མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཀར་མཛེས་སུ་བོད་ཡིག་སྦྱོང་བའི་ཚ་རླབས་ཤིག་འཕྱུར་བ།

བོད་ཀྱི་དུས་བབ།
༢༠༠༩/༠༧/༡༩
Share on FacebookShare on TwitterShare on EmailShare on Whatsapp

ལོ་འདིའི་དབྱར་གནང་གི་སྐབས་ནི་དཀར་མཛེས་ཀྱི་ལོ་རྒྱུས་སུ་རང་མོས་ཀྱིས་བོད་ཡིག་ཟུར་སྦྱོང་བྱེད་མཁན་མང་ཤོས་ཀྱི་ལོ་ཞིག་ཏུ་གྱུར།

བོད་ནང་གི་ཧི་གཟུགས་ཟིན་བྲིས་ནང་སྤེལ་བའི་གནས་ཚུལ་ལྟར་ན། ལོ་འདིར་དཀར་མཛེས་ཁུལ་གྱིས་གཞུང་ཞབས་པ་བསྡུ་བའི་ཡིག་རྒྱུགས་སྐབས་དཀར་མཛེས་སློབ་ མ་པད་མ་རྒྱལ་མཚན་གྱིས་རྫོང་རིམ་པའི་ཨང་དང་པོ་དང་། བྱམས་པ་གཡང་མཚོས་གྲོང་བརྡལ་རིམ་པའི་ཨང་གསུམ་པ་བླངས་ཤིང་། དཀར་མཛེས་ཁུལ་གྱི་དམའ་འབྲིང་མཐར་ཕྱིན་རྒྱུགས་སྤྲོད་སྐབས་དཀར་མཛེས་སློབ་མ་བུ་མོ་བདེ་སྐྱིད་ཀྱིས་རང་སྐྱོང་ཁུལ་གཅིག་ལས་ཨང་དང་པོ་དང་། མཐོ་རྒྱུགས་སྐབས་དཀར་མཛེས་སློབ་མ་བུ་མོ་བདེ་གཡང་དང་སྒྲོལ་མ་ཆོས་སྐྱིད་གཉིས་ ཀྱིས་སི་ཁྲོན་ཞིང་ཆེན་གྱི་ཁྲིད་ཐབས་རིགས་དང་པོའི་སློབ་མ་ལས་ཨང་དང་པོ་དང་ གཉིས་པ་ཐོབ་པ་ནི་དཀར་མཛེས་ཡུལ་གྲུའི་གསར་འགྱུར་ཆེན་པོ་ཞིག་དང་མི་ཚང་མའི་བརྗོད་གཞི་སྙན་མོ་ཞིག་ཏུ་གྱུར། དེ་དང་ཆབས་ཅིག་འདི་ལོར་བོད་ཡིག་སྦྱོང་མཁན་གྱི་སློབ་མ་མི་ཉུང་བ་ཞིག་གིས་གཞུང་ཞབས་པའི་རྒྱུགས་སྤྲོད་དང་། དགེ་རྒན་བསྡུ་བའི་རྒྱུགས་སྤྲོད། སློབ་གྲྭ་ཆེན་མོའི་ཡིག་རྒྱུགས་སོགས་ལ་འབྲས་བུ་བཟང་པོ་ཐོབ་པས་རྒྱ་ཆེའི་མང་ ཚོགས་ཀྱིས་བོད་ཡིག་སྦྱངས་ན་དགོས་མཁོ་ཡོད་པའི་ངོས་འཛིན་བྱུང་།

དེ་ལྟར་འདི་ལོའི་དབྱར་གནང་ནི་དཀར་མཛེས་ཀྱི་ལོ་རྒྱུས་སུ་རང་མོས་ཀྱིས་བོད་ཡིག་ཟུར་སྦྱོང་བྱེད་མཁན་མང་ཤོས་ཀྱི་ལོ་ཞིག་ཏུ་གྱུར། དཀར་མཛེས་མི་རིགས་སློབ་འབྲིང་དུ་རིམ་པ་མི་འདྲ་བའི་བོད་ཡིག་ཟུར་སྦྱོང་འཛིན་ གྲྭ་དྲུག་བཙུགས་ཡོད་ཀྱང་། ད་དུང་སློབ་མ་མང་པོ་ཞིག་གིས་འདོན་ས་རག་མེད། དཀར་མཛེས་བོད་ཡིག་སློབ་འབྲིང་དུ་ཟུར་སྦྱོང་འཛིན་གྲུ་ལྔ་བཙུགས་ཡོད་ལ། སློབ་མ་མང་པོ་ཞིག་ནི་རྒྱ་རིགས་དག་མ་ཡིན། ད་དུང་བོད་ཡིག་དགེ་རྒན་མི་ཉུང་བ་ཞིག་གིས་རང་ཁྱིམ་དུ་རིན་པ་མི་ལེན་པའི་ཟུར་ཁྲིད་འཛིན་གྲྭ་བཙུགས་ཡོད། བསྐྱར་པར་ཁང་དུ་བོད་ཡིག་གི་ལྷན་ཐབས་སོགས་དཔར་མཁན་སྔར་ལས་མང་ལ། སྐོར་ལམ་དུ་བོད་ཡིག་སྦྱངས་ན་དགོས་པ་ཡོད་པའི་གནས་ལུགས་བཤད་མཁན་སྔར་ལས་མང་། ངས་བུ་དང་བུ་མོ་བོད་ཡིག་སློབ་གྲྭ་ཞིག་ཏུ་གཏོང་དགོས་འདུག་ཟེར་བའི་ཁྱིམ་བདག་སྔར་ལས་མང་ལ། ངས་བུ་ཕྲུག་རྒྱ་ཡུལ་བཏང་ནས་བོད་ཡིག་བརླག་པ་དེ་འགྲིག་མ་སོང་ཞེས་སྨྲེ་སྔགས་འདོན་མཁན་གྱི་ཕ་མ་ཡང་ཇི་སྙེད་ཅིག་འདུག

དེ་ཡང་འཇིག་རྟེན་གྱི་གཏམ་དཔེ་ལ་ཁ་བཤད་བརྒྱ་ལས་ལག་ལེན་གཅིག་གིས་དགའ་ཞེས་གསུངས་པ་ལྟར་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་གཏན་འབེབས་གང་མང་མཛད་པ་ལས། འགག་རྩར་ཐུག་དུས་བོད་ཡིག་ལ་སྐར་མ་མང་པོ་སྤྲོད་པ་དེས་ཕན་འདུག་སྙམ། འདི་ལྟར་བོད་རིགས་ས་ཁུལ་དུ་ལས་རིགས་གང་ཞིག་བསྡུ་ན་ཡང་བོད་ཡིག་དང་བོད་སྐད་ནི་ཚད་གཞི་གཙོ་བོ་ཞིག་ཏུ་བཞག་ན་སྤྱི་ཚོགས་བརྟན་བརླིང་དང་། མི་རིགས་མཐུན་སྒྲིལ་གྱི་སྒུལ་ཤུགས་བླ་ན་མེད་པ་ཞིག་འགྱུར་ཐུབ་སྙམ་ཅེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 5

  1. དཔལ་ལྡན་རྒྱལ། says:
    ལོ་ 17 སྔོན།

    གྲོགས་པོ་ཁྱོད་ཀྱིས་གནས་ཚུལ་བཟང་པོ་ཞིག་འབྲི་འདུག་ངས་ཀྱང་དེ་འདྲ་ཞིག་གོབྱུང་་་ད་ལོ་ལ་དར་མདོ་སློབ་གྲྭར་མྱི་ཁྲི་གཉིས་ཙམ་གྱིས་རྒྱུགས་སྤྲོད་ཞིགབྱེད་ཡོད་པས་དེའི་ནང་ནས་བོད་ཡིག་དགེ་རྒན་ལྔ་བརྒྱ་ནས་དྲུག་བརྒྱ་བར་དགོས་པའི་གསལ་བསྒྲགས་བྱེད་ཡོད་པའི་གནས་ཚུལ་ཡང་འདུག

    Reply
  2. བཀྲ་ཤིས་མགོན་པོ། says:
    ལོ་ 17 སྔོན།

    ལས་གནས་གྱིས་ཤེས་བྱ་འདྲེན། །ཤེས་རིག་གི་ནོར་བུ་སྐྱོང་།།
    རང་ཁ་དེ་རང་གིས་གསོ། །བོད་ཡིག་འདི་བོད་པས་སྤྱོད།།
    ངོ་གཏམ་བཟང་ཞིག་རེད་ད།
    རེ་བ་འདུག

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    སེམས་བསམ་པའི་གཏིང་གི་དགའ་ནི་ཞིག་རེད། གཏམ་འདི་འདྲ་ཡང་ཡང་གོ་བར་སྨོན། བོད་འདི་འདྲ་ཡང་ཡང་སྐྱེ་བར་སྨོན། དཀར་མཛེས་ཡུལ་གྱི་བོད་མི་དེ་དག་ལ་སྙིང་ཐག་པ་ནས་གུས་མདུད་ཞུ།

    Reply
  4. ཨ་བུ་གངས་དཀར says:
    ལོ་ 17 སྔོན།

    དགའ་བོ་བྱུང་རྗེས་སུ་ཡིན་རང་ཞུ་རྒྱུ།

    Reply
  5. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    དངོས་གནས་ཡག་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese