མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་ནག་གི་ཆ་ཤས་མ་རེད།

བོད་ཀྱི་དུས་བབ།
༢༠༠༩/༠༦/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་འདི་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་མིན་པ་གསལ་བོ་གསལ་རྐྱང་རེད། ང་རང་ནི་འདིའི་སྐོར་ལ་ཉམས་ཞིབ་བྱེད་མཁན་ཞིག་ཡིན་པའི་ཆ་ནས་དངོས་ཡོད་ཀྱི་ལོ་རྒྱུས་དྲང་བོར་བཤད་དགོས་པ་རེད། དེ་ང་རང་གི་ལས་འགན་ཆགས་ཡོད་ཟེར།

ཕྱི་ཚེས་ ༢༠ ཉིན་གྱི་ཕྱི་དྲོ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དང་བོད་ཀྱི་དཔེ་མཛོད་ཁང་གཉིས་ཀྱི་གོ་སྒྲིག་འོག་ཨ་རིའི་ཨེན་ཌི་ཡ་ན་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་སྤེར་ལིང་མཆོག་གདན་འདྲེན་གནང་སྟེ། གངས་དཀྱིལ་བོད་ཀྱི་དཔེ་མཛོད་ཁང་དུ་རྒྱ་ནག་གི་ཆ་ཤས་ཡིན་པའི་ཐོག་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ལ་རྒྱ་མིའི་ལྟ་སྟངས་གསར་པ་ལ་འགྲེལ་བརྗོད་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སོང་ལ། དེར་བཙན་བྱོལ་བོད་མའི་གཞུང་ཞབས་ལས་བྱེད་དང་ཕྱི་གླིང་བ་སོགས་མི་ལྔ་བཅུ་ལྷག་འདུ་འཛོམས་ཡོད། སྐབས་དེར། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཐེངས་འདིའི་གཏམ་བཤད་གནང་མཁན་ངོ་སྤྲོད་དང་འབྲེལ་གསུངས་དོན། དེང་སྐབས་ཨ་རི་གཙོས་ནུབ་ཕྱོགས་པའི་མགོ་སེར་མང་པོས་བོད་རིག་པའི་ཐོག་ཞིབ་འཇུག་བྱེད་ཀྱིན་ཡོད་པ་རེད། དེའི་ཁྲོད་ཀྱི་མི་མང་པོ་ཞིག་ངྷ་ས་གཙོས། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་མཐོ་རིམ་སློབ་གྲྭ་ཁག  དགོན་སྡེ་ཁག་སོགས་ཀྱི་ནང་སློབ་སྦྱོང་དང་ཉམས་ཞིབ་ཀྱི་ཕྱག་ལས་གནང་བཞིན་པའི་རིགས་གཅིག་ཡོད་པ་དང་། ཡང་། དེ་དག་ལ་ཉམས་ཞིབ་གནང་རྗེས་བོད་ནང་དངོས་སུ་ཆས་ཏེ་བོད་ཀྱི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་དང་བོད་རིག་པའི་ཞིབ་འཇུག་ཁང་། དེ་མིན་སློབ་ཆེན་ཁག་སོགས་ལ་འབྲེལ་བ་བྱས་ཏེ་བོད་ཀྱི་སྐོར་ལ་ཉམས་ཞིབ་བྱེད་མཁན་ཁག་ཅིག་ཡོད་པ་རེད། ཡིན་ནའང།  ང་ཚོའི་ངོས་ནས་གཞུང་སྒེར་སུ་ཡིན་ཡང་ཉམས་ཞིབ་བྱེད་མཁན་འདིའི་རིགས་ལ་ཆ་རྐྱེན་སྐྲུན་ཐུབ་ཀྱི་མི་འདུག་བསམ། སྔོན་མ་དྲུག་ཅུ་ཐམ་པའི་དུས་སུ་ང་ཚོའི་དཔལ་འབྱོར་ཀྱི་མཐུན་རྐྱེན་ཞན་སྟབས་ཆ་རྐྱེན་སྐྲུན་ཐུབ་མེད་ཀྱང་། ད་ལྟ་ང་ཚོའི་གཞུང་ཚགས་ཚུད་དང་མཐུན་རྐྱེན་ཇེ་ལེགས་སུ་ཕྱིན་ཡོད་པ་རེད། དེ་ལྟ་ནའང།  ང་ཚོ་བོད་པའི་བླ་མ་དང་དཔོན་པོ། གཞུང་ཞབས་སོགས་སུ་ཡིན་ཡང་ནུབ་ཕྱོགས་སུ་འགྲོ་རྒྱུ་ཁོ་ནར་དམིགས་ཀྱི་ཡོད་པ་ལས། བོད་མི་རིགས་ཀྱི་རིག་ཞུང་དང་བོད་སྐད་བོད་ཡིག་ལ་དོ་སྣང་བྱེད་མཁན་ཧ་ཅང་ཉུང་བའི་དུས་ཤིག་ལ་སླེབས་འདུག སྤྱིར་ཁོང་གིས་དེ་རིང་གཏམ་བཤད་གནང་རྒྱུའི་ནང་དོན་འདིའི་རིགས་ང་ཚོའི་གཞུང་སྒེར་གཉིས་དང་བོད་པ་ཞིག་གིས་ངེས་པར་སྒྲུབ་དགོས་པའི་ལས་ཀ་ཞིག་ཆགས་ཡོད་ལ། ལྷག་པར་དུ་ང་ཚོས་དོ་སྣང་བྱ་དགོས་པའི་ལོ་རྒྱུས་ཀྱི་གནད་དོན། གོ་མིན་ཏང་སྐབས་རྒྱ་མིའི་ལྟ་སྟངས་གང་འདྲ་ཡིན་མིན། ཁམས་དང་འབྲི་ཆུ་ཤར་བརྒྱུད་དང་ནུབ་བརྒྱུད་ཀྱི་བོད་ཀྱི་གནས་སྟངས་གང་འདྲ་ཡིན་མིན། འབྲི་ཆུ་ནུབ་བརྒྱུད་དང་སྡེ་བ་གཞུང་གི་སྐབས་སུ་རྒྱ་ནག་གིས་བོད་ལ་ལྟ་སྟངས་གང་འདྲ་ཡོད་མེད། ཨ་མདོ་ས་ཁུལ་ཏུ་རྒྱ་མིའི་ལྟ་སྟངས་གང་འདྲ་ཡོད་མེད་དང་། གྲོས་མཐུན་དོན་ཚན་བཅུ་བདུན་དང་རང་སྐྱོང་ལྗོངས་དབུ་བརྙེས་རྗེས་སོགས་ཀྱི་དུས་སྐབས་དེ་དག་ལ་རྒྱ་མིས་བོད་ཀྱི་ལོ་རྒྱུས་ལ་འགྲེལ་བཤད་གང་འདྲ་རྒྱག་གིན་ཡོད་མེད་སྐོར་སོགས་ང་ཚོས་མཁྱེན་དགོས་པ་རེད། ཅེས་གསུངས་བྱུང་།

དེ་བཞིན་དགེ་རྒན་ཆེན་མོ་སྤེར་ལིང་གིས་་གཏམ་བཤད་གནང་དོན།  རྒྱ་ནག་གིས་ལོ་རྒྱུས་ཀྱི་བདག་དབང་ཐོག་བསྒྱུར་བཅོས་ཆེན་པོ་ཞིག་བཏང་བ་རེད། གནའ་སྔ་མོའི་ཡོན་རྒྱལ་རབས་ནས་ད་ལྟའི་བར་བོད་རྒྱ་ཁོངས་ཡིན་ཟེར་གྱིན་ཡོད་པ་རེད། ཡིན་ནའང། དུས་ད་ལྟ་དེ་ནི་འདས་པའི་ལོ་རབས་ ༤༠ ཡས་མས་ཀྱི་ལྟ་བ་ཡིན་ཚུལ་བརྗོད་དེ་དེར་ངོས་ལེན་བྱེད་ཀྱིན་མེད་པ་རེད། གང་ཡིན་ཅེ་ན། ཡོན་རྒྱལ་རབས་ཀྱི་སྐབས་སུ་བོད་རྒྱ་ཁོངས་མིན་པར་སོག་པོའི་ཁོངས་ཡིན་པ་དང་རྒྱ་ནག་ཡང་སོག་པའི་ཁོངས་ཡིན་པ་རྒྱ་ནག་ནང་དེེ་ལྟར་བཤད་མི་ཐུབ་ཀྱང། འཛམ་གླིང་གི་ལོ་རྒྱུས་ཞིབ་འཇུག་པ་ཚོས་དེར་ཁས་ལེན་ཞུ་གིན་ཡོད་པ་རེད། དེ་ལྟ་ནའང། རྒྱ་ནག་གིས། མི་རིགས་བྱུང་ནས་ད་ལྟའི་བར་བོད་རྒྱ་ཁོངས་ཡིན་ཚུལ་བརྗོད་ཀྱིན་ཡོད་པ་དང་། དེ་ལྟར་བརྗོད་དོན་ནི་དབྱིན་ཇི་དང་ཧྤ་རན་སིའི་དམག་མི་མ་བཏང་གོང་ཆིན་རྒྱལ་རབས་ཀྱི་ས་མཚམས་དེ་ཀྲུང་གོའི་ལོ་རྒྱུས་ཆ་ཚང་གི་ས་མཚམས་རེད། ཅེས་བརྗོད་ཀྱིན་ཡོད་པ་དང་། རྒྱ་ནག་གིས། དུས་རབས་ནས་དུས་རབས་སུ་ས་མཚམས་བསྒྱུར་བཅོས་འདྲ་མིན་གཏོང་གི་ཡོད་པ་རེད། གནས་ཚུལ་དེ་དག་གི་ཐད་ལོ་རྒྱུས་ཞིབ་འཇུག་པ་ཚོས་ཡིད་ཆེས་བྱེད་ཀྱིན་མེད་པ་རེེད། ང་རང་ལ་མཚོན་ནའང་དངོས་ཡོད་ཀྱི་ལོ་རྒྱུས་སྟེང་བོད་རྒྱ་ཁོངས་མིན་པའི་སྐོར་དྲང་བོར་བཤད་དགོས་པ་རེད། དེ་ང་རང་གི་ལས་འགན་ཆགས་ཡོད། ཅེས་གསུངས་བྱུང་ལ། ཡང་ཁོང་གིས། རྒྱ་ནག་གིས། སྤྱི་ལོ་ ༡༩༥༡ ལོའི་སྔོན་དུ་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། སྐབས་དེར་བོད་འདི་མན་ཇིའི་འོག་ཏུ་ཡོད་པ་རེད། གནས་ཚུལ་འདི་བོད་སོག་ཆིངས་ཡིག་ཏུ། “བོད་སོགས་མན་ཇུའི་འོག་ནས་ཐོན་པ་རེད། རང་བཙན་གྱི་རྒྱལ་ཁབ”ཅེས་ཡི་གེ་སྟེང་གསལ་བོར་འཁོད་ཡོད་པ་རེད་ལ། རྡོ་རིང་པནྜི་ཏའི་རྣམ་ཐར་དུའང་ཁོང་ཉིད་དུས་རབས་བཅོ་བརྒྱད་པའི་དུས་སུ་པེ་ཅིན་དུ་ཕྱིན་པ་དང་། བོད་མན་ཇི་གོང་མའི་མངའ་ཁོངས་ཡོད་པ་ངོས་ལེན་བྱས་ཡོད་ནའང། རྒྱ་ཁོངས་ཡིན་ཚུལ་དེའི་སྐབས་སུ་བྲིས་ཡོད་པ་མ་རེད། ཡིན་ནའང། བོད་རྒྱ་ཁོངས་ཡིན་པ་དང་རྒྱ་མིའི་ཆ་ཤས་ཡིན་པའི་ལྟ་བ་དེ་དུས་རབས་ ༢༠ ནང་གི་ལྟ་བ་ཞིག་རེད། རྒྱ་ནག་གིས། མི་རིགས་བྱུང་ནས་ད་ལྟའི་བར་བོད་འདི་རྒྱ་མིའི་མངའ་ཁོངས་ཡིན། ཅེས་བརྗོད་ཀྱིན་ཡོད་ཀྱང་ཁོང་ཚོར་བདེན་ལུགས་ཀྱི་ར་སྤྲོད་ཅི་ཡང་ཡོད་པ་མ་རེད།  རྒྱ་མིས་རྒྱུ་མཚན་ཅི་ཞིག་ལ་བརྟེན་ནས་བོད་རྒྱ་ཁོངས་ཡིན་ཚུལ་བརྗོད་ཀྱིན་ཡོད་པ་རེད་ཅེ་ན། དུས་རབས་ ༡༩ ནས་བཟུང་ཉི་ཧོང་དང་ཨ་རི། ར་ཤི་ཡ་སོགས་བཙན་རྒྱལ་རིང་ལུགས་ཁག་ཅིག་གིས་རྒྱ་ནག་ལ་བཙན་འཛུལ་བྱས་རྗེས། རྒྱ་ནག་གིས་བཙན་རྒྱལ་རིང་ལུགས་ཀྱིས་བཟུང་བའི་ས་ཁོངས་ཡོངས་རྫོགས་ཕྱིར་གཅིག་གྱུར་གྱི་མངའ་ཁོངས་སུ་བསྡུ་དགོས་ཚུལ་བརྗོད་ཡོད་སྟབས། དུས་དེ་ནས་བཟུང་བོད་ཡང་ཁོང་ཚོའི་མངའ་ཁོངས་སུ་བསྡུས་ཏེ། ར་ཤི་ཡ་ལྟར་སྟོབས་ཆེན་རྒྱལ་ཁབ་ཆགས་དགོས་ཚུལ་ལ་བརྟེན་ནས་བོད་འདི་རྒྱ་མིའི་མངའ་ཁོངས་སུ་བསྡུ་ཐབས་བྱེད་ཀྱིན་ཡོད་པརེད། ཅེས་གསུངས་བྱུང།

དགེ་རྒན་ཆེན་མོ་སྤེར་ལིང་ནི། ད་ལྟ་ཨེན་ཌི་ཡ་ན་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་དགེ་རྒན་གྱི་ཕྱག་ལས་གནང་གིན་ཡོད་པ་དང་། དུས་ཡུན་རིང་བོར་བོད་ཀྱི་སྐོར་ལ་ཞིབ་འཇུག་དང་ཉམས་ཞིབ་གནང་མཁན་ཞིག་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༢ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༦ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༧ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

མཆན། 7

  1. Loten says:
    ལོ་ 17 སྔོན།

    P-±ô-±P-¤Å-zôh-mÛ-¼P-z®m-HÛ-M¾-Dz-ŸÛG-»Ûm-q-ÁïÅ-zŸÛm-hÝü G-¼ï-‚Å-mÅ-M-mG-GÛ-M¾-DôPÅ-hÝ-ºhÝG-hGôÅ-Ťü

    Reply
  2. དགུ་ཚིགས་སྐྱ་མོ། says:
    ལོ་ 17 སྔོན།

    སྤྱིར་ང་ཚོ་བོད་མི་རྣམས་ཀྱི་༼བོད༽ཞེས་པ་དེ་བོད་ཆོལ་ཁ་གསུམ་ལ་གོ་བ་ལེན་པ་རེད། ཡིན་ནའང་རྒྱ་གཞུང་གི་ཁྱད་བསྒྲགས་བྱེད་སྟང་དང་གོ་བ་ལེན་ལུགས་དེ་༼བོད༽ཅེས་པ་དེ་བོད་རང་ལྗོངས་གཅིག་པུ་ལ་ངོས་འཛིན་དང་ཁྱབ་བསྒྲགས་བྱེད་ཀྱིན་ཡོད་རེད། དེའི་སྐྱེན་གྱིས་ཕྱི་རྒྱལ་བ་ཕར་ཆེར་བ་དང་། ལྷག་པར་དུ་རྒྱ་ནག་གི་མི་ཕྱིའི་རྒྱལ་ཁག་ན་ཡོད་པ་ཚོ་ལ་ང་བོད་པ་ཡིན། སྐྱེ་ཡུལ་སུ་ཁྲོན། མཚོ་སྔོན། ཀན་སུ། ཡང་ན་ཡུའུ་ནན་གང་ཡང་རུང་བ་ཞིག་ཡིན་པར་བརྗོད་ན་ཁོ་ཚོ་ཧང་སང་བ་རེད། དངོས་གནས་ཁོང་ཚོའི་བོད་ཞེས་པ་དེ་བོད་རང་ལྗོངས་གཅིག་པུ་རེད་བསམ་གྱིན་ཡོད་ལ། དེར་མ་ཟད་དེང་སེང་གི་ས་ཁྲ་ཚད་ལྡན་ཕར་ཆེ་བའི་སྟེང་དུ་གཟིགས་དང་། བོད་ཞེས་པ་དེ་བོད་རང་ལྗོངས་གཅིག་པུ་ཡིན་པར་བྲིས་ཡོད།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ད་ཁྱེད་ཚོས་དངོས་ནས་༧གོང་ས་མཆོག་འདུག་གི་གཞུག་ན་ཡག་པོ་རེད། སྐད་ཆ་བཤད་རྒྱུ་ཡོད་ན་༧གོང་ས་མཆོག་གིས་ཅིག་ཅིག་བྱས་སོང་ཟེར་ནས་མགོ་ནས་འདྲུད་དེ་མ་ཡོང་རོགས། བོད་ནང་ནས་གཞོན་སྐྱེས་མི་ཉུང་བ་ཞིག་གིས་༧གོང་ས་མཆོག་ལ་མ་ཉེས་ཁ་གཡོག་བྱས་པའི་རྩོམ་ཡིག་ཀྱ་ཀྱོག་འདི་འདྲ་སྤེལ། འདི་ནས་ཀྱང་མི་རེ་ཟུང་གིས་༧གོང་ས་མཆོག་གིས་མ་འཇོན་པ་དང་མ་ནུས་པ་འདྲ་བོ་བཤད་དེ་ཡོང་ན་དངོས་ནས་སེམས་སྐྱོ་བ་ཞིག་རེད། ཁྱེད་ཅག་གིས་༧གོང་ས་མཆོག་གིས་བོད་འདི་ལོ་རྒྱུས་སྟེང་ནས་རང་བཙན་ཡིན་པ་སྨྲོས་མེད་རེད། དེ་ལ་སུས་ཀྱང་འགྱུར་བ་གཏོང་ཐུབ་ཀྱི་མ་རེད་ཟེར་ནས་གསུང་བ་དེ་དག་ཁྱེད་ཅག་གིས་མ་གོ་བ་ནི་ཡིན་རྒྱུ་མ་རེད། ད་འདུག་གི་གཞུག་ན་ཡག་པོ་རེད། སྐུ་མཁྱེན་གླེང་མོལ་བྱེད་འདོད་ཡོད་ན་ཐད་ཀར་མི་སྣ་འདི་དག་ལ་ཐད་ཀར་དྲི་བ་བཏང་ན་འགྲིག་གི་རེད། དེ་མིན་མགོ་གཉིས་མ་བཤད་ཀྱི་འདུག་ཟེར་བ་སོགས་མི་དེའི་རིགས་ཀྱི་མི་གོ་ས་ག་ཚོད་བཤད་ཀྱང་ཕན་གྱི་མ་རེད།

    Reply
  4. གནས་ཚང་། says:
    ལོ་ 17 སྔོན།

    ཁོ་རེ་འུར་མ་རྒྱག གལ་སྲིད་བོད་དེ་བཞིན་རང་བཙན་ཡིན་ན། དེང་སྐབས་ཏཱ་ལའི་བླ་མ་གཙོ་བྱས་མི་མང་བོ་ཞིག་གིས་ཅིའི་ཕྱིར༼རྒྱ་ནག་གཞུང་ལ་དབུས་གཞུང༽ཞེས་འབོད་ཀྱི་ཡོད་དམ།

    Reply
  5. བདེ་ཆེན་སྒྲོལ་མ། says:
    ལོ་ 17 སྔོན།

    འདི་ཚོའི་གྲངས་ཀྱིས་དོན་དག་མེད་པར་དོན་དག་བཙལ་ནས་རང་དོན་སྐྱོར་གི་ཡོད་པ་རེད།

    ཁ ནང་ལ་དུག་འཇོག་རྒྱུ་འདི་ཚོ།

    Reply
  6. བདེ་ཆེན་སྒྲོལ་མ། says:
    ལོ་ 17 སྔོན།

    ཁ་ནང་དུ་དུག་འཇོག་རྒྱུ་འདི་ཚོས་ཅི་ཟེར་གི།

    བོད་རང་བཙན་གཙང་མ་ཡིན་པ་ལོ་རྒྱུས་ཀྱི་ཤོག་ངོས་ན་གསལ་བོ་ཡོད་པ་རེད།

    འདི་སུས་ཀྱང་ནག་བསུབ་གཏོང་དཀའ་མོ་ཡིན་པ་རེད།

    བོད་རྒྱ་ནག་གི་ཆ་ཤས་ཡིན་མིན་གྱི་སྐད་ཆ་བཤད་མཁན་འདི་ཚོས་བོད་འདི་རྒྱ་ནག་དང་མཉམ་སྦྱར་བྱེད་བསམ་གྱི་ཡོད་པའི་དོགས་པ་ང་ལ་ནམ་རྒྱུན་སྐྱེས་ཀྱིན་འདུག

    Reply
  7. དབུས་ཕྲུག་ཚེ་རིང་། says:
    ལོ་ 17 སྔོན།

    ཕལ་ཆེར་རང་གིས་འཁྲུལ་མེད་ན་རྩོམ་ཡིག་འདིར་དོན་དངོས་དང་འབྲི་རྩལ་གྱི་ཐོག་ནས་འགལ་བ་གཉིས་མཐོང༌།
    དང་པོ་དུམ་མཚམས་འདི་དང༌། <<དེ་བཞིན་དགེ་རྒན་ཆེན་མོ་སྤེར་ལིང་གིས་་གཏམ་བཤད་གནང་དོན། རྒྱ་ནག་གིས་ལོ་རྒྱུས་ཀྱི་བདག་དབང་ཐོག་བསྒྱུར་བཅོས་ཆེན་པོ་ཞིག་བཏང་བ་རེད། གནའ་སྔ་མོའི་ཡོན་རྒྱལ་རབས་ནས་ད་ལྟའི་བར་བོད་རྒྱ་ཁོངས་ཡིན་ཟེར་གྱིན་ཡོད་པ་རེད། ཡིན་ནའང། དུས་ད་ལྟ་དེ་ནི་འདས་པའི་ལོ་རབས་ ༤༠ ཡས་མས་ཀྱི་ལྟ་བ་ཡིན་ཚུལ་བརྗོད་དེ་དེར་ངོས་ལེན་བྱེད་ཀྱིན་མེད་པ་རེད། གང་ཡིན་ཅེ་ན། ཡོན་རྒྱལ་རབས་ཀྱི་སྐབས་སུ་བོད་རྒྱ་ཁོངས་མིན་པར་སོག་པོའི་ཁོངས་ཡིན་པ་དང་རྒྱ་ནག་ཡང་སོག་པའི་ཁོངས་ཡིན་པ་རྒྱ་ནག་ནང་དཻ་ལྟར་བཤད་མི་ཐུབ་ཀྱང། འཛམ་གླིང་གི་ལོ་རྒྱུས་ཞིབ་འཇུག་པ་ཚོས་དེར་ཁས་ལེན་ཞུ་གིན་ཡོད་པ་རེད། >>

    གཉིས་པ། <<ཡང་ཁོང་གིས། རྒྱ་ནག་གིས། སྤྱི་ལོ་ ༡༩༥༡ ལོའི་སྔོན་དུ་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང༌། སྐབས་དེར་བོད་འདི་མན་ཇིའི་འོག་ཏུ་ཡོད་པ་རེད། >>
    དུམ་མཚམས་འདི་ཡིན་དུམ་མཚམས་ཕྱི་མ་འདི་འབྲི་དུས་ཏོག་ཙམ་ཏག་ཏག་བསྡད་མེད་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese