མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལྷ་སའི་གནས་སྟངས།

བོད་ཀྱི་དུས་བབ།
༢༠༠༩/༠༦/༡༡
Share on FacebookShare on TwitterShare on EmailShare on Whatsapp

ས་ག་ཟླ་བའི་ཉིན་བོད་མི་ ༢༠༠ ལྷག་གིས་ལྷ་རྒྱལ་སྒྲོག་པའི་ལས་འགུལ་སྤེལ་རྗེས་བོད་མི་ ༦ འཇུས་པ་ལྟར། ཕྱི་ཚེས་ ༩ ཉིན་སླར་ཡང་བོད་མི་བདུན་འཇུས་འདུག་ལ། མུ་མཐུད་རྩད་གཅོད་བྱེད་ཀྱིན་ཡོད་འདུག

སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ཚེས་ ༩ ཉིན་རྒྱ་གཞུང་གིས་བསྐྱར་དུ་བོད་མི་ ༧ འཇུས་ཡོད་ཅིང་། དེ་དག་གི་མི་གཉིས་ནི་ཚ་སྒང་ནས་ཡིན་པའི་བསོད་ཕྲུག་དང་། སྡེ་དགེ་འཇོ་མདའ་ནས་ཡིན་པ་བསོད་སྟོབས་གཉིས་ཡིན་འདུག ད་རེབ་འཇུས་པ་རྣམས་ནི་ཁ་སྔོན་བོད་མི་རྣམས་ཀྱིས་ལྷ་རྒྱལ་སྒྲོག་པའི་ལས་འགུལ་སྤེལ་སྐབས་རྒྱ་དམག་དང་ཉེན་རྟོག་པས་བླངས་པའི་བརྙན་འཕྲིན་དང་འདྲ་པར་ནང་མདུན་དུ་བགྲོད་མཁན་དང་། འག་འཁུར་མཁན་གཙོ་བོ་ཡིན་པ་ལྟ་བུ་ཐེབས་ཡོད་པ་ཁག་ཅིག་ཡིན་འདུག་ལ། ཕྱི་ཚེས་ ༡༠ ཉིན་མུ་མཐུད་ནས་རྩད་གཅོད་བྱེད་བཞིན་པ་མ་ཟད། དགོང་མོ་ལས་འགུལ་བ་རྣམས་རང་ཁྱིམ་དུ་ལོག་སྐབས་གསང་སྟབས་ཀྱིས་སྡོད་ཁྱིམ་རྩད་ཆོད་པ་རྣམས་ཀྱི་ནང་ཞོགས་པ་སྔ་མོ་དང་དགོང་མོ་ས་རུབ་རྗེས་རྒྱ་དམག་དང་ཉེན་རྟོག་པ་རྣམས་འཛུལ་ཡོང་ནས་འཇུས་པ་ཡིན་འདུག ད་དུང་ལས་འགུལ་དེའི་ནང་ཞུགས་མཁན་རྣམས་རིམ་བཞིན་འཛིན་བཟུང་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་སྟེ་དམ་དྲག་ཆེ་རུ་གཏོང་གི་ཡོད་འདུག
བོད་མི་ཚོང་བ་འགའ་ཞིག་ལྷ་ས་ནས་བྲོས་བྱོལ་དུ་འགྲོ་དགོས་ཀྱང་ཆགས་ཀྱིན་ཡོད་འདུག ད་རེབ་རྒྱ་གཞུང་གིས་ལྷ་སའི་བྱེད་སྟངས་འདི་དང་དེ་བཞིན་སྡེ་དགེ་འཇོ་མདའ་རྫོང་ཕྱོགས་སུ་ཉེ་ཆར་སྒྲུབ་བླ་རྣམས་ལ་རྡུང་རྡེག་བྱས་པ་དང་། དགོན་སྡེ་ཁག་ཏུ་རྒྱལ་གཅེས་ཀྱི་ལས་འགུལ་བཙན་དབང་དུ་སྤེལ་བ་འདི་དག་གང་ལ་བལྟས་ཀྱང་རྒྱ་ནག་ཏུ་ཆོས་ལུགས་དད་མོས་མེད་པ་གསལ་བོ་ཡིན་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ལ་གསལ་བོ་སྒྲོག་རོགས་ཞེས་ལྷ་ས་ནས་གནས་ཚུལ་མཁོ་སྤྲོད་པས་བརྗོད་ཡོད་འདུག

མཆན། 2

  1. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    བདུན་ཕྲག་སྔོན་མར་སྒེར་དོན་ཞིག་གི་ཆེད་དུ་རྒྱལ་སར་སོང་བ་ཡིན། དེ་དུས་ལྷ་ས་ནས་ཕེབས་པའི་མཚོ་བོད་མཐོ་སྒང་གི་སྐྱེ་དངོས་རིགས་ལ་ཞིབ་འཇུག་བྱེད་མཁན་གཅིག་དང་འབུམ་རམས་པ་གཅིག གཞན་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་ཚ་མོ་ཡིན་ཟེར་མཁན་གཅིག་བཅས་བོད་ནས་ཕེབས་མཁན་གསུམ་དང་ཐུག་འཕྲད་བྱུང་དེ་བོད་ཕྱི་ནང་གི་གནས་སྟངས་ཇི་སྙེད་ཅིག་ལ་གླེང་མོལ་བྱུང་། ང་ཚོས་ཕྱི་ལོགས་སུ་རྒྱ་ནག་སྲིད་གཞུང་གི་གཉའ་གནོན་དང་སྡུག་རྩུབ་འོག་བོད་ནང་གི་བོད་རིགས་སྤུན་ཟླ་ཚོར་དཀའ་ངལ་འཕྲད་བཞིན་པའི་སྐོར་ཅིག་བཤད་བཞིན་པ་དེར་ཁོང་ཚོར་བསམ་ཚུལ་དང་ལྟ་ཚུལ་མ་འདྲ་བ་ཞིག་འདུག ཁོང་ཚོས་གསུངས་ན། བོད་ནང་གི་བོད་མིའི་གནས་སྟངས་སྐྱོ་ནས་སྐྱོ་རུ་འགྲོ་བཞིན་པ་དང་བོད་མིའི་འཚོ་ཐབས་སོགས་རྒྱ་མིས་འཕྲོགས་བཞིན་པ་ནི་དངོས་ཡོད་གནས་ཚུལ་རེད་ཟེར། འོན་ཀྱང་། བོད་ནང་གི་བོད་མིའི་ཐོག་ལ་དྲག་སྤྱོད་དང་གཉའ་གནོན་རིགས་ཉུང་དུ་བཏང་སྟེ་བོད་མིའི་ཐོབ་ཐང་སོགས་ཡར་རྒྱས་གཏོང་དགོས་ན། ཕྱི་སྡོད་བོད་མི་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་སོགས་ལ་འབོད་སྐུལ་བྱས་ཏེ་རྒྱ་ནག་གཞུང་ལ་ཁ་རྡུང་གཏོང་རྒྱུ་གཅིག་པོ་མ་ཡིན་པར། བོད་ནང་གི་བོད་རིགས་མགོ་འཁྲིད་རྣམས་བརྗེ་བོ་རྒྱག་རྒྱུར་ཐབས་ཤེས་འཐེན་དགོས་ཀྱི་འདུག་ཞེས་བསམ་ཚུལ་ཤུགས་ཆེར་གླེང་གི་འདུག ད་དུང་བོད་ནང་གི་བོད་མིའི་དཀའ་ངལ་སེལ་མི་ཐུབ་པའི་བཀག་་རྡོ་གཙོ་བོ་གཅིག་ནི་བོད་རིགས་འགོ་འཁྲིད་ཚོའི་སྐྱུགས་བྲོ་བའི་བྱ་སྤྱོད་དེ་དག་རེད་ཟེར། ངེད་ཀྱིས་ཀྱང་། ཁོང་ཚོའི་བསམ་ཚུལ་རྣམས་བདེན་པ་མ་རེད་ལབ་མེད། དངོས་ཡོད་གནས་སྟངས་ནི་དེ་འདྲ་ཞིག་ཆགས་བཞིན་ཡོད་པ་འདྲ།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    བོད་ནང་གིས་བོད་མིས་སྐད་འབོད་ཀྱིས་གང་སར་ཁྱབ་ཀྱང་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist