག་ལ། ཕྱི་ལོ་བརྒྱད་ཅུ་གྱ་དགུ་ལོར་ངོས་རང་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་སྐབས་ངོས་རང་གཅིག་པུ་མ་ཡིན་པར། བོད་ནང་གི་བོད་མི་ཚང་མར་དགའ་སྤྲོ་འཕེལ་ཡོད་པ་མ་ཟད། རྒྱ་མི་མང་པོ་ཞིག་ལའང་རང་བཞིན་གྱིས་སྤྲོ་པ་འཕེལ་འདུག ཁོང་ཚོས་ང་ལ་རྗེས་སུ་ཡིག་འབྲེལ་གྱི་ལམ་ནས་དགའ་བསུ་གནང་སོང་། དེ་རིང་འདིར་ངས་འདི་ལྟའི་ཆེ་མཐོང་ཞིག་དང་ལེན་བྱེད་པ་ནི་རྒྱལ་སྤྱི་དང་བོད་ཀྱི་མ་འོངས་པར་ཁ་ཕྱོགས་པ་ཞིག་ཡིན་ལ། དམིགས་བསལ་བོད་ནང་གི་བོད་མི་དང་རྒྱ་རིགས་ཚོར་ཁ་ཕྱོགས་པ་ཞིག་ཡིན་ ༽ ཞེས་གསུངས་ཡོད།

འདས་ལོ་ཕྱི་ཟླ་ ༣ པའི་ནང་གྲོང་ཁྱེར་འདིའི་འཐུས་མི་ཚོས་སྤྱི་མོས་ཐོག་༧གོང་ས་མཆོག་ལ་མཚན་མཐོང་འདི་བཞིན་འབུལ་བར་གཏན་འཁེལ་སྐབས། ཧྥ་རན་སིར་གནས་སྡོད་རྒྱ་ནག་གཞུང་ཚབ་ཀྱི་ངོས་ནས་གྲོང་ཁྱེར་ཕཱ་རེ་སིའི་འཐུས་མི་ཚང་མར་ངོ་རྒོལ་གྱི་འཕྲིན་ཡིག་རེ་བཏང་ཡོད་པ་མ་ཟད། གཟའ་འཁོར་སྔོན་མའི་ནང་རྒྱ་ནག་གཞུང་གི་མགྲིན་ཚབ་པས་བོད་ཀྱི་གནད་དོན་ཐད་ཧྥ་རན་སི་མུ་མཐུད་ནས་ནོར་འཁྲུལ་གྱི་ལམ་དུ་མི་འགྲོ་བའི་འབོད་སྐུལ་ཞུས་ཡོད།

ཡུ་རོབ་གསར་འགོད་པ། ཟླ་བ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

ཆུ་ཚོད་ ༡༡ སྔོན་ལ།
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༢ སྔོན་ལ།
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

ཆུ་ཚོད་ ༡༢ སྔོན་ལ།
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

མཆན། 7

  1. གངས་ཕྲུག says:
    ལོ་ 17 སྔོན།

    བཀའ་ཁྲི་མཆོག་དགོངས་པ་ཞུས་ཀྱང་༧གོང་ས་མཆོག་གིས་དགོངས་པ་མ་གནང་པའི་གནས་ཚུལ་ཞིག་གང་གསར་སྤེལ་འདུག་ཀྱང་དུས་བབ་ནང་མ་ཐོན་པ་གང་ཡིན་ནམ།

    ད་དུང་འདི་ཟླའི་ཚེས་༧ ཉིན་ལྷ་སར་མི་༢༠༠་བསྐོར་གྱིས་སྐད་འབོད་བྱས་སྐད་འདུག

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ཁྱེད་ནི་བླ་མ། ཁྱེད་ནི་ཡི་དམ། ཁྱེད་ནི་མཁའ་འགྲོ བསྐལ་བ་ཇི་སྲིད་བར་དུ་རྗེས་སུ་འཛིན་པར་ཤོག གངས་ཅན་སྐྱེ་འགྲོ་གཙོ་བའི་འགྲོ་བ་སེམས་ཅན་དོན་དུ་སྐུ་ཚེ་བརྟན་པར་ཤོག ཐུགས་བཞེན་འགྲུབ་པར་སྨོན། བོད་གངས་ཅན་ཡུལ་ལ་ཕེབས་ཐུབ་པར་ཤོག བོད་ནང་གི་བོད་མི་དེ་དག་གིས་མིག་གི་དཔྱིད་དུ་མྱུར་དུ་འཆར་བར་སྨོན།

    Reply
  3. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    སྐུ་ཚེ་མཛད་འཕྲིན་འོད་སྣང་ཡང་ཡང་ཁྱབ་གྱུར་ཅིག །
    ནག་ཕྱོགས་མུན་པའི་གཡུལ་ལས་རྟག་ཏུ་རྒྱལ་གྱུར་ཅིག །
    གོ་ལ་ཧྲིལ་བོ་བྱམས་དང་བརྩེ་བའི་འཚོལ་བར་ཤོག །
    ཉམས་ཆུང་འགྲོ་རྣམས་བདེ་བའི་དཔལ་ལ་རོལ་བར་ཤོག །

    Reply
  4. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    སྐུ་ཚེ་མཛད་འཕྲིན་འོད་སྣང་ཡང་ཡང་ཁྱབ་གྱུར་ཅིག །
    ནག་ཕྱོགས་མུན་པའི་གཡུལ་ལས་རྟག་ཏུ་རྒྱལ་གྱུར་ཅིག །
    གོ་ལ་ཧྲིལ་བོ་བྱམས་དང་བརྩེ་བའི་འཚོལ་བར་ཤོག །
    ཉམས་ཆུང་འགྲོ་རྣམས་བདེ་བའི་དཔལ་ལ་རོལ་བར་ཤོག །

    Reply
  5. སྨོན་ལམ་མཐར་ཕྱིན། says:
    ལོ་ 17 སྔོན།

    ཁྱོད་ཚོས་གསར་འགྱུར་རྣམས་དུས་ཐོག་སྤེལ་ཐུབ་ཀྱི་འདུག་པར་དགའ་བསུ་ཞུ།

    Reply
  6. རི་བོང། says:
    ལོ་ 17 སྔོན།

    སྲོལ་རྒྱུན་ནང་ཆོས་ཀྱི་ར་བ་ལས་བརྒལ་མ་མྱོང་བའི་ནང་པའི་དགེ་སློང་ཞིག་གིས་འཛམ་གླིང་ན་སྙན་གྲགས་འབར་བའི་གཟེངས་རྟགས་རེ་རེ་མེ་ཏོག་འཐུ་འཐུ་བྱས་ཡོང་དུས།་་་ནང་ཆོས་ནི་རྣམ་དཔྱོད་དང་འཇོན་ཐང་གི་བཀག་རྒྱ་རུ་བཟུང་ནས་དེ་ལས་ལྷག་ཅིག་ལ་ཤི་འཐམ་རོ་འཐམ་བྱེད་མཁན་ཚོ་ལ་ཅིས་ལན་ནམ།

    Reply
  7. རི་བོང། says:
    ལོ་ 17 སྔོན།

    ང་ཚོའི་དབུ་ཁྲིད་༸གོང་ས་མཆོག་རྒྱལ་གྱུར་ཅིག་་་་ཁཽང་གི་ཕྱོགས་བྲལ་གྱི་ལྷག་བསམ་དང་།་་་་ཟླ་མེད་ཀྱི་རྣམ་དཔྱོད་རྒྱལ་གྱུར་ཅིག།་་་དུས་ནམ་ཡང་གདུལ་བྱ་རྣམས་རྗེས་སུ་བཟུང་དུ་གསོལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese