མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨྱོ་ནད་ཅན་ཇེ་མང་།

བོད་ཀྱི་དུས་བབ།
༢༠༠༩/༠༦/༡༣
Share on FacebookShare on TwitterShare on EmailShare on Whatsapp

སྨྱོ་ནད་ཀྱི་ནད་རིགས་དེའི་གྲངས་འབོར་འཕར་ཡུལ་གཙོ་བོ་རྒྱ་ནག་གི་གྲོང་གསེབ་དང་གྲོང་བརྡལ་ས་ཁུལ་དུ་ཡོང་གི་འདུག་ཟེར།

ཕྱི་ཚེས་ ༡༢ ཉིན་བྷི་བྷི་སེ་རླུང་འཕྲིན་གྱིས་གནས་ཚུལ་བཀོད་པ་ལྟར་ན། ལོ་འདི་དག་ཏུ་རྒྱ་ནག་ནང་ནད་ཡམས་འདྲ་མིན་བྱུང་སྟེ་མི་མང་པོ་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་།  སྤྱི་ལོ་ ༢༠༠༡  ལོ་ནས་ ༢༠༠༥ ལོའི་བར་རྒྱ་ནག་ནང་སྨྱོ་ནད་ཅན་གྱི་རིགས་འཕར་སྣོན་བྱུང་སྟེ། མཚོ་སྔོན་དང་ཀན་སུའུ་། ཧྲན་ཏུང་།  ཀྲེ་ཅང་བཅས་ཞིང་ཆེན་བཞིའི་ནང་སྨྱོད་ནད་ཀྱི་ནད་གཞི་ཡོད་པའི་མི་ཁྲི་ ༦ དང་ ༣ སྟོང་ལྷག་བྱུང་ཡོད་ཡོད་པ་རེད། རྒྱ་ནག་སེམས་ཁམས་བརྟག་དཔྱད་ཚན་ཁག་གིས་ལོ་འདི་དག་ཏུ་བརྟག་དཔྱད་བྱས་པའི་བསྡོམ་རྩིས་ལྟར་ན། སྔོན་མ་ལས་འཕར་སྣོན་བྱུང་སྟེ་རྒྱ་ནག་ནང་དར་མའི་རིགས་ཀྱི་མི་གྲངས་དུང་ཕྱུར་ ༡ དང་ཁྲི་ ༧༣༠༠ ལྷག་ལ་ནད་འདི་ཕོག་ཡོད་ཚུལ་བརྗོད་ཡོད་པ་དང་། ནད་འདི་ཕོག་པའི་མི་གྲངས་ཀྱི་བརྒྱ་ཆ་ ༩༡ དང་མི་གྲངས་དུང་ཕྱུར་ ༡ ཁྲི་ ༥༨༠༠ ལྷག་ལ་ཆེད་ལས་རང་བཞིན་གྱི་སྨན་བཅོས་ཐོབ་མེད་སྟབས། ནད་ཡམས་མུ་མཐུད་གནས་ཡོད་ཚུལ་བརྗོད་ཡོད་པ་རེད། གནས་ཚུལ་འདིའི་ཐད་རྒྱ་ནག་གི་སེམས་ཁམས་རིག་པའི་ཆེད་མཁས་པ་ལིས་ཞོན་ཡོན་གྱིས། རྒྱ་ནག་ནང་ནད་ཡམས་འདི་ཁྱབ་བརྡལ་དུ་འགྲོ་དོན་གཙོ་བོ། ཆེད་ལས་རང་བཞིན་གྱི་སྨན་བཅོས་བྱེད་པའི་ཚན་ཁག་མེད་པ་མ་ཟད། མི་མང་ལ་སྨྱོ་ནད་རིགས་ཀྱི་རྒྱུས་ལོན་དང་། དེའི་སྐོར་གྱི་ཤེས་ཡོན་མ་སྤྲད་པའི་དཀའ་ངལ་ལ་བརྟེན་ནས་བྱུང་བ་ཡིན་ཚུལ་བརྗོད་ཡོད་པ་མ་ཟད། རྒྱ་ནག་ནང་གི་ནད་ཡམས་འདི་ཕོག་པའི་མི་གྲངས་ཀྱི་བརྒྱ་ཆ་ ༦༠ གྲོང་གསེབ་དང་རི་གྲོང་དུ་འཚོ་བའི་ཡུལ་མི་ཡིན་སྟབས་སྨྱོ་ནད་རིགས་ཀྱི་གྲངས་ཀ་འཕར་སྣོན་འབྱུང་གི་ཡོད། མོའི་རིགས་ཀྱི་སྨྱོ་ནད་ཀྱི་འབྱུང་རྐྱེན་མང་ཆེ་བ་སེམས་ཁྲལ་ལས་འབྱུང་གིན་ཡོད་པ་དང་། ཕོའི་རིགས་ཀྱི་འབྱུང་རྐྱེན་གཙོ་བོ་ཆང་རག་ལ་བརྟེན་ནས་འབྱུང་གིན་ཡོད་ཚུལ་བརྗོད་ཡོད་པ་རེད། སྤྱི་ལོ་ ༢༠༠༡ ལོ་ནས་ད་ལྟའི་བར་རྒྱ་ནག་ནི་སྨྱོད་ནད་ཀྱི་རིགས་འདི་ལ་བརྟེན་ནས་བུད་མེད་རང་ཤི་རྒྱག་མཁན་ཆེས་མང་བོའི་རྒྱལ་ཁབ་ཆགས་ཡོད་ཚུལ་བརྗོད་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

ཆུ་ཚོད་ ༡ སྔོན་ལ།
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

ཆུ་ཚོད་ ༥ སྔོན་ལ།
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

ཆུ་ཚོད་ ༨ སྔོན་ལ།
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤
gulf-insider
Mobile App

རྒྱ་ནག་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་རེད་འདུག

༢༠༢༦/༠༥/༠༤
Mobile App

བོད་སློབ་གྲྭ་ཁག་ཏུ་ལུས་ཐོག་ཉེས་ཆད་གཏོང་རྒྱུ་ངེས་པར་དུ་མཚམས་འཇོག་གནང་དགོས།

༢༠༢༦/༠༥/༠༤

མཆན། 7

  1. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    ཁྱོད་ཀྱི་མིང་དེ་དངོས་གནས་བོད་མི་རིགས་དང་འབྲེད་མེད་དོན་གཞན་ཞིག་རེད།
    གཡུག་འཇོག་ན་འཇོག་རན་རེད

    Reply
  2. Galaxy says:
    ལོ་ 17 སྔོན།

    བབ་ཅོལ་སྨྲ་བ་ཁྱེད་ནི་ངེས་པར་དུ་སྨྱོ་ནད་ཀྱི་ཟིན་པ་འདྲ། གོང་དུ་ང་ཡིས་ ༼ང་ཚོ་བོད་མི་རྣམས་༽ ཅེས་བརྗོད་ཟིན་ན་ད་དུང་ཡང་ཁྱེད་བོད་མི་ཞིག་ཡིན་ན་ཅི་ལ་ཟེར། གཞན་ཡང་གོང་དུ་གཟིགས་དང་། ང་ཡིས་བོད་མི་ཚོ་སྙིང་སྟོབས་མེད་པའི་སྡར་མ་ཁྱུ་གཅིག་རེད་ཅེས་གཏད་ནས་ལབ་ཡང་མ་མྱོང་ན་ཁྱེད་རང་གིས་འབེན་མེད་པའི་ལོང་མདའ་དེ་སུ་ལ་འཕེན། ཁྱེད་ནི་གྲོགས་པོ་བབ་ཅོལ་སྨྲ་མཁན་ཞིག་ཡིན་པ་གསལ་བོར་རྟོགས་སོང་། དེས་ན་ཅི་དགར་སྨྲ་འདོད་ན་སྨྲོས་དང་། འབྲེལ་མེད་དོན་གཞན་གྱི་ཉོག་གཏམ་ལ་ལན་མི་འདེབས་ལགས།

    Reply
  3. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    གྲོགས་པོ་གཞན་མིང་ཅན་ཁྱེད་རང་བོད་མི་ཞིག་ཡིན་ན་ངའི་དགོངས་དག་ཞུ་ཆོག གལ་ཏེ་གཞན་རིགས་ཤིག་ཡིན་ན་སྐུ་མཁྱེན་ང་ཚོར་མཚང་ཕྲུ་མི་དགོས། ང་ཚོའི་རྒྱལ་ཁབ་གཞན་ལག་དུ་ཤོར་ཏེ་ལུས་ངལ་དང་སེམས་འཁྲལ་ཡོད་ཀྱང་ཤེས་པ་གནད་དུ་མ་གནས་པའི་ཚོད་ལ་ལྷུང་མེད་ལ་ཁྱེད་ཀྱིས་བཤད་པ་ལྟར་རེ་བ་དང་སྙིང་སྟོབས་མེད་པའི་སྡར་མ་ཁྱུ་གཅིག་མིན།

    Reply
  4. Galaxy says:
    ལོ་ 17 སྔོན།

    ཨ་རིག་གླེན་རྒན། གོང་དུ་ང་རང་གིས་བྲིས་པ་དེ་ནི་ང་ཚོ་བོད་མི་རྣམས་ཀྱིས་དོར་སྣང་སྤྲད་དགོས་པའི་ཆ་ནས་བྲིས་པ་ཞིག་ཡིན་མ་གཏོགས་ཕྱི་རྒྱལ་བ་དང་བོད་མིའི་བར་གྱི་སྨྱོ་ནད་སུ་མང་བདུར་བའི་ཆེད་དུ་བྲིས་པ་ཞིག་མ་ཡིན་ལ། གཞན་ཡང་ཕྱི་རྒྱལ་བ་ལ་སྨྱོ་ནད་ཡོད་མེད་སྐོར་ང་ཚོ་ལ་འགན་ཁུར་ཆེར་མེད། ཁྱེད་ཀྱི་སྔ་རྒོལ་གྱི་འདོད་པ་མ་གོ་བཞིན་དུ་བབ་ཅོལ་སྨྲ་ལུགས་ལ་པལྟས་ན་ཁྱེད་ཀྱི་མཚན་དེ་དོན་གནས་འདུག

    Reply
  5. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    Galaxy དྲ་གྲོགས་གཞན་མིང་ཅན་ལགས་ལམ་སེང་ཨ་གསར་གྱི་སྐད་ཆ་མ་གསུང་རོགས་ཕྱི་རྒྱལ་བའི་བརྒྱ་ཆའི་བདུན་ཅུ་ལྷག་ལ་སྨྱོ་ནད་འདི་ཡོད་པ་བཞག་ནས་བཙན་བྱོལ་བོད་པའི་ནང་ཞིབ་འཇུག་བྱེད་དགོས་དོན་མེད།

    Reply
  6. Galaxy says:
    ལོ་ 17 སྔོན།

    པདེན་པ་རེད། སྤྱིར་སྨྱོ་ནད་འདི་ནི་སེམས་ཁམས་མ་སྙོམས་པ་ལས་འབྱུང་བ་ཞིག་ཡིན་ལ། དེ་ཡང་ཕྱི་རྒྱལ་གྱི་སེམས་ཁམས་རིགས་པ་པ་དང་ཞིབ་འཇུག་པ་མང་པོས་བརྗོད་དོན། སྨྱོ་ནད་འདིའི་རིགས་དེང་དུས་སུ་བོད་མི་ཡུལ་གྱར་བའི་ཁྲོད་ནའང་མི་མང་པོ་ལ་འདུག་ཅེས་བརྗོད་ཡོད། དེའི་རྒྱུ་མཚན་ཡང་ནང་མི་དང་ཕ་ཡུལ་བྲལ་བ་སོགས་ཀྱིས་རེད་ཟེར། གང་ལྟར་ཡང་དེ་ནི་ང་ཚོའི་དོར་སྣང་སྤྲད་དགོས་པའི་གནས་ཞིག་རེད་མ་གཏོགས་རང་ཉིད་ལ་སྨྱོ་ནད་ཡོད་པ་རང་གིས་ངོས་མི་ཟིན་པ་འབྱུང་སྲིད་

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ཡ་ང་བའི་ནད་རིགས་འདི་དག་དཔལ་འབྱོར་དང་འཚོ་བ་ཞན་པའི་རི་གྲོང་དུ་འཁྱམ་བཞིན་ཡོད་པ་བསམ་དུས། ནད་བདག་དེ་ཡང་མི་ཉམ་ཆུང་ལས་གང་ཡང་མི་ཐུབ་མཁན་ཞིག་རེད་འདུག དངོས་ནས་སྙིང་མ་རྗེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese