མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་གཉིས་ཀྱི་དམག་འཁྲུག་ཉེན་ཁ། དབུས་ཕྲུག་ཚེ་རིང་།

བོད་ཀྱི་དུས་བབ།
༢༠༠༩/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རང་རྒྱ་གར་གཞུང་བདེ་སྲུང་དུས་དེབ་ཀྱི་རྩོམ་བྲིས་པ་དང་ཉམས་ཞིབ་པ་གྲགས་ཅན་བྷ་ར་ཏ་ཝར་མ་ཡིས་བཤད་དོན། སྤྱི་ལོ་༢༠༡༢ ནང་རྒྱ་ནག་གིས་རྒྱ་གར་ལ་དམག་འཁྲུག་རྒྱག་རྒྱུ་རེད་ཟེར། དེའི་རྒྱུ་མཚན་ཡང་རྒྱ་ནག་ནང་དཔལ་འབྱོར་གྱི་ཉམས་རྒུད་ཤུགས་ཆེར་འགྲོ་བཞིན་པ་དང༌། ནང་འཁྲུག་མང་བ། པཱ་ཀི་སི་ཏན་དང་འབྲེལ་བའི་གནད་དོན། མར་ཁེ་སིའི་ལྟ་གྲུབ་མིང་ཙམ་མ་གཏོགས་བསྡད་མེད་པ་རྣམས་ཡིན། དེ་བཞིན་རྒྱ་ནག་འདི་ཉིད་འཛམ་གླིང་ནང་སྟོབས་ཤུགས་ངོམ་པར་བྱེད་པ་ལ། དང་ཐོག་རྒྱ་གར་དང་དམག་འཁྲུག་ཐེངས་ཤིག་རྒྱག་དགོས་པ་དེ་རེད་ཟེར།

རྒྱ་ནག་གིས་དམག་འཁྲུག་ཇི་ལྟར་སློང་མིན་ཡང༌། ས་མཚམས་ཀྱི་སྐོར་ནས་སློང་རྒྱུ་རེད། དེ་ཡང་འབྲང་ལྗོངས་སམ་སྒང་ཏོག་དང༌། ཨ་རུ་ན་ཅལ་མངའ་སྡེ། ཇ་མུ་དང་ཀ་ཤི་སྨིར་གྱི་ནང་གྷ་ཊི་ཞེས་པའི་ས་ཆ་རྣམས་ནས་འགོ་སློང་ངེས་རེད། གོང་གསལ་ས་ཆ་དེ་དག་ནི་རྒྱ་དཀར་ནག་གཉིས་ཀྱི་རྩོད་རྙོག་ཡོད་པའི་ས་ཆ་རྐྱང་ཡིན། རྒྱ་མིས་ས་ཆ་དེ་དག་གི་བདག་དབང་དེ་སྔ་ནས་རྩོད་བཞིན་པ་དང༌། འོན་ཀྱང་རྒྱ་གར་གཞུང་གིས་བཤད་རྒྱུར། རྒྱ་མིས་ཨ་རུ་ན་ཅལ་མངའ་སྡེའི་ནང་ནས་རྒྱ་གར་གྱི་ས་ཆ་ཀི་ལོ་མི་ཊར་༤༨༡༨ ཙམ་ཟས་ཡོད་ཟེར། དམག་འཁྲུག་གི་ཉེན་ཟོན་དེའི་ཐོག་ད་དུང་ཡང་རྒྱ་གར་གཞུང་ལ་གྲ་སྒྲིག་མེད་ཚུལ་བརྗོད་ཡོད། འོན་ཀྱང་རྒྱ་དཀར་ནག་གཉིས་ཀྱི་དམག་གི་སྟོབས་ཤུགས་ཐད། མཁའ་དམག་དང་མཚོ་དམག་རྒྱ་གར་ཡར་ཐོན་ཅན་ཡིན་པ་དང༌། རྐང་དམག་ཐད་རྒྱ་ནག་ཡག་པོ་ཡོད་པར་བཤད། སྤྱིར་བཏང་རྒྱ་ནག་གི་མེ་སྒྱོགས་སོགས་གོ་མཚོན་མང་ཆེ་བ་དེ་སྔོན་དམག་ཆེན་གཉིས་པའི་རྗེས་ར་ཤི་ཡ་ནས་ནང་འདྲེན་བྱས་པ་ཤུགས་ཆེ།

གནས་ཚུལ་འདི་དག་གིས་དྲན་འོང་བ་ནི། ཝང་ལི་ཞོན་གྱི་སྐད་ཆ་ཡིན། དེ་ཡང་ཁོ་པའི་བྱ་དོར་བོད་ཀྱི་ལས་དབང་ཞེས་པའི་དེབ་ཀྱི་བསྡུས་དོན། རྩིབས་རུས་སྙི་མོའི་ནང༌། བོད་དེ་རྒྱ་ནག་གི་འབྱུང་འགྱུར་དམག་གི་མཁར་རྫོང་ཡག་ཤོས་དེ་ཡིན་པ་དང༌། གལ་ཏེ་བོད་འདི་མེད་སོང་ན། རྒྱ་ནག་གི་དམག་ས་མདུན་མ་དེ་ཟི་ཁྲོན་དང་དེ་ནས་པེ་ཅིང་ལ་ས་ཐག་ཉེ་བ། ད་ལྟ་བོད་འདི་དམག་ས་མདུན་མར་ཡོད་སྟབས་དེའི་རྒྱབ་ཕྱོགས་ཟི་ཁྲོན་བཅས་ནས་ཐུབ་པ། ད་དུང་བོད་ས་མཐོ་བས་འཕུར་མདེལ་གྱི་ནུས་ཤུགས་བཅོག་ཐུབ་ཅེས་པ་སོགས་དམག་གི་ཐབས་ཇུས་ནས་གླེང་ཡོད།

འོན་ཀྱང་ང་ཚོས་བསམ་དགོས་པ་ཧ་ཅང་མང་ཡང༌། གཙོ་བོ་གཅིག་ནི་དམག་འཁྲུག་གི་ཉེན་ཚབས་དེ་རེད། རྒྱ་ནག་གི་དམག་གི་རྟེན་གཞི་གཙོ་བོ་དེ་བོད་ས་ཆགས་ཀྱི་ཡོད་ལ། རྒྱ་གར་གྱིས་དམིགས་ས་ཡང་བོད་སར་གནས་ཡོད། དེས་ན་ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་དང་འཛམ་གླིང་ནང་མི་འབོར་ཆེ་ཤོས་རྒྱལ་ཁབ་དེ་གཉིས་དོན་དངོས་དམག་འཁྲུག་ཅིག་བྱུང་ན། ང་ཚོར་ཕན་གནོད་ཇི་ལྟར་འབྱུང་མིན་དེ་གཙོ་བོ་ཡིན། དམག་འཁྲུག་གི་བརྒྱུད་རིམ་ནས་མི་རིགས་རྩ་གཏོར་ཕྱིན་པ་ཡོད་ལ། དེའི་བརྒྱུད་རིམ་ནས་རང་བཙན་རེག་པའང་ཡོད། བསམ་བློ་ཐོངས།
 

འབྲེལ་ཡོད་གསར་འགྱུར།

ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

ཆུ་ཚོད་ ༡༡ སྔོན་ལ།
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

ཆུ་ཚོད་ ༡༡ སྔོན་ལ།
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

ཆུ་ཚོད་ ༡༤ སྔོན་ལ།
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦
དཀར་མཛེས་རྫོང་འབྲུང་རྔ་གྲོང་གི་དཀར་མཛེས་ད་དགོན་པའི་དགེ་རྒན་དཔལ་ལྡན་ཡེ་ཤེས་ལགས། ནོར་ཝེ་རླུང་འཕྲིན་ཁང་གི་པར། 
Mobile App

རྒན་དཔལ་ལྡན་ཡེ་ཤེས་ལགས་ཀྱི་སྤུན་མཆེད་ཀྱང་བདུན་ཕྲག་གཅིག་ལྷག་རིང་བཀག་ཉར་གྱིས་གཅར་རྡུང་བྱས་འདུག 

༢༠༢༦/༠༣/༠༦

མཆན། 6

  1. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    རྒྱ་ནག་གིས་མཚོ་ནུབ་ཀྱི་གཏེར་ལེན་ཁ་རུ་མེ་ཤུགས་འཕུར་མདའི་རྟེན་གཞི་བཙུགས་ཡོད་པ་དང་། མེ་ཤུགས་འཕུར་མདའ་དེ་དག་གི་དམིགས་འབེན་ནི་རྒྱ་གར་གཅིག་པུ་རེད་ཟེར།
    མེ་ཤུགས་འཕུར་མདའ་འདི་དག་ནི་རིམ་པ་འབྲིང་གྲས་ཡིན་པ་དང་། དེ་དག་རྒྱང་ཐག་ཀི་ལོ་མི་ཊར་ ༣༠༠༠ གི་སར་འཕེན་ཐུབ་ཀྱི་ཡོད་སྟབས། རྒྱ་གར་གྱི་བྱང་ཕྱོགས་མངའ་ཁུལ་ཡོངས་རྫོགས་དང་རྒྱ་གར་དབུས་ཀྱི་ས་ཁུལ་ཁ་ཤས་སུ་སྙོབ་ཀྱིན་ཡོད་འདུག

    སྤྱིར་བཏང་མེ་ཤུགས་འཕུར་མདེལ་འདི་དག་གིས་པཱ་ཀི་སི་ཐན་དང་བལ་ཡུལ། འབར་མ། རྒྱ་གར་བཅས་ལ་སྙོབ་ཀྱིན་ཡོད་ནའང་། རྒྱ་གར་མ་གཏོགས་རྒྱལ་ཁབ་གཞན་གསུམ་ནི་རྒྱ་ནག་གི་དམིགས་འབེན་མིན་པར་བཤད།

    རྒྱ་གར་གྱིས་ཀྱང་འདིའི་ཐད་གྲ་སྒྲིག་བྱེད་ཀྱིན་འདུག་ཅེས་རྒྱ་གར་དུས་བབ་གསར་ཤོག་གིས་གནས་ཚུལ་ཞིག་ཕྱི་ཚེས་ ༡༨ ཉིན་སྤེལ་འདུག

    Reply
  2. བདེ་བ་ཅན། says:
    ལོ་ 17 སྔོན།

    རྒྱ་གར་དང་རྒྱ་ནག་ཕྱི་ལོ་ ༢༠༡༢ ལོར་དམག་རྒྱབ་མ་སྲིད་པ་རེད། གང་ཡིན་ཟེར་ན་རྒྱ་གར་ལ་རང་ཉིད་ཀྱི་ཁྱིམ་མཚེས་ཡུལ་གྲུ་པ་ཀི་སི་ཐན་སོགས་འཐབ་ཡུལ་ཡོད་བཞིན་དུ་རྒྱ་ནག་དང་དམག་འཐབ་བྱ་མ་་སྲིད་པ་ཞིག་རེད། རྒྱ་གར་གྱི་ཆབ་སྲིད་མཁས་པ་ཚོས་བོད་འདི་རང་སྐྱོང་ལས་རང་བཙན་ཡོང་བར་འབད་བརྩོན་བྱ་རྒྱུར་འདོད་པ་བྱ་གི་ཡོད་ཅིང། ཁོང་་ཚོས་རྒྱ་ནག་དང་དམག་འཁྲུག་ཡོང་བའི་ཉེན་ཁ་མཐོང་ཚེ་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་དེར་གནོན་ཤུགས་ཆེ་ཙམ་སྤྲད་དེ་རང་བཙན་གྱི་ལམ་དུ་འབད་བརྩོན་བྱ་རྒྱུར་སྐུལ་འདེད་བྱས་ཏེ་རྒྱ་ནག་གི་དབང་འཛིན་པ་་ཚོར་རྒྱ་གར་དང་དམག་འཁྲུག་བྱ་འདོད་མེད་པར་རྒྱ་གར་གྱི་རྣམ་འགྱུར་ལ་བསྟུན་དགོས་པའི་ཐབས་ལམ་ཞིག་འཚོལ་སྲིད་པ་རེད། རྒྱ་གར་གྱིས་རྒྱ་ནག་དང་དམག་འཁྲུག་བྱས་ཏེ་རྒྱ་མི་རང་ཉིད་ལ་གྱོང་གུན་མེད་པར་ཡུན་རིང་ནས་ཁྱིམ་མཚེས་ཡུལ་གྲུར་དགེ་སློབ་ཀྱི་འབྲེལ་བ་ཡོད་པའི་བོད་ཀྱི་ས་ཐོག་ཏུ་འཛིང་རྒྱུ་དེར་ཁོང་་ཚོས་འདོད་མོས་མེད་པ་དང། དེར་ཁེ་བཟང་ལས་གྱོང་གུན་ཡོད་པའི་རྣམ་འགྱུར་འཛིན་གྱི་ཡོད། འོན་ཏེ་རྒྱ་གར་ཕྱོགས་ནས་ཀྱང་དེང་སྐབས་རྒྱ་གར་དང་བོད་ཀྱི་ས་མཚམས་སུ་དམག་ཤུགས་དང་མཚོན་ཆའི་ཆ་རྐྱེན་ལྡབ་གྱུར་གྱིས་མཁོ་སྤྲོད་དང་གྲ་སྒྲིག་བྱས་ཏེ་ཅི་སྟེ་དམག་འཁྲུག་བྱུང་ཚེ་ ༡༩༦༢ ལོ་རྒྱུས་ལས་བརྒལ་ཏེ་རྒྱ་ནག་གི་དམག་འཐབ་བྱ་རྒྱུའི་བསམ་ཚུལ་ལས་རྣམ་པར་རྒྱལ་གྱུར་གྲ་སྒྲིག་ཤུགས་ཆེ་ཡོད་བཞིན་པ་རེད། ལྷག་པར་དུ་རྒྱ་གར་གྱིས་རྒྱ་མིས་བོད་་ཀྱི་ས་ཐོག་ཏུ་དམག་དོན་གྱི་གྲ་སྒྲིག་བྱས་ཟིན་པའི་གནས་ཚུལ་དང་མཁོ་སྒྲུབ་བྱས་པའི་རྒྱུ་ཆ་ནི་རྒྱ་གཞུང་ཧང་སངས་དགོས་པའི་སིམ་འཛུལ་ཐུབ་པ་བྱུང་ཡོད། གནས་སྟངས་དེ་འདྲས་རྒྱ་མིའི་ངོས་ནས་ཀྱང་རྒྱ་གར་དང་དམག་འཐབ་བྱ་རྒྱུར་འདོད་པ་རྩ་བ་་ནས་མེད་པའི་ལངས་ཕྱོགས་ཡོད་པར་བརྟེན་རྒྱ་ནག་གི་དཔོན་རིགས་མང་པོས་སྔ་རྗེས་སུ་རྒྱ་གར་དུ་འཚམས་འདྲིར་ཡོང་རྒྱུའི་འདོད་་པ་བྱ་གི་ཡོད། དེ་ནི་ཕྱོགས་གཉིས་ཀྱི་འགལ་ཟླ་བྱུང་བཞིན་པ་རྣམས་ཞི་བའི་ཐོག་ནས་སེལ་རྒྱུ་ལས་དམག་འཐབ་བྱས་ཚེ་རྒྱ་གར་གྱི་གྲ་སྒྲིག་བྱ་བཞིན་པ་ལས་རྣམ་པར་རྒྱས་གྱུར་མིན་པ་དེ་ཤེས་ཡོད་པས་བློ་བདེ་པོ་བྱེད། དམག་འཁྲུག་རྩ་བ་ནས་རྒྱག་མ་སྲིད་པ་རེད།།

    Reply
  3. རྐང་རྗེན་པ། says:
    ལོ་ 17 སྔོན།

    རྒྱ་ནག་གིས་བོད་ཐོག་མར་ཟ་དུས་ཀྱི་དམིགས་ཡུལ་གཙོ་བོའང་དམག་ས་བྱེད་རྒྱུ་འདི་ཡིན་པ་ལྟར། ད་ཆ་བོད་བློས་མི་ཐོངས་པའི་རྒྱུ་མཚན་ཡང་གཙོ་བོ་དམག་ས་བྱེད་རྒྱུ་འདིའི་དབང་གིས་ཡིན་ངེས་པས། རྒྱལ་སྤྱི་དང་ལྷག་པར་རྒྱ་དཀར་ནག་གི་དམག་དོན་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་འདིའི་འོག་ནས། རྒྱ་ནག་གིས་བོད་ལ་རང་དབང་སྤྲོད་རྒྱུ་ནི་ཡོང་མི་སྲིད་པ་ལྟ་བུ་ཞིག་རེད། འདི་ནི་རྒྱལ་ཁབ་ཅིག་ཡིན་ཕྱིན་སྲིད་དོན་དང་དམག་དོན་གྱི་ཁེ་ཕན་ནི་ཨང་དང་པོ་དང་ལྟེ་བར་འཛིན་བཞིན་པའི་རྩ་དོན་དེའི་ཆ་ནས་རེད། འོན་ཀྱང་གློ་བུར་བའི་འགྱུར་ལྡོག་ཅིག་སླེབས་ན་ནི་བོད་རང་དབང་མ་ཟད་རང་བཙན་ཡང་ཡོང་སྲིད་པ་ཞིག་ཡིན་པས། རྒྱ་ནག་ལ་དེ་འདྲའི་གློ་བུར་བའི་འགྱུར་ལྡོག་ཅིག་ཡོང་མི་སྲིད་ཅེས་སུས་ཀྱང་ཁ་ཚོན་མི་ཆོད་པར་བརྟེན། ང་ཚོ་རེ་བས་ཕོངས་སྲིད་ཀྱང་དོན་དངོས་སུ་དེ་ཙམ་ལ་རེ་བ་བྱེད་རྒྱུ་ལས་མེད་སྙམ།

    Reply
  4. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    སྐུ་ཞབས་བྷ་ར་ཏ་ཝར་མ་ཡིས་རྒྱ་དཀར་ནག་གཉིས་བར་ ༢༠༡༢ ལོར་དམག་འཁྲུག་ཅིག་ཡོང་གི་རེད་ཟེར་བ་དེ་གཙོ་བོ་ ༢༠༡༢ ལོར་རྒྱལ་ཁབ་འདི་གཉིས་བར་གྱི་དམག་འཁྲུག་ཐོག་མ་དེ་བྱུང་ནས་དུས་རབས་ཕྱེད་ཀ་ཏག་ཏག་འཁོར་གྱིན་ཡོད་སྟབས། འདི་ལྟར་དུས་ཚོད་རྒྱས་བཅད་ཀྱིས་གསུངས་པ་རེད། དེ་མ་གཏོགས་རྒྱལ་ཁབ་འདི་གཉིས་ཀྱི་བར་ན་ངེས་པར་དུ་ ༢༠༡༢ གི་སྔོན་ལ་ཐག་མ་ཆོད་ན་དམག་འཁྲུག་ཅིག་ལངས་གཞིའི་གནད་དོན་དེ་འདྲ་ཡོད་ཚོད་མི་འདུག

    Reply
  5. ནད་པ says:
    ལོ་ 17 སྔོན།

    རྒྱ་གར་གྱི་གྲགས་ཅན་ཉམས་ཞིབ་པ་བྷ་ར་ཏ་ཝར་མས་༢༠༡༢ ལོར་རྒྱ་ནག་གིས་རྒྱ་གར་ལ་དམག་འཁྲུག་རྒྱག་རྒྱུ་རེད་ཟེར་བ་དེ་རྒྱ་གར་གཞུང་གིས་དམག་དོན་ཐད་ལ་ངེས་པར་དུ་སྔོན་ཚུད་ནས་གྲ་སྒྲིག་དང་ཡིད་གཟབ་བྱེད་དགོས་པའི་བསྐུལ་མ་ཞིག་གཏང་བ་ཡིན་སྲིད།
    ༢༠༡༢ ལོར་དམག་འཁྲུག་རྒྱག་རྒྱུར་ངེས་པ་ཞིག་མིན་ཡང་གང་ལྟར་སྔ་ཕྱི་མ་གཏོགས་རྒྱ་དཀར་ནག་གཉིས་ཀྱི་དབར་རྩོད་རྙོག་ཆེན་པོ་ཞིག་ལངས་རྒྱུ་ཡིན་པ་དེ་སྨྲོས་ཅི་དགོས།

    Reply
  6. དབུས་ཕྲུག་ཚེ་རིང་། says:
    ལོ་ 17 སྔོན།

    གནས་ཚུལ་འདིའི་ཐོག་ཉེ་ཆར་རྒྱ་གར་གི་ཧིན་དྷུའི་གསར་འགྱུར་ལེ་ཚན་གྲགས་ཅན་ཨ་ཅེ་ཏག་ནང་རྩོམ་སྒྲིག་པ་བྷ་ཧ་ར་ཏ་ཝར་མ་དང་དུས་ཡུན་གང་འཚམས་རིང་གལ་ཆེའི་བགྲོ་གླེང་ཡང་བྱས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese