མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རི་བོ་ཆེ་རྫོང་དུ་ངོ་རྒོལ།།

བོད་ཀྱི་དུས་བབ།
༢༠༠༩/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

༢༠༠༩ ལོའི་ཟླ་བ་༥ ཚེས་ ༣༠ ནས་ཉིན་གསུམ་ལ་རི་བོ་ཆེ་རྫོང་ཁོངས་ཀྱི་དབྱར་རྩྭ་དགུན་འབུ་བརྐོ་སའི་ས་ཁུལ་ཞིག་ཏུ་དབྱར་རྩྭ་དགུན་འབུ་བརྐོ་མཁན་མི་མང་ཁྲི་ལ་ཉེ་བ་འཛོམས་ཏེ། རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཡོད་པ་དང་། ཟླ་ ༦  ཚེས་ ༣ ཉིན་ཡང་བསྐྱར་མི་ ༦༠༠༠ ལྷག་གིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པའི་ཁྲོད་མི་ ༣༠ འཛིན་བཟུང་དང་བཀག་ཉར་བྱས་ཡོད་པ་མ་ཟད། ད་དུང་རྒྱ་དམག་གིས་མུ་མཐུད་དུ་གནད་ཡོད་མི་སྣ་དག་འཛིན་བཟུང་བྱེད་ཀྱིན་འདུག

བོད་ཡིག་གླེང་སྟེགས་དྲ་ཚིགས་ནང་བཀོད་པ་ལྟར་ན། སྔར་ལོའི་གསུམ་བཅུའི་དུས་དྲན་ནས་བཟུང་རྒྱ་གཞུང་གིས་བོད་ཐོག་དྲག་གནོན་བྱས་པའི་ཁོངས་སུ་རི་བོ་ཆེ་རྫོང་གི་མི་མང་དང་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་ཀྱིས་ཀྱང་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཡོད། ད་ལོ་ཡང་རྒྱ་གཞུང་གིས་རི་བོ་ཆེ་རྫོང་གི་མི་དམངས་རྣམས་ཡིན་ཕྱིན། དབང་པོ་སྐྱོན་ཅན་དང་དབྱར་རྩྭ་དགུན་འབུ་བརྐོ་ཐུབ་མིན་གང་ལ་ཡང་མ་ལྟོས་པར་ལོ་ན་ ༨ ཡན་དང་ ༦༠ མན་གྱི་མི་ཚང་མས་དབྱར་རྩྭ་དགུན་འབུ་བརྐོ་ཁྲལ་རྒྱ་སྒོར ༦༠༠ བཙན་གྱིས་བསྡུས་པར་བརྟེན། ༢༠༠༩ ལོའི་ཟླ་ ༥ ཚེས་ ༣༠ ནས་ཉིན་གསུམ་རིང་རི་བོ་ཆེ་རྫོང་མཁར་དམར་མདོ་ཤང་། རྣ་ལུང་གྲོང་བཅས་དབྱར་རྩྭ་དགུན་འབུ་བརྐོ་སའི་ས་ཁུལ་དུ་དབྱར་རྩྭ་དགུན་འབུ་བརྐོ་མཁན་མི་མང་ཁྲི་ལ་ཉེ་བ་འཛོམས་ཏེ། རྒྱ་གཞུང་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཏེ། རྒྱ་གཞུང་གིས་བོད་ཐོག་བཟུང་བའི་སྲིད་ཇུས་ནི་ཧ་ཅང་གདུག་རྩུབ་ཆེན་པོ་རེད། ང་ཚོ་བོད་རིགས་ཚང་མ་བློ་སེམས་གཅིག་པ་ཡིན། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བསྟན་པར་ཤོག ང་ཚོ་བོད་ལ་རང་དབང་དགོས། ང་ཚོ་ལ་འགྲོ་བ་མི་ཡི་ཐོབ་ཐང་དགོས། ཉེ་ཆར་རྒྱ་གཞུང་གིས་བསྡུ་རུབ་བྱས་པའི་དབྱར་རྩྭ་དགུན་འབུའི་ཁྲལ་སྒོར ༦༠༠ ཕྱིར་སྤྲོད་དགོས་ཞེས། ཉིན་གསུམ་ལ་སྐད་འབོད་བྱས་ཡོད་འདུག

 དེའི་རྗེས་ཟླ་བ་ ༦ པའི་ཚེས་ ༣ ཉིན་མཁར་དམར་མདོ་ཤང་དགའ་རྒྱལ་གྲོང་དབྱར་རྩྭ་དགུན་འབུ་བརྐོ་སའི་ས་ཁུལ་དུ་མི་གྲངས་ ༦༠༠༠ ཙམ་གྱིས་ཡང་བསྐྱར་གོང་བཞིན་སྐད་འབོད་བྱས་ཡོད་བྱས་པའི་ཁྲོད། ཉེན་རྟོག་པ་དང་བཀོད་འདོམ་པུའུ་བཅས་མི་ ༢༠ ལྷག་ཙམ་ལ་རྨས་སྐྱོན་བཟོས་ཤིང་། བོད་པ་ཚོས་རྒྱ་གཞུང་གི་སྐར་ལྔའི་དར་དམར་མར་ཕབས་པ་སོགས་བྱས་ཡོད་པར་བརྟེན། རྒྱ་གཞུང་གིས་དམག་མི་འབོར་ཆེན་བཏངས་ནས་མི་མང་ལ་རྡུང་རྡེག་ཚ་ནན་བཏངས་ཏེ། མི་ ༣༠ ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། ད་དུང་རྒྱ་དམག་གིས་མུ་མཐུད་དུ་ཞིབ་བཤེར་བྱས་ནས་གནད་ཡོད་མི་སྣ་དག་འཛིན་བཟུང་བྱེད་ཀྱིན་ཡོད་འདུག་ཟེར།

མཆན། 2

  1. འབྲོག་རུ་ཆོས་གྲགས། says:
    ལོ་ 14 སྔོན།

    http://www.bodbbs.com
    དྲ་གྲོགས་ལགས།
    གོང་གི་དྲ་ཚིགས་ཁ་བྱང་འདིའི་ནང་ཡང་བཀོད་ཡོད་འདུག
    ཁྱེད་ཀྱིས་འདི་ལས་གཟིགས་རོགས་ཞུ།

    Reply
  2. བསྟན་པ་ཡར་འཕེལ། says:
    ལོ་ 14 སྔོན།

    གོང་གསལ་གནས་ཚུལ་དེ་ད་དུང་ཁ་གསལ་འདྲ་ཡོད་ན་འབྲེལ་ཡོད་རྣམས་ཀྱིས་གསུངས་རོགས་གུས་པས་དྲྭ་ལམ་སྒེའུ་ཁུང་ནང་མིག་ཟུང་གཅེར་བཞིན་སྒུག་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist