མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤར་ཕྱོགས་གནམ་ཐང་ཁག་ནས་གཟབ་དགོས། པདྨ་ཚེ་དབང་ཤཱསྟྲི།

བོད་ཀྱི་དུས་བབ།
༢༠༠༩/༠༧/༡༣
Share on FacebookShare on TwitterShare on EmailShare on Whatsapp

པདྨ་ཚེ་དབང་ཤཱསྟྲི།

ཕྲན་གྱི་ངོ་ཤེས་གནམ་གྲུའི་ཞབས་ཞུ་བ་ཞིག་བརྒྱུད་གནས་ཚུལ་ཁུངས་ལྡན་ཐོས་གསལ་ལྟར་ན། ཉེ་ཆར་བྷེང་ཀོཀ་རྒྱལ་སྤྱིའི་གནམ་ཐང་གི་ཁྲལ་ཆག་ཚོང་ཁང་ཞིག་ནས་ཐ་མག་བརྐུས་པའི་ནག་ཉེས་ཕོག་སྟེ་རྒྱ་གར་བ་ཞིག་བཀག་ཉར་བྱས་འདུག རྒྱ་གར་བ་དེས་ཐ་མག་ཤོག་སྒམ་གཅིག་དང་། ཅོགལེཊི་སྒམ་གཅིག་ཉོས་ཏེ་རིན་པ་སྤྲད་ཡོད་ཀྱང་། དངུལ་ལེན་མཁན་གྱི་མི་དེས་ཐ་མག་སྒམ་ཤོག་ཐོལ་པ་ཞིག་འགྲུལ་པ་དེའི་ཉོ་ཆའི་མཉམ་ དུ་བླུགས་པས་འགྲུལ་པ་དེའི་བསམ་པར་ཤོག་སྒམ་དེ་རིན་མེད་དུ་སྤྲད་པ་རེད་སྙམས། འོན་ཀྱང་སྟབས་ཉེས་པ་ཞིག་ལ། ཐའི་ལེཎཌའི་ཉེན་རྟོག་པས་ཁོ་པ་ཚོང་ཁང་ནས་རྐུན་མ་བརྐུས་པའི་ནག་ཉེས་འོག་འཛིན་བཟུང་བྱས་ཏེ་མཚན་གཉིས་རིང་བཙོན་ཁང་དུ་ཉར་པ་མ་ཟད། ཐའི་སྒོར་ཆིག་ཁྲི་གསུམ་སྟོང་གློད་གྲོལ་གྱི་ཆེད་དུ་སྤྲོད་དགོས་པའང་བྱུང་འདུག ཐའི་སྒོར་༥༠༠ གྲང་གློག་ཅན་གྱི་ཁང་ཆུང་དུ་ཉར་གླ་དང་། ཐའི་སྒོར་ ༡༡༠༠༠ བཀག་ཉར་ཁང་ནས་གློད་གྲོལ་བཏང་གླ། དེའི་སྟེང་དུ་ཁོ་པ་ཁྲིམས་ཁང་དུ་འཁྲིད་པས་ཁྲིམས་དཔོན་གྱིས་ཉེས་ཅན་དུ་ངོས་འཛིན་བྱས་ཏེ་ཉེས་ཆད་ཐའི་སྒོར་༢༠༠༠ བསྒྲུབ་དགོས་པ་བྱུང་བའི་ཁར་ལག་ལྕགས་བརྒྱབ་སྟེ་གནམ་གྲུའི་ནང་དུ་བསྐྱལ། ཁོ་པའི་ཐོངས་མཆན་ལག་འཁྱེར་གྱི་སྟེང་དུ་རྐུན་མ་ཞེས་ཐེལ་རྩེ་བརྒྱབ་ཡོད། ཁོ་པའི་ཉེ་འབྲེལ་ཚོས་ཐའི་ལེཎཌ་རུ་རྟེན་གཞི་བྱས་པའི་རྒྱ་གར་གཞུང་ཚབ་ཁང་དུ་ བཅར་ཏེ་རོགས་སྐྱོར་ཞུས་ཀྱང་གཞུང་ཚབ་ཁང་ནས་རོགས་པ་གང་ཡང་བྱེད་ཐུབ་པ་མེད་ཚུལ་བརྗོད་འདུག
འགྲུལ་པ་དེའི་ལག་ནས་བླངས་པའི་དངུལ་འབོར་དེ་དག་འགྲུལ་པ་རང་ཉིད་ཀྱི་མདུན་དུ་ཉེན་རྟོག་པས་ནང་ཁུལ་བགོ་འགྲེམས་ཀྱང་བྱས་ཚུལ་འདུག 
ཤར་ཕྱོགས་པའི་འགྲུལ་པ་དུ་མ་ཞིག་ལ་འདི་འདྲའི་དཀལ་ངལ་ཧ་ལམ་ཉིན་ལྟར་འཕྲད་ཀྱི་ཡོད་སྐོར་ཐའི་ལེཎཌའི་དཔོན་རིགས་ཚོར་སྙན་སེང་ཞུས་ཀྱང་སྣང་མེད་དུ་འཇོག་གི་ཡོད་ཚུལ་འདུག གོང་གསལ་རྒྱ་གར་བ་དེས་མཚན་གཅིག་སིང་གྷ་པུར་ནས་ཡིན་པའི་མི་ཞིག་དང་། མཚན་གཅིག་མཱལེ་ཤི་ཡ་ནས་ཡིན་པའི་མི་ཞིག་དང་མཉམ་དུ་བཀག་ཉར་ཁང་དུ་བསྡད། སིང་གྷ་པུར་ནས་ཡིན་པ་དེས་ཐའི་སྒོར་ཁྲི་དྲུག་དང་། མཱལེ་ཤི་ཡ་ནས་ཡིན་པ་དེས་ཐའི་སྒོར་ཁྲི་བདུན་རང་རང་གློད་གྲོལ་གྱི་ཆེད་དུ་སྤྲོད་དགོས་པ་བྱུང་འདུག གོང་གསལ་གནས་ཚུལ་འདི་དག་དངོས་འབྲེལ་ཡིན་པ་སྐུ་ཞབས་རཱཇན། ཁེརའི་ཚོང་ཤག་རྒྱ་གར་ནས་ཡིན་པ་ཞིག་ལའང་དཀའ་ངལ་དེ་དང་གཅིག་མཚུངས་བྷེང་ཀོཀ་གནམ་ཐང་དུ་འཕྲད་འདུག 
ཡང་འགྲུལ་པ་གཞན་ཞིག་ལ་དཀའ་རྙོག་འདི་དང་འདྲ་མཚུངས་ཞིག་ཌུབྷཡི་གནམ་ཐང་དུ་བྱུང་འདུག་འགྲུལ་པ་དེས་ཁྲལ་ཆག་དངོས་རྗས་འགའ་ཤས་ཉོས་སྐབས་དངུལ་ལེན་མཁན་གྱི་བུ་མོ་དེས་ཨ་རག་ཤེལ་དམ་གཅིག་འགྲུལ་པ་དེས་མ་ཚོར་བ་བྱས་ཏེ་ཁོ་པའི་ཤོག་ཕད་ཀྱི་ནང་དུ་བླུགས། ཁོ་པ་དེ་མ་ཐག་ཏུ་ཉེན་རྟོག་པས་རྐུན་པ་བརྐུས་པའི་ནག་ཉེས་འོག་འཇུ་བཟུང་བྱས་ཏེ་ཉིན་གང་པོར་ཁ་ལག་དང་ཆུ་མེད་པར་བཀག་ཉར་བྱས་འདུག འགྲུལ་པ་དེས་ཉེན་རྟོག་པར་ཨ་སྒོར་ལྔ་བརྒྱའི་ལྐོག་རྔན་སྤྲད་པས་གཞི་ནས་ཁོ་པ་གློད་གྲོལ་བཏང་པ་བྱུང་འདུག གནས་ཚུལ་འདི་རིགས་འཆར་གཞི་ལྡན་པའི་སྒོ་ནས་ངན་པ་ལག་སྦྲེལ་གྱིས་འགྲུལ་པ་བསླུ་ཐབས་དང་། མགོ་བསྐོར་གཏོང་གི་ཡོད་ཚོད་འདུག དེས་ན་རང་རིགས་འགྲུལ་སྐྱོད་མང་པོ་གནང་མཁན་ཚོས་ཤར་ཕྱོགས་རྒྱལ་སྤྱིའི་གནམ་ཐང་ཁག་ཏུ་ཁྲལ་ཆག་ཉོ་ཆ་སྐྱོན་སྐབས་གཟབ་གཟབ་གནང་དགོས་པ་གལ་ཆེར་མངོན།

འབྲེལ་ཡོད་གསར་འགྱུར།

Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༤ སྔོན་ལ།
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧
གསར་འགྱུར།

ཇོ་ནང་སྨོན་ལམ་ཆེན་མོ་སྐབས་བཅུ་དགུ་པ་འཚོག་གིན་འདུག

༢༠༢༦/༠༡/༠༦
From left to right: US President Donald Trump, Venezuela’s President Nicolas Maduro and Chinese President Xi Jinping. Graphic by Adekunle Owolabi
Mobile App

ཨ་རིས་ཝི་ནེ་རྫོ་ལར་དྲག་རྒོལ་བྱེད་དོན་ནི་སྣུམ་གྱི་ཐོན་ཁུངས་ཆེད་རེད་ཟེར།

༢༠༢༦/༠༡/༠༥

མཆན། 8

  1. ཨ་ལ་ལ says:
    ལོ་ 16 སྔོན།

    གྲོགས་པོ་ལགས།་ངས་མོ་ཙེ་ཏུང་གི་ཕྱོགས་འཛིན་དགོས་དོན་གང་ཡང་མེད།འོན་ཀྱང་ང་ཚོས་ཤེས་དགོས་པ་དང་མཐོང་དགོས་པ་ནི་མོ་ཙེ་ཏུང་གི་སྙིང་སྟོབས་དང་བློ་རིག་དེ་བཞིན་ཐབས་ཇུས་དེ་ཚོ་རེད།དེ་དག་ལ་ང་ཚོས་གུ་ཡངས་པོས་མིག་དཔེ་བལྟ་ཆོག་ལ་ལེན་ཡང་ཆོག་་་་ཡང་གཅིག་བཤད་ན་མོ་ཙེ་ཏུང་ལ་བསྟོད་བསྔགས་བྱེད་ཆོག་པའི་སྐབས་མང་པོ་ཡོད་ཀྱང་དད་པ་ཞེས་པ་དེ་ནི་དོན་གནས་གཞན་ཞིག་ཏུ་བེད་སྤྱེད་བྱེད་དགོས་པ་ཞིག་ཡིན་པས་ཕལ་ཆེར་ཁྱེད་ཀྱིས་དད་པའི་གོ་དོན་ཤེས་མེད་པ་འདྲ།དུས་མཚུངས་སུ་མོ་དང་བོད་སྤྱིའི་བར་ལ་ནད་ཀྱི་འབྲེལ་བ་ཡོད་ཅེས་ཁས་བླངས་སོང་ན་ནད་གཞིག་གཅིག་གིས་བཟུང་བའི་རིགས་མཐུན་ནད་པ་ཆགས་ཟིན་པ་ཡིན་པས་ཟུར་ནས་ངས་ཁྱེད་ཅག་ལ་སྨན་ཞིག་ཐབས་འཚོལ་བྱས་པ་ལ་ནག་ཉེས་དེ་ཙམ་ཆེ་དགོས་དོན་མེད་སྙམ།

    Reply
  2. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    ཨ་ལ་ལ་ལགས། ད་ཡི་ན་ཧ་གོ་སོང་། གོང་དུ་ང་ཡིས་མོ་ཙེ་ཏུང་ལ་དམའ་འབེབས་བྱས་པའི་སྐྱེན་གྱིས་ཁྱེད་ཀྱི་ཐུགས་དགོང་རབ་དུ་འཁྲུག་ནས་འདི་ལྟར་བྲིས་འདུག ༼མོ་ཙེ་ཏུང་གི་བློ་རིག་ལ་ང་ཚོ་ལྟ་བུ་ཞིག་གིས་དམའ་འབེབས་བྱེད་པའི་ཡུལ་མིན།༽ད་ནི་ངས་ཁྱེད་ལ་དགོང་དག་ཞུ་གི་ཡིན། མ་འོངས་པ་ལ་ཁྱེད་ཀྱི་མའོ་ཙེ་དུང་ལ་བསྟོད་བསྔགས་དང་དད་པ་བྱེད་པ་ལ་ང་ཚོའི་བཀག་འགོག་མི་བྱེད། དངོས་གནས་བཤད་བོད་མི་སྤྱི་དང་མའོ་ཙེ་དུང་གི་བར་ལ་ནད་ཀྱི་འབྲེལ་བ་ཡོད་ཅེས་བཤད་ཆོག ཡིན་ནའང་ཁྱེད་ལ་སྨན་གྱི་འབྲེལ་བ་ཡོད་ངེས་རེད།

    Reply
  3. ནད་པ says:
    ལོ་ 16 སྔོན།

    དགུ་ཚིགས་སྐྱ་མོ་ལགས་ཐུགས་རྗེ་ཆེ། ངའི་ནད་གཞི་འདི་ནི་ལོ་མང་པོའི་རིང་ནས་བྱུང་བའི་ནད་གཅིག་ཡིན་པས་དབྱིན་སྐད་དུ་དེ་ལ་” Cronic Diseases” ཟེར་ཞིང་ཡུན་རིང་ཕྱིན་པའི་ལུས་དང་སེམས་གཉིས་ཀྱི་རྙིང་ནད་ཞིག་ཡིན།

    ང་དང་ཤ་ཁྲག་གཅིག་པའི་སྤུན་ཟླ་ཡོངས་ལ་ཡུན་རིང་ཟུངས་ཟད་ཀྱི་རྙིང་ནད་འདི་ལྟ་བུ་ཞིག་ཕོག་པ་ནི་ཕལ་ཆེར་རླབས་ཆེན་གྱི་གཙོ་འཛིན་མའོ་ཙེ་ཏུང་ལའང་འབྲེལ་བ་ངེས་པར་དུ་ཡོད་སྟབས་ད་གཟོད་ང་ཚོས་རྙིང་ནད་དེའི་རྒྱུ་གང་ལས་བྱུང་མིན་དང་། རྐྱེན་གང་གིས་བསླངས་མིན་ཐད་ལ་ཚད་ལྡན་སྨན་པ་ཞིག་བསྟེན་གཏུགས་བྱེད་དགོས་པའི་དུས་ལ་བབ་ཡོད་སྙམ།
    དེར་བརྟེན་ང་ཚོས་ཁོང་ཚོ་ལ་ངེས་པར་དུ་བསླབ་སྤྱོང་བྱེད་དགོས།།

    Reply
  4. རྒྱ་གྲོ་བ། says:
    ལོ་ 16 སྔོན།

    གནས་ཚུལ་འདི་ལྟ་བུ་དེང་འཛམ་བུ་གླིང་དུ་མང་དག་ཡོད་པ་དང་དེ་དག་ལ་ང་ཚོས་སེམས་ཚབས་བྱེད་དགོས་པ་མ་མངོན། རི་བོང་གནམ་སྡིབས་ཀྱི་སྡུག་བསྔལ་ལས་ང་ལ་ནི་གཞན་གང་ཡང་མ་ཚོར་རོ། གལ་ཏེ་བྷེང་ཀོག་ལ་རང་བཙན་ལེན་པར་འགྲོ་དགོས་པ་ཡོད་ན་ནི་་་་་་་་་

    Reply
  5. ཨ་ལལ says:
    ལོ་ 16 སྔོན།

    དགུ་ཚིགས་སྐྱ་མོ་ལགས།མོ་ཙེ་ཏུང་གི་གསུང་རྩོམ་དང་ནད་གཉིས་ལ་འབྲེལ་བ་ཅི་ཞིག་ཡོད།མོ་ཙེ་ཏུང་གི་བློ་རིག་ལ་ང་ཚོ་ལྟ་བུ་ཞིག་གིས་དམའ་འབེབས་བྱེད་པའི་ཡུལ་མིན།དེ་ལས་དགུ་ཚིགས་སྐྱ་མོ་ཟེར་བ་ནི་སྣང་བ་ཙམ་ཞིག་ཡིན་པ་བཞིན་དོན་ལ་རིན་ཐང་མེད་པ་ལྟར་ཁྱེད་རང་མིང་དོན་མཚུངས་ཀི་ཡ།

    Reply
  6. ནམ་མཁའ་བསྟན་འཛིན། says:
    ལོ་ 17 སྔོན།

    ཨོ། ལས་ངན་པོ་དེ་ཡང་བཤང་བཙོངས་མ་ཞིག་ལ་སྤུགས་གི་འགྲོ་མཁན་ཞིག་ནི་རེད། ཁྱིམ་གྱི་རྒན་མོ་བཞག་ནས་འགྲོ་འདུག་མང་ན་ད་དེ་ཉོ་བ་ཡ།

    Reply
  7. དགུ་ཚིགས་སྐྱ་མོ། says:
    ལོ་ 17 སྔོན།

    ནད་པ་ལགས་ཀྱིས་མའོ་ཙེ་ཏུང་གི་གསུང་རྩོམ་ལ་སློབ་གཉེར་དང་ཉམས་ལེན་ཆེན་པོ་བྱེད་བཞིན་ཡོད་ཚོད་འདུག དེ་ལ་བསྟེན་ནས་ཁྱེད་ཀྱི་ནད་དེ་ཡང་མྱུར་དུ་དྲག་རྒྱུའི་རེ་བ་ཡོད། མ་འོངས་པར་ཁྱེད་ཀྱིས་མུ་མཐུད་ནས་མའོ་ཙེ་དུང་གི་གསུང་རྩོམ་སློབ་གཉེར་བྱེད་ཐུབ་པའི་རེ་བ་དང་སྨོན་ལམ་ཡོད།

    Reply
  8. ནད་པ says:
    ལོ་ 17 སྔོན།

    པདྨ་ཚེ་དབང་ཤྰསྟྲི་ལགས་ཀྱིས་དྲ་ཐོག་ཏུ་གནས་ཚུལ་འདི་བཀོད་པར་ཐུགས་རྗེ་ཆེ། ང་ཚོ་བོད་པ་ཚོ་འགྲུལ་བཞུད་སྐབས་སུ་དཀའ་ལག་འདི་འདྲ་འཕྲད་སྲིད་པ་རེད།
    ང་ཚོ་བོད་པ་ཚོ་ལ་དངོས་སུ་དཀའ་ཚེགས་ཆེན་པོ་ཞིག་མ་འཕྲད་ན་དུས་རྒྱུན་དུ་སྣང་མེད་ལྟ་བུར་བསྡད་རྒྱུའི་གཤིས་ཀ་ཞིག་ཡོད།

    མའོ་ཙེ་ཏུང་གིས་གསུངས་པ་ལྟར་་་རྫབ་དོང་ནང་ཐེངས་གཅིག་ཟག་ན་ཤེས་རབ་ཐེངས་གཅིག་སྐྱེས་་་ཞེས་པ་དེ་དངོས་འབྲེལ་སྤྱི་ཚོགས་ཀྱི་འཚོ་བའི་ནང་ཉམས་མྱོང་དངོས་དེ་ཤིན་ཏུ་ནས་ལག་ཆེན་ཡིན་པ་དཔེ་དོན་གཉིས་ཀྱི་ཐོག་ནས་བདེན་དཔང་ར་སྤྲོད་བྱས་ཡོད།
    བྱས་ཙང་རྒྱ་གར་བའི་འགྲུལ་པ་དེ་སྤྱང་ལྟོགས་ཀྱི་མགོ་བྶྐོར་འོག་ཏུ་ཐེངས་གཅིག་ཚུད་པ་དེས་ཁོ་ལའང་ཤེས་རབ་ཐེངས་གཅིག་ལོས་སྐྱེས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese