མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རླུང་ལངས་ནས་ཡོང་རྒྱུ་ཡོད་པ་མ་རེེད།

བོད་ཀྱི་དུས་བབ།
༢༠༠༩/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༢༥ ཉིན་༧གོང་ས་མཆོག་གིས་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ནང་དུ་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་སྐབས། རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོང་གཙོས་པའི་རྒྱ་རིགས་རྩོམ་པ་པོ་དང་ཤེས་ཡོན་པ་རྣམས་ལ་ང་ཚོས་རྣམ་འགྱུར་སྟོན་ཕྱོགས་ཐད་བཀའ་སློབ་ཐུང་ཐུང་ཞིག་གནང་ཡོད་པ་རེད།

༧གོང་ས་མཆོག་གིས་གསུངས་དོན། ཝང་ལི་ཞོང་ནི་ལོ་མང་རིང་བོད་པའི་ཐོག་དྲང་པོ་དྲང་བཞག་གིས་རྩོམ་ཡིག་མང་པོ་འབྲི་མཁན་ཞིག་རེད། ལོ་སྔོན་མའི་དོན་རྐྱེན་བྱུང་བ་ནས་ང་རང་རྒྱ་མིའི་མཁས་པ་དང་རྩོམ་པ་པོ་མང་པོར་ཐུག་འཕྲད་བྱུང་སོང། དེ་དག་དངོས་གནས་ཡག་པོ་རེད། ལོ་སྔོན་མའི་དོན་རྐྱེན་བྱུང་བ་ནས་རྒྱ་མིའི་ནང་བོད་དོན་ཐོག་རྩོམ་ཡིག་འབྲི་མྱོང་མཁན་ ༥༠༠ ལྷག་བྱུང་ཡོད་པ་རེད། དེ་དག་ཚང་མས་བོད་དོན་ལ་རྒྱབ་སྐྱོར་དང་བོད་པ་ལ་ཤ་ཚ་བྱས་པ་རེད། དེ་བཞིན་ང་ཚོར་རྒྱབ་སྐྱོར་བྱེད་མཁན་དེ་དག་བརྒྱུད་་རིམ་བཞིན་ང་ཚོའི་ནུས་པ་གསལ་ཡོང་གི་ཡོད་པ་རེད། དེ་བས། དངོས་གནས་རླུང་ལངས་བྱས་ནས་བསྡད་པ་ཡིན་ན། ཡོང་རྒྱུ་ཡོད་པ་མ་རེད། སོ་སོའི་ལྷག་བསམ་རྣམ་དག་བྱས་ཏེ། ང་ཚོས་དབུ་མའི་ལམ་ཞེས་བཤད་བསྡད་ཡོད་སྟབས། གཉིས་ཕན་གྱི་ཐོག་བསམ་བློ་གཏོང་རྒྱུ་ཞིག་སླེབས་འོང་གི་ཡོད་པ་རེད། ཅེས་གསུངས་ཡོད་པ་རེད།

ཟླ་འདིའི་ཚེས་ ༢༣ ཉིན་ཕེན་བོད་ཀྱི་ཕྱི་སྡོད་རྩོམ་པ་པོའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག གངས་སྐྱིད་དུ་རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོང་གིས་བཙན་བྱོལ་ནང་གི་ཤེས་ཡོན་པ་དང་གསར་འགོད་པ་སོགས་དོ་སྣང་ཡོད་རིགས་རྣམས་ལྷན་དུ་དུས་ཚོད་གསུམ་རིང་བགྲོ་གླེང་གནང་ཡོད་པ་རེད། ཡིན་ཡང་བགྲོ་གླེང་མགོ་འཛུགས་མ་བྱས་པའི་གོང་དུ་བོད་ཀྱི་རྩོམ་པ་པའི་མཐུན་ཚོགས་ཀྱི་ཚོགས་མི་ལྔས་ཝང་ལི་ཞོང་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གདན་ཞུ་བྱས་པ་དང་། ཁོང་གི་རྩ་བའི་ལངས་ཕྱོགས་བཅས་ལ་ངོ་རྒོལ་བྱ་ཆེད། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁོངས་ནས་དགོངས་པ་ཞུས་ཡོད་པ་རེད།

བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་ཀུན་ཐར་དོན་གྲུབ་ཀྱིས་ཉིན་འདིའི་རྗེས་ཀྱི་གནས་ཚུལ་འགའ་ངོ་སྤྲོད་གནང་བ་ལྟར་ན། ཉིན་དེར་ཝང་ལི་ཞོང་གིས་ཐོག་མར་ཁོ་རང་ལ་ངོ་རྒོལ་བྱེད་ཀྱིན་པ་ཚོར་མེད་པར། བོད་རིགས་འདི་དག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་ཀྱིན་པར་མཐོང་འདུག ཡིན་ནའང་རྗེས་སུ་ཁོང་གིས་སྐད་ཆ་དྲིས་སྐབས་ཁྱོད་རང་ལ་ངོ་རྒོལ་བྱེད་ཀྱིན་འདུག་ཅེས་བཤད་པ་ཡིན་ཟེར་ལ། བགྲོ་གླེང་གྲུབ་མཚམས་སྨན་རྩིས་ཁང་རྒྱབ་ཕྱོགས་ཀྱི་ཤིང་ནགས་ནང་ཁོང་གཉིས་འཆམ་འཆམ་དུ་ཕྱིན་སྐབས་ཝང་ལི་ཤོང་གིས་ཁོ་རང་པེ་ཅིན་དུ་སྡོད་སྐབས་འོད་ཟེར་དང་ཁོང་གཉིས་ཀྱི་སུ་ཡིན་རུང་བོད་དོན་གྱི་ཐོག་ལ་རྩོམ་ཡིག་འབྲི་བཞིན་པར་བརྟེན། རང་རང་ས་ནས་བཙོན་ཁང་དུ་འགྲོ་བར་ག་དུས་ཡིན་ནའང་གྲ་སྒྲིག་ཨང་གསར་བྱས་ནས་ཡོད་ལ། ད་རེབ་ངྷ་སར་བསླེབས་སྐབས་སོ་སོའི་བློ་ཐག་ཉེ་ཤོས་ཀྱི་ཡུལ་ལ་བསླེབས་པ་ལྟར་སྣང་ཡང་། འདི་ལྟར་ངོ་རྒོལ་ཞིག་ཡོང་བ་སེམས་ལ་དྲན་མེད་ཚུལ་བརྗོད་འདུག གང་ལྟར་ཉིན་དེའི་གནས་ཚུལ་དེ་སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱིས་གོ་མ་ཐག དགོང་མོ་དེར་ཝང་ལི་ཞོང་ལ་སེམས་གསོ་བྱེད་པར་གངས་སྐྱིད་དུ་ཕེབས་ཡོད་འདུག དེ་བཞིན་༧བཀའ་ཁྲི་མཆོག་གིས་ཀྱང་ཁོང་གི་དྲུང་ཡིག་བརྒྱུད་ཝང་ལི་ཤོང་ལ་བློ་ཕམ་མ་གནང་ཞེས་ཁ་ཏ་གནང་དགོས་སྐོར་གསུངས་ཡོད་པ་རེད།

ཕྱི་ཚེས་ ༢༥ ཉིན་༧གོང་ས་མཆོག་གིས་བོད་ཁྱིམ་སློབ་གྲྭ་ནས་བོད་རིགས་གཞོན་སྐྱེས་ཚོར་བཀའ་སློབ་གནང་གྲུབ་རྗེས། ཝང་ལི་ཞོང་ཕོ་བྲང་དུ་བཀའ་འབོད་ཀྱིས་དུས་ཚོད་གཉིས་ལྷག་རིང་བཀའ་མོལ་དང་ཞོར་དུ་བློ་ཕམ་གནང་མི་རུང་བའི་སྐོར་ནན་ཏན་གྱིས་གསུངས་ཡོད་འདུག འདི་དག་ལ་བརྟེན། ཝང་ལི་ཞོང་ནི་རྗེས་སོར་བློ་བག་བདེ་བོར་གནས་ཡོད་འདུག་ཅེས་ཀྱང་ཟེར།

ཝང་ལི་ཞོང་ལ་ངོ་རྒོལ་གྱི་གནས་ཚུལ་ལྷག་པའི་སྐོར་ཁོང་གི་བཟའ་ཟླ་འོད་ཟེར་གྱིས་གོ་ཡོད་པ་མ་ཟད། ཀུན་ཐར་དོན་གྲུབ་དང་འོད་ཟེར་གཉིས་ཀྱིས་ཁ་པར་བརྒྱུད་གླེང་མོལ་བྱེད་སྐབས་འོད་ཟེར་གྱིས། ཝང་ལི་ཞོང་གིས་མི་ལོ་ ༣༠ ལྷག་གི་རིང་བོད་དོན་གླེང་ཞིང་། དུས་རྒྱུན་བོད་དོན་ཐོག་སེམས་ཁྲལ་བྱེད་ཀྱིན་ཡོད་པ་རེད། དེ་བས་ཐེངས་འདིར་ཁོ་རང་ངྷ་སར་འབྱོར་བ་ནི་སོ་སོའི་ཡུལ་ལ་འབྱོར་བ་དང་མཚུངས་ཀྱང་། དེ་རུ་ངོ་རྒོལ་བྱས་པ་དེ་ནི་བློ་ཡུལ་ལས་འདས་པ་ཞིག་རེད་ཅེས་བཤད་ཡོད་འདུག འོན་ཀྱང་། རྗེས་སོར་༧གོང་ས་མཆོག་གིས་ཝང་ལི་ཞོང་ལ་སེམས་གསོ་བྱས་རྗེས་ཝང་ལི་ཞོང་གི་༧གོང་ས་མཆོག་གི་བཀའ་དགོངས་དང་འབྲེལ་ནས་འོད་ཟེར་ལ་སེམས་གསོ་བྱས་སྟབས། དེང་སྐབས་ཁོང་གཉིས་ཀ་བློ་བདེ་བོའི་ངང་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།

བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ ༥ ད་ཐེངས་ཀྱི་ངོ་རྒོལ་སྐབས་ཚོགས་ཁོངས་ནས་དགོངས་པ་ཞུས་པའི་ཐད་མཐུན་ཚོགས་ངོས་ནས་ཐག་གཅོད་དང་ལྟ་སྟངས་གང་འདྲ་འཛིན་གྱི་ཡོད་མེད་ཐད་ཁོང་གིས། ཉིན་འདི་ཚོར་ཚོགས་གཙོ་ལྷ་མོ་སྐྱབས་དང་ངེད་གཉིས་མ་གཏོགས་རྒྱུན་ལས་ཡོད་པ་མ་རེད། དེ་བས་དམིགས་བསལ་ཐག་གཅོད་འདྲ་མེད། ཡིན་ཡང་། ཚོགས་ཁོངས་ནས་འདུག་གི་མིན་ལབ་ན་དེ་མི་སོ་སོའི་རང་དབང་དང་ཐོབ་ཐང་རེད། སྤྱིར་ངོ་རྒོལ་བྱས་པ་དེའང་། དམངས་གཙོའི་སྤྱི་ཚོགས་ཤིག་གི་ངོས་ནས་བཤད་ན་འགྲིག་གི་ཡོད་པ་རེད། སོ་སོའི་འདོད་པ་རེད། ཡིན་ཡང་། དམངས་གཙོའི་ལུང་པ་ལའང་ཁྲིམས་ཡོད་པ་རེད། སོ་སོའི་སྐད་ས་ལ་འགན་འཁུར་དགོས་པ་རེད། ཐེངས་འདིར་བློ་ཕམ་ཅུང་བྱུང་བ་ནི་ཁོ་ཚོའི་ངོ་རྒོལ་བྱེད་སྟངས་ཀྱི་རྣམ་འགྱུར་དེ་ཏོག་ཙམ་ཐལ་དྲགས་པ་འདྲ་ཞིག་མཐོང་བྱུང་། ཤེས་ཡོན་པ་ཡིན་ན་བྱ་སྤྱོད་གང་ཐད་ལ་བསམ་བློ་གཏོང་དགོས་པ་རེད་འདོད། དེ་མིན་སྤྱིར་བཏང་ངོ་རྒོལ་གྱི་ཡི་གེར་མིང་རྟགས་འགོད་མཁན་ལྔ་བྱུང་ནའང་། དངོས་སུ་དགོངས་པ་གསུམ་ལས་བྱུང་མ་སོང་། ཟེར།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 64

  1. ཨ་བུ་གངས་དཀར says:
    ལོ་ 17 སྔོན།

    མེ་སྟག་དང་ནོར་སོགས་གཙོའི་བའི་དྲ་འབུ་ཚོ་གོང་༧་ས་མཆོག་གི་བོད་ཀྱི་སྲིད་དབང་བཟུང་ནས་ད་ལྟ་བར་དུ་བོད་མི་རིགས་ལ་ཕན་བདེ་ཞིག་སྐྲུན་འདུག་གམ་ནོར་འཁྲིད་བྱེས་འདུག།ཁྱེད་ཞོ་བོད་མི་གནད་མ་རེ་ཡིན་ན་གོང་༧་ས་མཆོག་གི་དགོངས་གཞི་མཐའ་དག་རྟོགས་དགོས་གང་༧་ས་མཆོག་རྒྱ་རྒན་འདིའི་གཡོ་འོག་ཏུ་ཚུད་ཀྱི་རེད་བསམ་ན་དེ་རི་བོང་གནམ་རྡིབ་ཀྱི་སེམས་འཕྲུལ་རེད།མེ་སྟག་ཁྱེད་ཀྱི་བོད་མི་རིགས་ལ་སྙིང་རྗེ་མཁན་ཞིག་མི་འདུག་ཟེར།གོང་༧་ས་མཆོག་དགོངས་གྲངས་བཅུ་དྲུག་ནས་ད་ལྟ་བར་དུ་བོད་མི་རིགས་ཀྱི་ཆོས་སྲིད་ཀྱི་བྱ་བ་ཕྲག་ཏུ་ཁུར་ནས་མི་ཚེ་ཧྲིལ་བོ་མི་རིགས་ཀྱི་ཆེད་དུུ་བཏངས་བ་འདི་མི་རིགས་ལ་རྩེ་བའི་རྟགས་མཚན་ཡིན།གོང་༧ས་མཆོག་བོད་མི་རིགས་ཀྱི་ཆེས་བླ་མེད་ཀྱི་དབུ་ཁྲིད་ཞིག་དང་གཞེས་ལས་བོད་མིའིམགྲིན་ཚབ་པ་ཞིགརེ།དེ་མིན་ན་བོད་མིརིགས་ལ་ཤ་ཚ་མཁན་དང་སྙིང་རྗེ་མཁན་ཁྱུ་སྦྱང་ངན་འབྲེལ་བྱེད་མཁན་གངས་བླ་མ་དང་ང་བླ་མ་དེ་ཡི་རྗེས་འབྲང་བ་དེ་ཚོ་ཡིན་རྒྱུ་་རེད་ཁྱེད་རང་དེ་ལ་རྒྱུག།།

    Reply
  2. ཁང་གསར་རྡོ་རྗེ། says:
    ལོ་ 17 སྔོན།

    གནས་ཚང་ལགས།
    ༡། སྣུམ་འཁོར་དེ་ཚེ་སྲོག་གྲངས་མེད་ཀྱིས་བཏེགས་ཡོད་ཅེས་བཤད་མཁན་ཉུང་ཉུང་རེད། མང་ཆེ་བས་སྣུམ་འཁོར་གྱི་བདག་པོས་ཚེ་སྲོག་གྲངས་མེད་དེ་རྣམས་བསྐྱངས་དང་སྐྱོང་བཞིན་ཡོད་ཅེས་བཤད་ཀྱིན་ཡོད། ཐ་ན་རྒྱ་ནག་གཞུང་གིས་ཀྱང་གནད་འགག་དེ་སྣུམ་འཁོར་གྱི་བདག་པོ་ཡིན་པར་ངོས་འཛིན་གྱིས་ཁོང་གི་སྐུ་ཚེའི་ཡུན་ཚད་ལ་རྩིས་བརྒྱབ་སྟེ་བསྡད་ཡོད།
    གང་ལྟར་སྣུམ་འཁོར་དེ་མི་མང་པོ་ཞིག་གི་འཕྲལ་ཕུགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པ་ཞིག་པར་རྩོད་པ་མེད། དེར་བརྟེན་དེ་གཏོང་ཕྱོགས་ལ་བསྐྱར་ཞིབ་བྱས་མི་ཆོག་པ་གང་ཡང་མེད། མེད་པར་བརྟེན་ནས་གྲོས་ཚོགས་ནང་བསྐྱར་ཞིབ་ཀྱི་གྲོས་ཆོད་བཞག་མྱོང་བ་རེད། ༼རྗེས་སུ་གྲོས་ཚོགས་དེ་རང་གིས་མང་མོས་ཐོག་ནས་ཕྱིར་འཐེན་བྱས་པ་རེད་༽ ཉེ་དུས་འཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་ཚོགས་ཆུང་གི་དགོངས་འཆར་ནང་དུའང་བསྐྱར་ཞིབ་བྱ་དགོས་པའི་བསམ་འཆར་འདུག དོན་དངོས་ལྟར་ན། སྣུམ་འཁོར་དང་ལམ། ཁ་ལོ་བ། ད་དུང་ཁ་ལོ་བའི་དཔུང་རོགས་དང་སྣུམ་འཁོར་གྱི་མྱུར་ཚད་དང་ཁ་ཕྱོགས་བཅས་ལ་བདག་པོ་སྐུ་ངོ་མས་བསྐྱར་ཞིབ་ཡང་ཞིབ་གནང་སྟེ་འགྱུར་བ་འགའ་རབ་བཏང་ཟིན་པ་རེད།
    ལམ་ཐོག་ཏུ་སྣུམ་འཁོར་གཏོང་སྐབས་གདེང་ཚོད་ཅེས་པ་ཧ་ཅང་བཤད་དཀའ་བ་ཞིག་རེད། མདོར་བསྡུས་ནས་བཤད་ན། སྣུམ་འཁོར་གཏོང་མཁན་ཚང་མར་དེ་རིང་འདི་ནས་ཐོན་རྗེས་སང་ཉིན་སྐྱོན་མེད་པར་ལོག་ཐུབ་པའི་གདེང་ཚོད་བརྒྱ་ཆ་བརྒྱ་ཡོད་པ་གཅིག་ཀྱང་མེད། རྒྱ་ནག་རང་ཉིད་ཀྱང་དེའི་ཁོངས་ཀྱི་གཅིག་རེད། འབྲེལ་མོལ་སྔ་མའི་སྐབས་སུ་བོད་ཕྱོགས་ལ་བསམ་འཆར་གྱི་སྣུམ་འཁོར་དེ་གཏང་ཤོག་ལབ་པ་རེད། འབྲེལ་མོལ་ཕྱི་མའི་སྐབས་ལ། དེ་རྦད་དེ་ཁ་ཕྱོགས་ནོར་བའི་གཏོང་སྟངས་རེད། ཁས་ལེན་མེད་ཅེས་བཤད་པ་རེད། ད་ཁོ་རང་ཚོ་ལའང་དཀའ་ལས་ག་ཚོད་འདུག

    ༢། ནོར་འཁྲུལ་ཤོར་ཚེ་དེ་ལུགས་ཀྱི་ཡོ་བསྲང་བྱེད་སྟངས་མང་པོ་ཞིག་ལོས་ཡོད། འོན་ཀྱང་ད་ཐེངས་ཀྱི་འདི་ནོར་འཁྲུལ་ཡིན་པར་ངོས་འཛིན་བྱེད་མཁན་མི་ཉུང་ཤས་ལས་མེད་ཅིང་། ཉུང་ཤས་དེའི་ཁོངས་ཀྱི་མང་ཆེ་ཤོས་ནི་མདུན་ལ་ཐོན་པའི་སྤོབས་པ་མེད་པར་ལྐོག་ལབ་རྒྱབ་ནས་སྡོད་མཁན་ཚོ་རེད། མདོར་བསྡུས་ནས་བཤད་ན། མང་ཆེ་བས་ནོར་མེད་པར་ངོས་འཛིན་བྱས་པ་ཙམ་མ་ཟད། ད་དུང་མུ་མཐུད་རྒྱབ་སྐྱོར་ཡོད་པར་བཤད་པ་རེད།

    Reply
  3. ནོར། says:
    ལོ་ 17 སྔོན།

    དྲ་གྲོགས་ཚོ། གསར་འགྱུར་འདིའི་ཁ་བྱང་ལྟར་རླུང་ལངས་ནས་ཡོང་རྒྱུ་ཡོད་པ་མ་རེད། ཕྲན་གྱིས་སྔོན་ཏུ་སྤེལ་བའི་བསམ་ཚུལ་ཁག་གཉིས་ནང་། བོང་ལུ་ཞོན་ལ་རྒྱ་གཞུང་གིས་གནོད་པ་མི་བྱེད་པ་མ་ཟད། ཅི་སྒྲུབ་དང་གར་འགྲོའི་རང་དབང་ཚད་མཐོ་ཡོད་པས་རྒྱ་གཞུང་གི་གཅེས་ཕྲུག་རེད་ཅེས་པ་དང་། གཞན་བོད་ཕྱི་སྡོད་རྩོམ་པ་པོའི་ཚོགས་མི་སྐོར་ཅིག་ལ་སྐད་ཆ་དྲིས་བ་ལུང་འདྲེན། དེ་བཞིན་གནས་ཚུལ་འདིར་དཔྱད་ཚུལ་གྱིས་དམངས་གཙོའི་སྤྱི་ཚོགས་ནང་ད་རེས་ཀྱི་ངོ་རྒོལ་གྱི་རྣམ་པ་དེ་ཐལ་དྲགས་ཡོད་མེད་སོགས་དོགས་འདྲིའི་ཚུལ་ཏུ་བཀོད་ཡོད་པ་ལགས་ན། མ་འགྲིག་པའི་ཐད་ཁ་གསལ་པོའི་སྒོ་ནས་གསུང་རྒྱུ་ལས་རླུང་ལངས་ནས་ཡོང་རྒྱུ་ཡོད་པ་མ་རེད།

    Reply
  4. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    ངས་མནོ་བསམ་གཏོང་བཞིན་པའི་སྐབས་ཡིན།
    ཨོ་ཡ་ཁྱོས་ད་འདི་མོ་ཆོ་མེད་བཤད་གི་མ་རི་བསམ་ཐ།
    ད་ཤེས་བྱུང་།

    Reply
  5. ནམ་མཁའ་བསྟན་འཛིན། says:
    ལོ་ 17 སྔོན།

    གོང་དུ་མཆན་འགོད་པ་གསར་བ་ནད་མཁའ་བསྟན་འཛིན་ཞེས་བ་ཞིག་སླེབས་འདུག་པས། ངེད་གཉིས་མི་ནོར་བར་མཁྱེན།

    Reply
  6. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    གྲོགས་ཀྱི་དྭངས་མ་གནས་ཚང་། བཀུར་འོས་དྲ་གྲོགས་འཇིག་ལྟ། སྙིང་ནས་བརྩེ་པའི་མེ་སྟག མི་རྗེ་དམ་པ་ནོར་བཅས་རིགས་མཐུན་དྲ་གྲོགས་ཁྱུ་དང་ཁྱུ་གཅིག་གིས་གསེར་སྙན་ནོར་བུའི་བུ་གར། ཡོད་ཚད་མི་རིགས་འདིའི་ཆེད་དུ་འབུལ་བཞིན་པའི་བོད་མི་དཀྱིས་མ་འགའ་ཡིས་དུས་བབ་དྲ་ཚིག་གསར་གཏོད་བྱས་སྟེ་༧རྒྱལ་བའི་མཛད་འཕྲིན་དང་བོད་ནང་གི་སྐྱོ་གནས་རྒྱལ་སྤྱིའི་གནས་ཚུལ་དང་ཕྱི་སྡོད་བོད་མིའི་སྐྱིད་སྡུག་སོགས་གནས་ཚུལ་མང་དག་ཅིག་དུས་ཐོག་ཤེས་རྟོགས་དང་ཕྱར་གྲུ་མཉམ་འདེགས་བསམ་ཙུལ་བརྗེ་ལེན་སོགས་དགེ་མཚན་འབུམ་གྱི་ཕྱུག་པའི་དུས་བབ་དྲ་ཐོག་འདིར་རྣམ་པ་ཚོས་ཀྱང་ཀུན་སློང་མིན་པའི་ཀུན་སློང་ཞིག་གིས་གོ་སྐབས་ནམ་ཐོན་དང་ཞལ་ནས་ཅི་ཐོན་གནང་འདུག་པ་རྣམ་པ་ཚོར་མཚོན་ན་དགོས་པ་ཡོད་ལ་འོས་པ་ཞིག་ཀྱང་ཡིན་སྲིད་མོད། དངོས་ཡོད་ཞུས་ན་བོད་ཀྱིས་ཁ་དཔེར། ཟངས་ངའི་ནང་ནས་འཐུང་།།ཁ་ལེབ་ཐོག་ལ་བཏང་།། ཞེས་པ་ལས་མ་འདས་པས་རབ་ཡིན་ན་དྲ་ཐོག་འདིར་ཇི་སྲིད་བར་ཏུ་མི་ཕེབས་རྒྱུ་དེ་ལྟར་མ་བྱུང་ན་ཡང་བོད་མིའི་རིགས་ཞེན་དང་ཡུལ་གྱར་བའི་ལ་རྒྱ་ཅུང་ཡོད་པ་བྱེད་རྒྱུ་ཐུགས་དགོངས་རྒྱ་ཁབ་ཕྲ་མོའི་བུ་ག་ལས་མི་ནམ་ཡང་མི་འདོར་བ་མཁྱེན་མཁྱེན་ཞུ།། ཨ་རིག་རྒད་པོས་གུས་པའི་ཚུལ་གྱིས་ཕུལ།།

    Reply
  7. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    ད་དུང་ནོར་དང་འཇིག་ལྟ། མེ་སྟག། ལ་སོགས་ཁྱོད་ཚོས་ཉི་མ་མ་འཁྱོལ་བ་ཡིན་ན་ང་ཚོས་གླེང་མོལ་གཞན་ཅིག་བྱེད་ཆོག།
    དེ་ལྟར་མིན་ད་སྐུ་མཁྱེན་སྐུ་མཁྱེན་མཁྱེན་མཁྱེན་ཞུ་རྒྱུ་ཡིན།
    ངས་མ་རབ་བྱས་པ་མིན་ཡང་ཁྱོད་ཚོས་སྐད་ཆ་ལ་དངོས་གནས་རིན་ཐང་མི་འདུག།
    ད་སྐུ་མཁྱེན།

    Reply
  8. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    གོང་གི་གནས་ཚང་ཟེར་པ་འདིས་བརྒྱ་བཤད་སྟོང་བཤད་ཅི་བྱས་ཀྱང་དམིགས་ཡུལ་ངོ་མ་༧ གོང་ས་མཆོག་དང་བོད་མའི་དབུ་ཁྲིད་རེ་ཟུང་ལ་སྐྱོན་བརྗོད་རྒྱུ་དེ་རེད། མི་འདིའི་ཁོག་ན་སྒེར་དོན་དང་འབྲེལ་པའི་ན་ཚ་ཆུང་ཆུང་ཞིག་བློས་གཏོང་ཐུབ་གྱི་མེད་པ་མིན་འགྲོ། མི་རིགས་ཤིག་གི་དབུ་ཁྲིད་ཡིན་ཕྱིན་མི་དམངས་ཀྱི་ཆེད་དུ་བཅོས་ཐུབ་དཀའ་བའི་མི་མཁྱོག་རེ་ཟུང་གི་ཞེ་འདོད་དང་འགལ་སྲིད་ལ་འགལ་དགོས་པ་ཞིག་རེད།

    Reply
  9. ནད་མཁའ་བསྟན་འཛིན་ says:
    ལོ་ 17 སྔོན།

    དྲ་གྲོགས་ཚོས་གསལ་པོ་ཞིག་ད་དུང་ཤེས་རྒྱུ་བསྡད་པ་ནི། བོང་ལི་ཞོན་དང་རྐུན་ཐར་དོན་འགྲུབ་གཉིས་ཀྱི་འབྲེལ་བ་དེ་གང་ཡིན་ནམ། འདི་ལ་བརྟག་རྒྱུ་ཞིག་་་་་་་་་་་་་ངོ་མ་ཡིན་་་་་་་་

    Reply
  10. ཟུར་མཁར་ says:
    ལོ་ 17 སྔོན།

    སྐུ་ངོ་ནམ་མཁའ་བསྟན་འཛིན་འདིའི་སྙིང་ཁམས་ཅུང་ཟད་བདེ་མིན་བཀའ་མོལ་གསུངས་སྟངས་ལས་ཤེས་ཐལ། ཉུལ་མ་དང་ཆོ་ལོ། པེ་ཅིན་མཁར་གྱི་བག་ལེ་ལ་སོགས་སྡུག་རུལ་རྙིང་ཚད་བཤད་གི་འདུག

    Reply
  11. ནམ་མཁའ་བསྟན་འཛིན། says:
    ལོ་ 17 སྔོན།

    སྐད་ཆ་ལ་འབྲེལ་བ་ཡོད་མེད་གཉིས་ཀར་ང་བག་ལེབ་འཚོང་མཁན་ཞིག་ཞེས་དོན་གྱིས་སྲང་ལམ་གྱི་བག་ལེབ་བཙོངས་ནས་རང་ཁ་གསོ་མཁན་གྱི་མི་ཚུན་ཆད་ལ་དམའ་འབེབ་བྱེད་བཞིན་འདུག་ཀྱང་། བག་ལེབ་བཙོངས་བ་ནི་རང་གིས་དཀའ་ལས་རྒྱབ་ནས་འཚོ་བ་རོལ་སྟངས་ཀྱི་ཆ་ཤས་ཡིན་པས་དེ་མཐོང་ཆུང་བྱེད་རྒྱུ་ཅི་ཡོད། དོན་ངོ་མ་ཁྱོད་ཀྱིས་རྡ་ས་ན་བག་ལེབ་བཙོང་གི་ཡོད་དང་པེ་ཅིན་གྱི་བག་ལེབ་ཟ་གིན་ཡོད་ཁྱོད་རང་གི་སེམས་ན་གསལ་བས། ངས་འབྲེལ་བཤད་སྣོན་མ་རྒྱག་མི་དགོས་མོད། ༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་གཞུང་གི་སྒྲིག་འཛུགས་དང་སྐྱིད་སྡུག་འདིས་འདོད་པ་མི་ཁེངས་པར་ཁྱོད་ལ་པེ་ཅིན་མཁར་གྱི་ཉི་མ་དེ་འདྲ་ཞིག་དྲོ་ན་ཁྱོད་རང་བཙན་བྱོལ་དུ་ཡོང་བར་དགོས་བ་མི་འདུག་ལ་ལྷག་པར་དུ་གཞུང་གི་འཛིན་སྐྱོང་མ་ལག་གི་ནང་དུ་སྐད་ཆ་བཤད་པའི་ཐོབ་ཐང་དེ་བས་ཀྱང་མི་འདུག ༧གོང་ས་མཆོག་གིས་སྔར་ལོ་ལྷོ་ཕྱོགས་ནས་གསལ་བོར་གསུང་་བཞིན་ཁྱོད་ཚོ་རྒྱ་ནག་གིས་བདག་པོ་རྒྱག་ནི་ཡོད་མཁན་ཚོ་འདིར་ཡོང་ནས་དགོས་བ་མི་འདུག མ་གཞི་ནས་ང་ཚོའི་སྐྱིད་སྡུག་ཁ་ཁ་རེད་ཅེས་གསུང་བ་ལྟར་རེད། དེ་བས་ངས་ཁྱོད་ལ་སོ་བ་དང་ཉུལ་མ་སོགས་ཀྱི་ཆོ་ལོ་ཅི་ཡང་འདོགས་འདོད་མེད། འོན་ཀྱང་དེང་སང་བོད་མི་རིགས་འདི་ལྷུང་ས་གསུམ་ལ་ལྷུང་ཡོད་དུས་གདོང་ལ་ལྟོས་བསྡད་ནས་མིག་ལ་མདུང་བརྩེགས་མ་བྱས་ན་དགའ་ཡི་རེད།

    Reply
  12. གནས་ཚང་། says:
    ལོ་ 17 སྔོན།

    གནས་ཚང་ནི་པཱ་ལེ་བ་ཞིག་སྟེ། པཱ་ལེ་དང་མི་ཚེ། ད་དུང་བསམ་འཆར་ཐན་ཐུན། ཡིན་ནང་། གནས་ཚང་གི་དྲི་བར་དེང་གི་བར་དྲིས་ལན་མི་རྐང་གཅིག་གིས་ཕོག་མེད་པས། ནམ་མཁའ་བསྟན་འཛིན་ཞུ་བ་འདིའང་དེའི་ཁྲོད་ཀྱི་གཅིག་ཡིན་ཤས་ཆེ།

    སྐུ་ངོ་ཁང་གསར་ལགས་ཀྱི་དྲིས་ལན་དེང་གི་བར་གནས་ཚང་གིས་མཐོང་བའི་ཆུ་ཚད་ཡོད་ཤོས་གཅིག་པུ་རེད་ཅེས་བཤད་ཆོག ཡིན་ནའང་། དྲི་བ་དང་དྲིས་ལན་མགོ་བརྩམ་མ་ཐག་ཡིན་པས། གཤམ་དུ་དྲི་བ་ཁ་ཤས་རིམ་འགོད་བྱེད་རྩིས་ཡིན།
    ༡ མོ་ཊ་དེ་མ་གཞི་ཚེ་སྲོག་གྲངས་མེད་ཀྱིས་བཏེགས་ཡོད་པ་ཞིག་ཡིན་པས། གདེངས་ཚོད་མེད་བཞིན་དུ་ཕམ་འཚོང་ལྟ་བུར་བཀོལ་བ་ཡིན་ན། ཅིའི་ཕྱིར་མི་རྣམས་ཀྱིས་བསྐྱར་ཞིབ་བྱེད་མ་ཆོག་པ་རེད་དམ། ཁ་ལོ་བ་སར་འདྲུད་མ་ཆོག་པ་ཡིན་ནམ།
    ༢ མང་གཙོའི་ལུང་བར་མཚོན་ན། དགོངས་སེལ་ནི་ནོར་འཕྱུག་ཡོ་བསྲང་གི་སྔོན་འགྲོ་ཡིན། གལ་སྲིད་བཙན་བྱོལ་ནང་དེ་ལུགས་དགོས་ཀྱི་མེད་ཚེ། ཞིང་བྲན་ལམ་ལུགས་བསྐྱར་གསོ་ཞེས་པ་དེའང་གཞི་མེད་བསྙོན་འཛུགས་ཤིག་ཏུ་གྱུར་ཡོད་དམ།

    མུ་མཐུད་དུ་དྲི་བ་ཡོད།

    Reply
  13. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    ཧ་ཧཧ་ཧ་་་་་་་་་་་་་་་་་ངོ་ཚ་མེད་ནས་མི་དགོས།

    Reply
  14. ཨ་བུ་གངས་དཀར says:
    ལོ་ 17 སྔོན།

    བོད་ལདྲིན་ཆེན་བྱེས་ཀྱང་དྲིན་མི་གོ་ཟེར་བའི་ལུངས་བསྟན་དེ་ཅི་མ་བདེན་

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese