མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གླུ་བ་གྲགས་ཆེན་མའེ་ཁལ་རྗེག་སོན་སྐུ་གྲོངས་མི་འདུག

བོད་ཀྱི་དུས་བབ།
༢༠༠༩/༠༧/༡༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་འཛམ་གླིང་གི་གླུ་གར་སྒྱུ་རྩལ་པ་གྲགས་ཆེན་མའེ་ཁལ་རྗེག་སོན་གྱིས་དབྱིན་ཇུའི་རྒྱལ་ས་ལོན་ཏོན་ནང་། མི་ལོ་བཅུ་གཉིས་རྗེས་ཀྱི་གླུ་གར་ཆེད་ཚོགས་ཐོག་མ་དང་། དབྱིན་ཡུལ་ནང་གི་མའེ་ཁལ་གྱི་གླུ་གར་ཆེད་ཚོགས་མཐའ་མ་དེ་བསྡུ་རྒྱུ་གཏན་འཁེལ་ཡོད་ཀྱང་། ཟླ་སྔོན་མའི་ཕྱི་ཚེས་ཉེར་དྲུག་ཉིན་ཁོང་གློ་བར་དུ་སྐུ་གཤེགས་པའི་གནས་ཚུལ་ཐོན་ཡོད། འོན་ཀྱང་མི་མང་པོ་ཞིག་གིས་མའེ་ཁལ་འདི་ལྟར་འདས་གྲངས་སུ་སོང་བར་ཡིད་མ་ཆེས་པར། དེ་རིང་དབྱིན་ཇུའིོ་རྒྱལ་ས་ལོན་ཏོན་གྱི་གར་སྟེགས་སྟེང་སླེབས་རྒྱུར་རེ་སྒུག་བྱས་ཡོད།  

ཨ་རིའི་བརྙན་འཕྲིན་ཁང་ཞིག་གིས་མའེ་ཁལ་རྗེག་སོན་སྐུ་གྲོངས་ཡོད་པ་མ་རེད། ཟླ་ ༦ ཚེས་ ༢༥ ཉིན་སྐུ་གྲོངས་བའི་གསལ་བསྒྲགས་དེ་ཁོ་རང་གིས་ཆེད་དུ་བཟོས་པ་རེད། གང་ཡིན་ཟེར་ན། ཟླ་ ༧ ཚེས་ ༡༣ ཉིན་དབྱིན་ཇིའི་རྒྱལ་ས་ལོན་ཏོན་ནས་མའེ་ཁལ་གྱིས་གླུ་གར་ཆེད་ཚོགས་བསྡུ་རྒྱུ་འཛམ་གླིང་ལ་གསལ་བསྒྲགས་བྱས་ཡོད་སྟབས། ཉིན་དེར་ཁོང་གིས་མི་རྣམས་ཧང་སང་དུ་འཇུག་འཆར་རེད། སྔོན་མ་ནས་མའེ་ཁལ་གྱིས་གླུ་གར་ཆེད་ཚོགས་བསྡུ་སྐབས།  གཞན་དང་མི་འདྲ་བའི་ཁྱད་ཆོས་ངོམ་སྟེ། མི་རྣམས་ཧང་སང་དུ་འཇུག་གིན་ཡོད། ཐ་ན། ཁོང་གིས་གླུ་གར་འཁྲབ་སྟོན་བྱ་སའི་གར་སྟེགས་ཀྱི་ཇུས་འགོད་དང་། དཀར་དམར་གློག་སྒྲོན་གྱི་སྟངས་སྟབས། རོལ་མོའི་རམས་འདེགས་ཀྱི་འགྱུར་ཁུག་སོགས་ཀྱང་སྔར་བྱུང་མ་མྱོང་བ་རྐྱང་རྐྱང་སྒྲིག་སྦྱོར་བྱས་ཏེ། མི་རྣམས་ཧང་སང་བའི་བྱ་འགུལ་མང་པོ་སྤེལ་སྲོལ་ཡོད་སྟབས། ཐེངས་འདིར་ཡང་ཁོང་སྐུ་གཤེགས་སོང་། ཞེས་འཛམ་གླིང་ལ་ཁྱབ་བསྒྲགས་བྱས་ཏེ། མི་ཚང་མར་སྡུག་བསྔལ་དང་གདུང་སེམས། བསམ་གཞིགས་དང་དོགས་པ་མང་པོ་ཞིག་བསླངས་རྗེས། ཟླ་ ༧ ཚེས་ ༡༣ ཉིན་གློ་བུར་དུ་རྒྱལ་ས་ལོན་ཏོན་གྱི་གར་སྟེགས་སྟེང་འབུད་རྒྱུ་རེད། ཅེས་བསྒྲགས་ཡོད།

 

འོན་ཀྱང་། མའེ་ཁལ་རྗེག་སོན་སྐུ་གྲོངས་སོང་། ཟླ་སྔོན་མའི་ཕྱི་ཚེས་ ༢༦ ཉིན་གྱི་ཨ་རིའི་ཕྱི་དྲོའི་ཆུ་ཚོད་ ༥ སྟེང་། ཨ་རིའི་ལོ་སིན་རྗི་གྲོང་ཁྱེར་གྱི་སྨན་ཁང་ཞིག་ནས་སྐུ་གྲོངས་པ་འཛམ་གླིང་ཡོངས་ཁྱབ་ཏུ་གསལ་བསྒྲགས་བསྐྱངས་ཡོད་ལ། ཕྱི་ཚེས་ ༧ ཉིན་མི་མང་ཁྲི་སྟོང་མང་པོའི་ངུ་འབོད་ཁྲོད་འདས་མཆོད་ཀྱང་བསྒྲུབས་ཟིན། ཁོང་གི་སྨན་པས་བཤད་པ་ལྟར་ན། མའེ་ཁལ་སྙིང་གི་ནད་གཞི་ཞིག་གི་དབང་གིས་སྐུ་གྲོངས་ཤིང་། ཁོང་ལ་སྙིང་དང་ཁྲག་ཤེད་ཀྱི་ནད་ཚ་སྔར་ནས་ཡོད་ཟེར། འོན་ཀྱང་། ཐེངས་འདིར་ཁོང་གློ་བུར་དུ་སྐུ་གྲོངས་བ་དེས་མི་རྣམས་ལ་དོགས་གཞི་ཆེན་པོ་ཞིག་བསླངས་ཡོད་སྟབས། ཞིབ་བཤེར་ལས་ཁུངས་དང་ཉེན་རྟོག་ལས་ཁུངས། སྨན་ཁང་བཅས་མཉམ་སྒྲིལ་གྱིས་ཞིབ་འཇུག་བྱས་སྐབས། སྔོན་མ་ནས་མའེ་ཁལ་ལ་སྙིང་དང་ཁྲག་ཤེད་ཀྱི་ནད་ཚའི་དབང་གིས་དབུགས་འགག་པ་དང་། བརྒྱལ་འབོག་གི་གནས་ཚུལ་ཡང་ཡང་བྱུང་གིན་ཡོད་ལ། ཁོའི་ཞབས་ཞུ་བ་ཚོས་དབུགས་བསྐྱར་དུ་མཐུད་ཆེད་བྲང་ཁ་ནས་ཤུགས་ཀྱིས་མནན་ཏེ་རྩུབ་རུས་གཉིས་བཅག་འདུག ད་དུང་ཁོའི་ཕོ་བའི་ནང་གི་སུམ་ཆ་གཅིག་ཙམ་སྨན་རིགས་དང་མྱོས་རྫས་རིགས་རེད་ཟེར།

 

མའེ་ཁལ་སྐུ་གྲོངས་མ་ཐག་འཛམ་གླིང་གི་མི་དམངས་ས་ཡ་མང་པོས་མྱ་ངན་བྱས་ཤིང་། ལྷག་པར་དུ་བུད་མེད་ཁྲི་སྟོང་མང་པོས་ཕངས་སེམས་དང་ཡིད་གདུང་ཚད་མེད་བྱས་ཡོད། ཐ་ན་མའེ་ཁལ་གྲོངས་བའི་སྡུག་བསྔལ་མ་བཟོད་པར་ད་བར་མི་གྲངས་ ༡༢ ཙམ་གྱིས་རང་ཤི་བརྒྱབས་ཡོད་འདུག ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་གྲོས་ཚོགས་གོང་མའི་ཚོགས་གཙོ་ལྕམ་ནན་སི་ཕེ་ལོ་སི། ཨ་ཧྤི་རི་ཁའི་སྲིད་འཛིན། དེ་མིན་འཛམ་གླིང་རྒྱལ་ཁབ་ཁག་གི་གནད་ཡོད་མི་སྣ་དང་སྒྱུ་རྩལ་པ། གླུ་བ་གླུ་མ་གྲགས་ཆེན། རོལ་མོ་སྒྲིག་སྦྱོར་གྲགས་ཆེན་གང་མང་ཞིག་གིས་མྱ་ངན་གྱི་གུས་ཚིག་ཕུལ་ཡོད། ཉིན་འདི་འགར་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཆེ་གྲས་ BBC དང་ CNN བཙོས་པའི་གསར་ལམ་ཁག་ནས་གནས་ཚུལ་རྒྱང་སྲིང་དང་བགྲོ་གླེང་ཤུགས་ཆེན་བྱས་ཡོད་ལ། བོད་ནང་གི་མཚོ་སྔོན་རླུང་འཕྲིན་ཁང་ནས་ཀྱང་། ༼ འཛམ་གླིང་མི་དམངས་ཀྱིས་གླུ་གར་སྒྱུ་རྩལ་བ་གྲགས་ཅན་མའེ་ཁལ་ལ་རྗེས་དྲན་གྱི་རྣམ་པ་ལ་འཕྲོས་ཏེ། བོད་ཀྱི་གླུ་གར་སྒྱུ་རྩལ་གྱི་ད་ལྟའི་གནས་བབ་དང་རྒྱུན་འཛིན་པའི་བྱ་སྤྱོད་ལ་དཔྱད་པ ༽ ཞེས་བའི་བརྗོད་གཞིའི་ཐོག་ཆེད་སྒྲིག་བགྲོ་གླེང་བྱས་ཡོད། མི་མང་པོ་ཞིག་གིས་མའེ་ཁལ་ནི་འཛམ་གླིང་གི་རོལ་མོའི་རྒྱལ་སྲས་དང་། ཡུ་རོབ་གླིང་དང་ཨ་རིའི་གླིང་གི་དུས་རབས་ཀྱི་དབྱེ་མཚམས་འབྱེད་པའི་གླུ་བ། ལྷའི་སྤྲུལ་བ་མི་ཡུལ་གྱི་གླུ་གར་སྒྱུ་རྩལ་པ་སོགས་སུའང་འབོད།

 

མའེ་ཁལ་རྗེག་སོན་ནི་འཛམ་གླིང་གི་གླུ་བ་གྲགས་ཆེན་ཙམ་དུ་མ་ཟད། ཞབས་བྲོ་བ་གྲགས་ཆེན་དང་གླུ་ཚིག་རྩོམ་པ་པོ་གྲགས་ཆེན། རོལ་མོ་སྒྲིག་སྦྱོར་བ་གྲགས་ཆེན། འཁྲབ་ཁྲིད་པ་གྲགས་ཆེན། འབྱོར་ལྡན་པ་གྲགས་ཆེན། གཞན་ཕན་དགེ་སྒྲུབ་པ་གྲགས་ཆེན་བཅས་ཡིན། ཁོང་ལ་ད་བར་འཛམ་གླིང་གི་ཆེས་མཐོ་བའི་བྱ་དགའ་ ༡༢ ཙམ་ཐོབ་ཡོད་པ་མ་ཟད། འཛམ་གླིང་ཅི་ཉའེ་སི་ Genius ཟིན་ཐོར་ཡང་བཀོད་ཡོད་འདུག སྤྱི་ལོ་ ༡༩༧༩ ལོར་ཁོས་གླུ་གར་ཆེད་སྒྲིག་གི་བརྙན་འཁོར་ཞིག་བཏོན་པར་འཛམ་གླིང་གི་རོལ་མོའི་སྒྱུ་རྩལ་ཕུལ་བྱུང་བྱ་དགའ་ཐོབ་ཅིང་། ༡༩༨༤ ལོར་བརྙན་འཁོར་ཞིག་བཏོན་པར་བྱེ་བ་གཉིས་དང་ས་ཡ་བདུན་ ༢༧༠༠༠༠༠༠ ཙམ་བྲིན་ཡོད།  ༡༩༨༠ ལོར་ཁོས་ཨ་རིའི་རྒྱལ་ནང་བསྐོར་དེ་གླུ་གར་ཆེད་ཚོགས་བསྡུས་ཤིང་། ཡོང་འབབ་ཨ་སྒོར་ས་ཡ་ལྔ་ ༥༠༠༠༠༠༠ སླེབས་ཤིང་། ཨ་རིའི་སྐྱུ་རྩལ་པ་དག་ལས་ཡོང་འབབ་རྩེ་ཕུལ་ཆགས། ད་བར་ཁོང་གི་གླུ་གར་གྱི་བརྙན་འཁོར་དང་སྒྲ་ཐག་དུང་ཕྱུར་གསུམ་ ༣༠༠༠༠༠༠༠༠ ཙམ་བཙོང་དེ་འཛམ་གླིང་ལོ་རྒྱུས་སྟེང་གི་ཚད་གཞི་ཆེས་མཐོ་བའི་ཟིན་ཐོ་བསྐྲུན་ཡོད།

 

མའེ་ཁལ་རྗེག་སོན་གྱི་མི་ཚེ་གང་བོར་ཡོང་འབབ་ཨ་སྒོར་དུང་ཕྱུར་ལྔ་ ༥༠༠༠༠༠༠༠༠ ལྷག་བྱུང་ཡོད་པ་དང་། ཁོས་འཛམ་གླིང་དུ་སྙིང་རྗེ་རོགས་སྐྱོར་ཚོགས་པ་ ༣༩ ཙམ་བཙུགས་ཏེ། ཉམས་ཐག་རོགས་སྐྱོར་གྱི་ལས་གཞི་འདྲ་མིན་ཐད། ཨ་སྒོར་དུང་ཕྱུར་གསུམ་ ༣༠༠༠༠༠༠༠༠ ཙམ་བཏང་ཡོད་འདུག་ལ། དེ་ནི་འཛམ་གླིང་ནང་མི་སྒེར་གྱིས་བཏང་བའི་སྙིང་རྗེ་རོགས་སྐྱོར་མ་དངུལ་ཚད་གཞི་ཆེས་མཐོ་ཤོས་དེ་ཆགས་ཡོད་འདུག མའེ་ཁལ་གྱིས་ད་ལོའི་ཟླ་ ༧ ཚེས་ ༡༣ ཉིན་ནས་མགོ་འཛུགས་ཀྱིས་དབྱིན་ཇི་རྒྱལ་ས་ལོན་ཏོན་ནས་གླུ་དབྱངས་ཆེད་ཚོགས་ཐེངས་ ༥༠ ཙམ་བསྡུ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་མ་ཐག འཛིན་བྱང་འབུམ་བདུན་དང་ཁྲི་ལྔ་ ༧༥༠༠༠༠ ཙམ་ཆུ་ཚོད་ ༤ ནང་བཙོང་ཚར་ཡོད་འདུག གཞན། ཟླ་སྔོན་མའི་ཕྱི་ཚེས་ ༢༦ ཉིན་མའེ་ཁལ་སྐུ་གྲོངས་པ་འཛམ་གླིང་ལ་ཁྱབ་བསྒྲགས་བྱས་མ་ཐག འཛམ་གླིང་ཚོང་རའི་མའེ་ཁལ་གྱི་གླུ་གར་བརྙན་འཁོར་དང་སྒྲ་ཐག་ཡོངས་ཀྱི་གོང་ཚད་འཕར་ཡོད་པ་མ་ཟད། རྒྱ་ནག་པེ་ཅིན་དང་ཧོང་ཀུང་གཉིས་ནང་མའེ་ཁལ་དང་འབྲེལ་ཡོད་ཀྱི་བརྙན་འཁོར་ཡོངས་རྫོགས་ཚར་ཡོད་པའི་གནས་ཚུལ་ཡང་ཐོན་འདུག

 

ཡང་ཕྱོགས་གཞན་ཞིག་ནས་གླེང་ན་མའེ་ཁལ་རྗེག་སོན་ནི་ཡོན་ཏན་ཀུན་ལྡན་སྐྱོན་ཀུན་བྲལ་ཞིག་མིན་པར། ཁོང་ལ་གཞན་གྱི་གནོན་ཤུགས་དང་། ཉེན་ཁ། མིང་ཆལ་སོགས་འདྲ་མིན་ཞིག་བྱུང་མྱང་ལ། ཐ་ན། སྤྱི་ལོ་ ༢༠༠༣ ལོའི་ཟླ་ ༡༡ ཙམ་ལ་ཁོས་བྱིས་པ་ལོ་ ༡༤ ཅན་ཞིག་ལ་ཚུལ་མིན་བྱས་སྐོར་གྱི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཏེ། ལོ་གཅིག་དང་ཟླ་བ་ལྔའི་རིང་བདེན་དཔང་འཚོལ་ཞིབ་དང་། འདྲི་རྩད་བྱས་མཐར་ཁྲིམས་ཁང་གིས་ཉེས་པ་མེད་པ་གསལ་བསྒྲགས་བྱས་ཡོད། ཁོང་གིས་མེས་པོ་དམ་པ་མི་རིགས་ནག་པོའི་རུས་བརྒྱུད་ཀྱི་ངོ་པགས་བརྗེས་ Cosmetic Sargery ཏེ། མི་རིགས་ནག་པོའི་སེམས་ལ་རྨ་བཟོས་རབས་བསྒྲགས་ཏེ་ངོ་རྒོལ་བྱེད་མཁན་བྱུང་ཞིང་། ལ་ལས་དེ་ནི་ཁོ་ལ་པགས་བའི་ན་ཚ་ vertigo skin disease ཞེས་པ་ཞིག་ཕོག་སྟེ་ངོ་ལྤགས་མི་བརྗེ་ཐབས་མེད་བྱུང་ཚུལ་ཡང་བཤད། མའེ་ཁལ་སྨྱོས་ཏེ་སོ་སོའི་ཕྲུ་གུ་ཐོག་ཁང་ནས་མར་གཡུག་རྩིས་བྱས་ཚུལ་དང་། ཐེངས་འདིར་འཆི་རྐྱེན་ཡང་མྱོས་རྫས་ Demerol  སྤྱོད་རྒྱུ་མང་དྲགས་ཚུལ། ཁོང་ལ་ད་ལྟ་ཨ་སྒོར་དུང་ཕྱིར་བཅུ་ ༡༠༠༠༠༠༠༠༠༠ གྱི་བུ་ལོན་ཡོད་སྐོར་ཡང་བརྗོད།  

 

མའེ་ཁལ་རྗེག་སོན་ལ་མིང་སྲིང་དགུ་ཡོད་པ་ལས་ཁོ་རང་བདུན་པ་དེ་ཡིན་པ་དང་། ཁོང་གི་སྲིང་མོ་རྗ་ནེ་ཊེ་རྗེག་སོན་ Janet Jakson ཞུ་བ་དེ་ཡང་འཛམ་གླིང་གི་གཞས་མ་སྐད་གྲགས་ཅན་ཞིག་ཡིན། ༡༩༩༤  ལོར་མའེ་ཁལ་རྗེག་སོན་གྱིས་ལེ་ས་མེ་རཱེ་ Lisa Marie ཟེར་བའི་བུད་མེད་ཅིག་དང་གཉེན་སྒྲིག་བྱས་ཏེ། བུ་མོ་ Prince Michael ཞུ་སྐྱེས་རྗེས་ ༡༩༩༦ ལོར་སླར་ཡང་ཐོར་ཡོད་འདུག་ལ། ལོ་དེར་བསྐྱར་དུ་ཌེབ་བྷེ་རའོ་ Debbie Rowe ཟེར་བའི་བུད་མེད་ཅིག་དང་མཉམ་འདུག་བྱས་ཏེ། བུ་མོ་ Paris Michael དང་། Prince Michael ཞུ་བ་གཉིས་སྐྱེས་ཡོད། མི་ལ་ལས་ཌེབ་བྷེ་རའོ་ Debbie Rowe ཟེར་བ་དེ་ནི་མའེ་ཁལ་གྱི་སྐྱེས་དམན་མིན་པར་ཞབས་ཞུ་མ་ཡིན་པ་དང་། ཁོ་རང་གི་རིགས་རྫས་བུ་མོ་དེའི་ཁོག་པར་སྐྱེད་སྲིང་བྱས་ཏེ་བུ་མོ་དེ་གཉིས་སྐྱེས་ཚུལ་བརྗོད། གང་ལྟར། ད་ལྟ་ཁོང་གི་ཕ་མ་གཉིས་དང་བྱིས་པ་གསུམ་བཅས་ཤུལ་དུ་ཡོད་པ་དང་། བྱིས་པ་གསུམ་མུ་མཐུད་དུ་མའེ་ཁལ་གྱི་ཕ་མ་གཉིས་ཀྱིས་གཉོར་རྒྱུ་ཁྲིམས་ཁང་གིས་ཐག་གཅོད་བྱས་ཡོད། མའེ་ཁལ་གྱིས་སྔོན་མ་ནས་ཨ་རིའི་ཁ་ལེ་ཧྥོ་ནའེ་ཡ་མངའ་སྡེ་ནང་ནེ་བིར་ལན་ཌི་ Neverland Valley Ranch ཟེར་བའི་གླིང་ཕྲན་ཞིག་ཉོས་ཏེ། གཞིས་ཁ་ཆེན་པོ་ཞིག་བརྒྱབས་ཡོད་པ་མ་ཟད། གཞིས་ཀ་དེར་རི་དྭགས་ར་བ་དང་། མཚོ་གླིང་། རོལ་རྩེད་དོ་ར་སོགས་སྣོད་ཀྱི་བཀོད་པ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་བཟོས་ཡོད་སྟབས། མའེ་ཁལ་གྲོངས་མ་ཐག་ཨ་རིའི་ཁུལ་གྱི་རྒྱུ་ཆེན་མང་པོས་གླིང་ཕྲན་དེ་ཉོ་རྩོད་བྱས་ཏེ། ད་ལྟ་རིན་གོང་ལྡབ་ཁ་ཤས་འཕར་ཡོད་འདུག

 

༼གཤམ་དུ་མའེ་ཁལ་རྗེག་སོན་གྱི་སྒྱུ་རྩལ་དང་འབྲེལ་བའི་ལོ་རྒྱུས་ཕྱོཊ་བསྡུས་བཀོད་ཡོད།༽

༨ ༽ སྤྱི་ལོ་ ༡༩༥༨ ལོའི་ཟླ་ ༨ ཚེས་ ༢༩ ཉིན་ཨ་རིའི་ཨེན་ཊི་ཡ་ནའི་གྲོང་ཁྱེར་གྱི་མི་རིགས་ནག་པོའི་ཁྱིམ་རྒྱུད་ཅིག་ཏུ་མའེ་ཁལ་རྗེག་སོན་སྐུ་འཁྲུངས་ཤིང་ལོ་ ༥ སྟེང་ནས་གླུ་གར་སྒྱུ་རྩལ་གྱི་ལས་རིགས་ལ་ཞུགས།

སྤྱི་ལོ་ ༡༩༦༨ ལོར་མའེ་ཁལ་ཞུགས་སའི་རོལ་མོ་ཚོགས་པས་ས་གནས་དེའི་ steel town སྒྲ་བརྙན་ཁང་དང་མཉམ་འབྲེལ་གྱིས་ཆེད་བསྒྲིགས་བརྙན་འཁོར་ཐོག་མ་  bigbog ཞེས་པ་འགྲེམ་སྤེལ་བྱས་ཏེ་སྤྱི་ཚོགས་ནང་གདེང་འཇོག་ཆེན་པོ་ཐོབ།

སྤྱི་ལོ་ ༡༩༧༠ ལོར་མའེ་ཁལ་གྱི་གླུ་གཞས་ ༤ ལ་ལོ་དེའི་གླུ་གཞས་ཨང་རིམ་བྱང་བུའི་སྟེང་གི་བྱ་དགའ་ཨང་དང་པོ་ཐོབ་རྗེས་རྒྱལ་ཁམས་བསྐོར་ནས་གླུ་ལེན་ཆེད་ཚོགས་བསྡུ་མགོ་བརྩམས།  
སྤྱི་ལོ་ ༡༩༧༡ ལོའི་ཟླ་ ༡༢ པར་
ཁོང་གི་གླུ་གཞས་ལ་ཨང་བཞི་པའི་འབྲས་རྟགས་ཐོབ་སྟེ་མི་སྒེར་གྱིས་འཁྲབ་སྟོན་མགོ་འཛུགས་བྱས།  
སྤྱི་ལོ་ ༡༩༧༢ ལོའི་
ཟླ་ ༡ པོར་ཁོའི་གླུ་གཞས་ཆེད་བསྒྲིགས་བརྙན་འཁོར་ཐོག་མ་འགྲེམ་སྤེལ་བྱས་ཤིང་དེའི་ཁྲོད་ཀྱི་གླུ་གཞས་གཉིས་གླུ་གཞས་ལེགས་ཤས་བཅུ་ཡི་གྲས་སུ་བདམས།  སྤྱི་ལོ་ ༡༩༧༣ དང་ ༡༩༧༥ ལོ་གཉིས་ལ་གླུ་གཞས་ཆེད་བསྒྲིགས་བརྙན་འཁོར་རེ་འགྲེམ་སྤེལ་བྱས་ཡོད་ཀྱང་། ཡིད་ཚིམས་པའི་གྲུབ་འབྲས་མ་བྱུང་།

སྤྱི་ལོ་ ༡༩༧༩ ལོར་བརྙན་འཁོར་ཞིག་བཀྲམས་པའི་ནང་གི་གླུ་གཞས་གཅིག་ལ་འཛམ་གླིང་གི་རིམ་པ་ཆེས་མཐོ་བའི་རོལ་མོ་སྒྱུ་རྩལ་གྱི་བྱ་དགའ་དང་། འཛམ་གླིང་གླུ་བ་ཕུལ་བྱུང་གི་མཚན་སྙན་ཐོབ།

སྤྱི་ལོ་ ༡༩༨༠ ལོར་ཁོས་ཆེད་བསྒྲིགས་བརྙན་འཁོར་གསར་པ་ཞིག་འགྲེམ་སྤེལ་དང་ཆབས་ཅིག ཨ་རིའི་རྒྱལ་ནང་བསྐོར་བའི་གླུ་གར་ཆེད་ཚོགས་བསྡུས་ཏེ། ཡོང་སྒོ་ཨ་སྒོར་ས་ཡ་ལྔ་ལ་སླེབས་ཏེ་ལོ་དེའི་ཨ་རིའི་སྒྱུ་རྩལ་པ་དག་ལས་ཡོང་སྒོ་ཆེ་ཤོས་ཆགས།

སྤྱི་ལོ་ ༡༩༨༣ ལོའི་ཟླ་ ༣ པར་ཁོས་བྲིས་པའི་གླུ་ཚིག་ལ་ཨ་རིའི་གླུ་གཞས་ཨང་རིམ་བྱང་བུའི་སྟེང་གི་ཨང་དང་པོ་ཐོབ་པ་དང་མཉམ་དུ་དབྱིན་ཇི་ནས་ཀྱང་ཨང་དང་པོའི་བྱ་དགའ་བསྩལ།

སྤྱི་ལོ་ ༡༩༨༤  ལོའི་ཟླ་ ༢ པར་སྐབས་ཉེར་དྲུག་པའི་གླུ་གཞས་ཕུལ་བྱུང་བྱ་འགའི་མཛད་སྒོའི་སྟེང་། ཁོ་ལ་ཆེས་མཐོའི་བྱ་དགའ་རིགས་བརྒྱད་ཐོབ་ཅིང་། ལོ་དེའི་ཆེད་བསྒྲིགས་བརྙན་འཁོར་གསར་བའི་བྲིན་ཚད་བྱེ་བ་གཉིས་དང་ས་ཡ་བདུན་ཟིན་ཏེ་ Genius ཟིན་མཐོར་བཀོད།

སྤྱི་ལོ་ ༢༠༠༢ ལོའི་ཟླ་ ༡ པོར་ཁོ་ལ་ཨ་རིའི“དུས་རབས་ཀྱི་སྒྱུ་རྩལ་པ”ཞེས་པའི་རོལ་མོའི་མཚན་སྙན་ཐོབ།

སྤྱི་ལོ་ ༢༠༠༣ ལོའི་ཟླ་ ༡༠ བར་ལོ་ཨ་རིའི་རླུང་འཕྲིན་རོལ་མོའི་བྱ་དགའི་མཛད་སྒོའི་སྟེང་། མི་ཆོས་རིང་ལུགས་ཀྱི་བྱ་དགའ་ཐོབ། འོན་ཀྱང་། ལོ་དེའི་ཟླ་ ༡༡ པར་མ་ཉེས་ཁ་གཡོག་ཐེབས་ཏེ་འཛིན་བཟུང་བྱས་ཤིང་། ལོ་གཅིག་དང་ཟླ་བ་ལྔའི་རྗེས་སུ་ཁྲིམས་ཁང་ནས་དཀར་འདོན་བྱས།

སྤྱི་ལོ་ ༢༠༠༦ ལོའི་ཟླ ༥ བར་ཉི་ཧོང་རྒྱལ་ས་ཏུང་ཅིན་ནས་ཁོ་ལ་ཨེ་ཤ་ཡའི་“ངོ་མཚར་བའི་སྒྱུ་རྩལ་པ”ཞེས་པའི་བྱ་དགའ་ཐོབ།

སྤྱི་ལོ་ ༢༠༠༩ ལོའི་ཟླ་ ༦ ཚེས་ ༢༦ ཉིན་གྱི་ཨ་རིའི་ཆུ་ཚོད་ ༥ སྟེང་། སྙིང་གི་ནད་གཞི་ཞིག་གི་དབང་གིས་ཨ་རའི་ལོ་སིན་རྗིར་སྨན་ཁང་ཞིག་ནས་སྐུ་གཤེགས་ཡོད།

འབྲེལ་ཡོད་གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པའི་ནང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ཟབ་སྦྱོང་གི་ཚོགས་བཅར་བའི་ཚན་རིག་རྟགས་གསལ་གཏོང་བའི་ཚོགས་མགོན་དུ་ཕེབས། ༢༠༢༥།༡༢།༡༨ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་ཚན་རིག་སྦྱང་དགོས་པའི་བཀའ་སློབ་བསྩལ།

སྐར་མ ༡༣ སྔོན་ལ།
བོད་ཁྲི་ཀ་རྫོང་ཁོངས་ནས་ཡིན་པའི་བུད་མེད་ཡུལ་སྐོར་སྣེ་ཤན་པ་ཚེ་རིང་མཚོ་ལགས་ལ་ལོ་གཅིག་བཙོན་འཇུག་ཁྲིམས་ཐག་བཅད། འདི་གར་མཁོ་སྤྲོད་བྱས་པའི་པར།
Mobile App

ཚེ་རིང་མཚོ་ལགས་ལ་ལོ་གཅིག་གི་ཁྲིམས་ཐག་བཅད།

ཆུ་ཚོད་ ༡ སྔོན་ལ།
རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་གནང་། ༢༠༢༥།༡༢།༡༨ བོད་ཀྱི་དཔེ་མཛོད་ཁང་ག་ིཔར།
གསར་འགྱུར།

རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་སྤེལ་གནང་།

ཆུ་ཚོད་ ༡ སྔོན་ལ།
Glimpses of the Program’s proceedings; Dignitaries observing Indian & Tibetan National Anthem, Lighting of Lamp, and a group photo of Dignitaries on the Dias with students of the Arya Mahila P.G. College, Varanasi
Mobile App

བོད་དང་གངས་རིན་པོ་ཆེའི་ནང་རང་དབང་ཐོག་འགྲོ་སྐྱོད་ཆོག་པའི་མཚན་རྟགས་བསྡུ་རུབ་བྱེད་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
Activists call for a boycott of the 2022 Beijing Winter Olympics due to concerns over China's human rights record, in front of the Chinese Consulate in Los Angeles, California, Nov. 3, 2021. Representative Image
གསར་འགྱུར།

ཨ་རིའི་སློབ་ཆེན་ཁག་ཏུ་བོད་ཡིག་སློབ་ཚན་འཇུག་དགོས་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༢ སྔོན་ལ།
Police lead Hong Kong pro-democracy media mogul Jimmy Lai (C), 72, away from his home after he was arrested under the new national security law in Hong kong on August 10, 2020. Photo by by VERNON YUEN/AFP via Getty Images.
གསར་འགྱུར།

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་མྱུར་ཏུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༡༢/༡༧

མཆན། 5

  1. འགྲན་ཟླ་བྲལ་བའི་རི་བོ་ཧི་མ་ལ་ཡའི་ says:
    ལོ་ 16 སྔོན།

    གླུ་བ་དེ་ཤི་སོང་ཟེར་བ་དང་། ཤི་མ་སོང་ཟེར་བའི་གནད་དོན་འདི་འདྲའི་རིགས་ཀྱིས་མིའི་སེམས་ཁམས་ལ་མགོ་སྐོར་བཏང་སྟེ་ང་ཚོས་རང་སེམས་དེ་ཅི་ལྟར་གཞི་ནས་འདུལ་ཐུབ་བམ།

    Reply
  2. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    ་་་་འཛམ་གླིག་གི་མི་རྣམས་ངོས་མས་ཁོང་ལ་བརྩེ་བ་འདུག།

    Reply
  3. བེ་རི་བ། says:
    ལོ་ 16 སྔོན།

    འདུས་བྱས་ཐམས་ཅད་མི་རྟག་པ། །ཟག་བཅས་ཐམས་ཅད་སྡུག་བསྔལ་བ། །ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། །མྱ་ངན་ལས་འདས་པ་ཞི་བའོ། །

    Reply
  4. ནད་པ says:
    ལོ་ 16 སྔོན།

    མིག་ཁལ་འཇེག་སོན་སྐུ་གཤེགས་པ་དེས་མི་མང་པོ་བློ་འཕངས་སྐྱེ་གཞི་ཆགས་ཡོད། དེ་ནི་ཁོང་གིས་འཛམ་གླིང་འདིར་སྒྱུ་རྩལ་བེད་སྤྱད་དེ་མི་མང་པོའི་སེམས་ལ་དགའ་བདེའི་ཚོར་སྣང་ཟབ་མོ་ཞིག་བསྐྲུན་ཐུབ་དང་། ཁོང་གིས་ཉམས་ཐག་མང་པོར་རོགས་རམས་གཞི་རྒྱ་ཆེན་པོ་ཞིག་གནང་ཡོད་པ་དག་དངོས་གནས་རླབས་ཆེན་རེད།
    ཁོང་གིས་རང་ཚུགས་མ་ཐུབ་པར་མྱོས་རྫས་རིགས་ ”demerol”བེད་སྤྱད་དྲགས་པ་མ་ཟད། ལྷག་དོན་དུ་ཁོང་གིས་” cosmetic sergery”པགས་བརྗེས་བརྒྱབ་ནས་རང་བྱུང་དངོས་ཁམས་གི་ར་བ་ལས་ཡོངས་སུ་བརྒལ་འདོད་པ་དེས་མཐར་སུས་ཀྱང་བཟློག་ཏུ་མེད་པའི་ལམ་ཞིག་ཏུ་ལྷུང་བ་རེད།
    འོན་བཏང་སྐུ་ཞབས་མེག་ཁལ་སྐུ་གཤེགས་ཀྱང་། འཛམ་གླིང་ནང་སྒྱུ་རྩལ་གནས་ཡོད་སྟབས་ཁོང་གི་བསམ་འདུན་ལྟར་སླར་ཡང་འཇིག་རྟེན་འདིར་ཁོང་དང་འདྲ་བའི་སྒྱུ་རྩལ་མཁན་གང་མང་ཞིག་མགྱོགས་མྱུར་འབྱོན་ཐུབ་པའི་སྨོན་ལམ་དང་རེ་བ་ང་ཚོས་བཅང་ཆོག།

    Reply
  5. སྒྲོལ་མ། says:
    ལོ་ 16 སྔོན།

    འདི་ན་འཛམ་གླིང་ལ་ཁ་ཕྱོགས་པའི་གནས་ཚུལ་ཆ་ཚང་ཞིང་ཁ་གསལ་བ། དོན་བསྡུས་པའི་གསར་འགྱུར་རིན་ཐང་ཅན་ཞིག་བཀོད་འདུག ཁ་སང་སྤྱི་ཟླ་ ༧ ཚེས་ ༡༣ ཉིན་དབྱིན་ཇུའི་རྒྱལ་ས་ལོན་ཏཱོན་གྱི་མི་དམངས་ཚོས་འགྱོད་གདུང་དང་བློ་ཕམ་ཚད་མེད་བྱེད་ཀྱིན་འདུག་ལ། ད་ལོའི་སྤྱི་ཟླ་གསུམ་པ་ནས་ཐག་གཅོད་བྱས་བའི་མེ་ཁིལ་ཅེ་ཁུ་ཞཱོན་གྱིས་གླུ་གར་འཁྲབ་སྟོན་བྱ་སའི་གར་སྟེགས་ཀྱང་དྲ་སྒྲིག་བྱས་ཚར་ཡོད་སྟབས། གར་སྟེགས་ཀྱི་སྦྱིན་བདག་དང་ཉིན་དེའི་འཛིན་བྱང་གི་སྦྱིན་བདག་སོགས་ཀྱི་བར་གྱོད་དོན་ཞིག་ཀྱང་བྱུང་ཡོད་འདུག
    མེ་ཁིལ་ཅེ་ཁུ་ཞཱོན་སྐུ་གཤེགས་པའི་གནས་ཚུལ་དེར་མི་མང་པོ་ཞིག་ཡིད་ཆེས་ཀྱིན་མེད་པ་མ་ཟད། ཁོང་གུ་ཕུང་བོ་མཐོང་བཞིན་དུ་ཨུ་ཚུགས་ཀྱིས་དང་ལེན་བྱེད་མ་འདོད་པའི་རྣམ་འགྱུར་ཡང་མང་པོ་ཞིག་ལ་ཐོན་ཡོད། གོང་དུ་བཀོད་པ་བཞིན། ང་ཚོ་བོད་མི་ཚོས་ཀྱང་སྒྱུ་རྩལ་གྱི་རྒྱལ་སྲེས་ཁོང་ལ་མྱ་ངན་མཚོན་ཆེད། མཚོ་སྔོན་རླུང་འཕྲིན་ཁང་གིས་ཆེད་དུ་༼ འཛམ་གླིང་མི་དམངས་ཀྱིས་གླུ་གར་སྒྱུ་རྩལ་བ་གྲགས་ཅན་མའེ་ཁལ་ལ་རྗེས་དྲན་གྱི་རྣམ་པ་ལ་འཕྲོས་ཏེ། བོད་ཀྱི་གླུ་གར་སྒྱུ་རྩལ་གྱི་ད་ལྟའི་གནས་བབ་དང་རྒྱུན་འཛིན་པའི་བྱ་སྤྱོད་ལ་དཔྱད་པ ༽ དེ་གོ་སྒྲིག་བྱས་ཏེ། ཐད་གཏོང་ཁ་པར་བརྒྱུད་དེ་སྤྱི་ཚོགས་ནང་གི་གླུ་བ་གླུ་མ་མང་པོ་ཞིག་དང་། དེ་བཞིན་གྲོང་ཁྱེར་ཁག་གི་སློབ་མ་དང་ན་གཞོན་གང་མང་ཞིག་གིས་མྱ་ངན་གྱི་གུས་ཚིག་ཞུས་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese