མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངས་རྩོད་རྒྱག་རྒྱུ་ཡིན།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༧/༢༠
Share on FacebookShare on TwitterShare on EmailShare on Whatsapp


མི་ཟེར་བ་འདིས་རང་གི་གང་བཤད་ཚུལ་བདེན་པ་འཛིན་རྒྱུར་དགའ་བ་ཞིག་ལས་སྐྱེ་བ་ནས་བཟུང་དེ། རྩོད་རྙོག་བྱེད་རྒྱུ་ཡང་དེ་ནས་བཟུང་དེ་མགོ་བཙུགས་པ་རེད། མགོ་བཙུགས་ཉིན་དེ་ནས་མི་མཐོ་དམན་བར་གསུམ་ཚང་མས་རྩོད་པ་བྱེད་ཀྱི་ཡོད། རྩོད་པ་རྩོད་རྒྱུ་དེ་ཡང་གཏན་ནས་མི་འདྲ། ཆེ་ཆུང་མི་འདྲ། ནུས་པ་མི་འདྲ། རྒྱུ་མཚན་མི་འདྲ། དགོས་འཁོ་མི་འདྲ། གཏན་ནས་མི་འདྲ་བའི་རྩོད་རྙོག་མང་བོ་མང་བོ་ཞིག་མིའི་རིགས་ཀྱི་བྲང་ཁོག་ནང་དུ་མེ་ལྕེ་བཞིན་ཏུ་འབར་བཞིན་ཡོད།

དེ་ན་ང་རང་ཡང་མི་ཞིག་རེད། ངས་གང་ཞིག་རྩོད་དགོས་ཀྱི་ཡོད་དམ་ཟེར་ནས་ངས་རང་ཉིད་ལ་དྲི་བ་ཞིག་དྲིས་དུས། ངས་རྩོད་རྒྱུ་དེ་ནི་རང་གི་ཉལ་ས་དྲོན་མོ་དེ་མི་གཞན་གྱིས་བཙན་འཕྲོག་བྱས་པ་དེར་ཕྱིར་རང་ཉིད་ལ་ཐོབ་རྒྱུར་འབད་བརྩོན་དང་རྩོད་པ་རྒྱག་དགོས་པ་དེ་རེད། འོན་ཀྱང་། ངའི་ཉལ་ས་འཕྲོག་མཁན་གྱི་མི་དེ་ནི་སྟོབས་ཆེན་ཞིག་ཡིན་སྟབས། ངའི་འགྲམ་གྱི་མི་མང་བོ་ཞིག་ཁོ་ལ་རེ་དགོས་ཀྱི་ཡོད་སྟབས། ཁོང་ཚོས་ངའི་ཉལ་ས་ཁོས་འཕྲོག་པ་ཤེས་ཀྱང་། ཁ་རོག་གེར་བསྡོད་པ་འམ་མཚམས་རེར་དེ་འདྲ་མ་བྱེད་ཟེར་ནས་ཁ་ཡག་རེ་བཤད་པ་ལས། ང་རང་གི་ཉལ་ས་དྲོན་མོ་དེ་ང་རང་ཕྱིར་ཐོབ་ཐབས་སུ་ཁོང་ཚོས་ཁ་སེམས་མཐུན་པའི་རོགས་རམ་ཞིག་བྱེད་མཁན་དངོས་ནས་དཀོན་པོ་རེད།

དེས་ནས་ངས་རང་གི་རྩོད་རྙོག་འདི་ཁ་རོག་གེར་བཞག་ནས་ང་རང་ཉལ་ས་གཡར་མ་ཞིག་ལ་མགོ་བོ་བཞག་ནས་ཤི་རྒྱུར་སྒུག་དགོས་ཀྱི་ཡོད་དམ་ཟེར་ནས་རང་གིས་རང་ལ་དྲི་བ་གཉིས་པ་ཞིག་སླེབས་སོང་། རེད། རང་ཉིད་མི་གཅིག་གང་དུ་སོང་ཡང་མི་སྐྱོན་མོད། ངའི་ཉལ་ས་དྲོན་མོ་དེ་ཕྱིར་རང་གི་ལག་ཏུ་མ་རེག་པ་ཡིན་ན། ངའི་མེས་པོ་དེ་དག་གིས་ང་རང་ལ་བཞག་པའི་གཅེས་ནོར་ཡིན་སྟབས། ངས་རང་གི་མེས་པོ་དག་ལ་ཕྱི་མ་ནས་ཅི་ཞིག་བཤད་དགོས་ཀྱི་ཡོད་པ་རེད་ཅེས་རང་གི་རང་ལ་ལན་འདྲ་བོ་ཞིག་འདེབས་ཁུལ་བྱས་དེ། ད་ནི་ངས་ཀྱང་རྩོད་རྙོག་དེ་བཟང་ངན་གང་དུ་སླེབས་རེག་བར་ཏུ་རྩོད་རྒྱུར་སེམས་ཐག་བཅད་ཟིན་པ་ཡིན། ཡིན་ཡང་། ང་རང་ལ་ཁོང་ཚོས་རོགས་བྱེད་སྲིད་དམ། ཕལ་ཆེར། ཁོང་ཚོས་ད་དུང་ཡང་སྔར་བཞིན་ཁ་གཡང་རེ་བསྒྲགས་ནས་ལྟད་མོ་ལྟ་མཁན་ལས་གང་ཡང་མི་བྱེད་མཁན་དེ་རྣམས་ཆགས་སྲིད་དམ། དེ་འདྲར་ཆགས་ཉིན། ད་ནི་ངས་རང་གི་མེས་པོ་དག་ལ་དངོས་ནས་ཅི་ཞིག་ཟེར་བསམ་ཞོར་རྩོད་རྙོག གང་ནས་མཇུག་བསྡུ་སྲིད་པ་ཡིན། མུ་མཐུད་དུ་རྩོད་རྒྱུ་དེ་ནི་ངས་ཕྲག་པར་ལྷུང་བའི་ལས་འགན་ཡིན་པ་རེད། རྩོད་རྙོག་ང་རང་སྐྱེ་དུས་ནས་མགོ་བཙུགས་འདུག ང་སྐྱེ་དུས་ནས་ངའི་ཉལ་ས་དྲོན་མོ་གཞན་ལག་ན་འདུག  མི་ཟེར་བ་འདི་གཉིད་སྐྱིད་པོ་ཞིག་ཁུགས་འདོད་ཀྱང་། ཉལ་ས་དྲོན་མོ་ཞིག་མེད་དུས། རྩོད་པ་ལོས་རྒྱག རྒྱག་ངེས་ཡིན། རྒྱག་དགོས་པ་ཡང་བཟོས་ཡོད་པ་རེད། ད་ནི་རྩོད་རྙོག་འགྲིག་པའི་རེ་བ་ཞིག་ཡོད་རྒྱུའི་ཕྱོགས་སུ་བསམ་བློ་གཏོང་མཁན་ཞིག་ཡོད་ཀྱང་རུང་མེད་ཀྱང་རུང་། ངས་རྩོད་རྒྱག་རྒྱུ་ཡིན།

འབྲེལ་ཡོད་གསར་འགྱུར།

Sikyong Penpa Tsering Extends Condolences on the Passing of Congressman Barney Frank. Photo Credit: Tibet.net
Mobile App

བོད་མི་ཚོས་ཨ་རིའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་ཕྱིན་པར་གདུང་སེམས་མཉམ་སྐྱེད་ཞུས།

སྐར་མ ༥༣ སྔོན་ལ།
Mobile App

རྒྱ་ནག་གིས་ “བོད་ཞི་བའི་བཅིངས་འགྲོལ་” ཞེས་པའི་ལོ་ངོ་ ༧༥ འཁོར་བའི་དུས་དྲན་ལ་དགག་ལན་དང་ཐ་སྙད་དབྱེ་ཞིབ།

༢༠༢༦/༠༥/༢༣
བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༦/༠༥/༢༢
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

༢༠༢༦/༠༥/༢༢
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡

མཆན། 8

  1. sha tak ri sim says:
    ལོ་ 17 སྔོན།

    འཇམ་མགོན་ལགས། རྩོད་པ་ལོས་རྒྱག བྱ་བྱེའི་འབའ་འབུ་ཚུན་ཆད་ཀྱིས་རྩོད་པ་རྒྱག་གི་ཡོད་པ་རེད། ཡིན་ཡང་། དེ་དག་གིས་སྨྲ་མི་ཤེས་པའི་དཀའ་ངལ་དང་བསམ་ཤེས་གནང་ཐུབ་མིན་གྱི་དཀའ་ངལ་སོགས་མང་བོ་ཡོད་པ་རེད། འུ་ཅག་ལས་དེ་ལས་བརྒལ་བའི་ཆ་རྐྱེན་མང་བོ་ཞིག་ཡོད་དུས། འུ་ཅག་གིས་རྩོད་པ་ལོས་རྒྱག ངེད་ཅག་ཚང་མས་ཤུ་རེ་ལོས་བྱེད། ཉིད་ཀྱིས་དཔུང་བ་མཉམ་གཤིབ་བྱེད་རྒྱུར་རྒྱབ་སྐྱོར་གནང་བ་དེར་ཐུགས་རྗེ་ཆེ།

    གངས་རིའི་གླིང་བུ་ལགས། ངས་ནམ་ཡང་རང་རྒྱལ་ནས་གཞན་ཕམ་འཇུག་འདོད་མེད་ཀྱང་། གཞན་རྒྱལ་ནས་རང་མི་སྡུག་ལ་གཏད་པ་རིག་ན་དངོས་ནས་མི་འདོད་ཀི འདིས་ཚོར་བ་འདི་ང་ལ་ཡོད་ལ་ཁྱེད་རང་ལ་ཡང་ཡོད་ངེས་ཡིན་དུས། ངེད་ཅག་གིས་རྩོད་རྒྱག་དུས་སུ། རང་རིགས་ཀྱི་ཕམ་ཁ་དོན་མེད་དང་ཉེས་མེད་དུ་མྱོང་བཞིན་པ་དེ་དག་གི་ཆེད་དུ་ཡིན་པ་ཐུགས་འཇག་འཚལ།

    Reply
  2. ajamyang says:
    ལོ་ 17 སྔོན།

    མི་སུ་ཡིན་ན་ཡང་རང་ཕྱོགས་རྒྱལ་བ་དང་གཞན་ཕྱོགས་ཕམ་པའི་རྩོད་པ་རྒྱག་འདོད་མེད་མཁན་ཞིག་ཕར་ཆར་མེད་པ་རེད།ཡིན་ན་ཡང་་་་རྩོད་པའི་ཁ་ཕྱོགས་དང་རྩོད་པའི་རྒྱུ་མཚན་དང་རྩོད་པའི་རིགས་ལམ་སོགས་མ་ཤེས་པར་རྩོད་པ་བྱས་ན་དོན་མེད་ཀྱི་ངལ་བ་ཞིག་བ་མ་རེད་དམ།

    Reply
  3. jamgon says:
    ལོ་ 17 སྔོན།

    གྲོགས་ཤ་ཁྲག་རུས་གསུམ་ལགས། རྩོད་དེ་མུ་མཐུད་རྒྱག་དགོས། རང་ས་སྤར་མོ་གང་བོ་དེའི་སླད་དུ་ང་ཚོ་ཚང་མའི་དཔུང་བ་མཉམ་སྦྲེལ་ནས་འགྲོ།

    Reply
  4. sha tak ri sim says:
    ལོ་ 17 སྔོན།

    གཉའ་འབྲོང་ལགས། ཕེབས་པ་ཐུགས་རྗེ་ཆེ། རྐང་རྗེས་རེ་བཞག་པ་དེ་ཡང་དགའ་འོས་པ་ཞིག་ལོས་ཡིན།

    Reply
  5. dongthe says:
    ལོ་ 17 སྔོན།

    བཀླགས་ཟིན་ཤ་ཁྲག་ལགས་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།

    Reply
  6. sha tak ri sim says:
    ལོ་ 17 སྔོན།

    ཨརྱ་ལགས། ཉིད་ཀྱིས་བསམ་ཚུལ་ལྷུག་པོེར་གནང་བ་དགའ་བསུ་ཞུ། ཡིན་ཡང་། ཉིད་ཀྱིས་འདི་འདྲ་ཞིག་གསུང་བ་དེ་ནི་ཡག་པོ་ཞིག་གོ་མ་སོང་། འོན་ཀྱང་ཁྱོད་ལའང་ཞན་ཆ་ཞིག་མེད་དམ་སྙམ་པ་ནི་གཞན་རྟེན་གྱི་བསམ་བློའི་དྲི་མ་དེ་རེད་ཟེར་བཞིན་འདུག ང་སུ་ལ་བརྟེན་བཞིན་ཡོད་མེད་དེའི་བསྐོར་ལ་གསལ་བཤད་རེ་གནང་ཐུབ་ན་ཡག་པོ་འདུག དེ་ནས་བདེན་པ་ཡིན་ན་ངས་རང་གི་ནོར་འཁྲུལ་ལ་ཁས་ལེན་ལོས་བྱེད། དེ་འདྲ་མིན་ཚེ། ཉིད་ཀྱིས་ང་རང་གི་རྩོམ་ཡིག་འདིས་ནང་གི་གང་ཞིག་གཞན་བརྟེན་ཆགས་ཀྱི་ཡོད་པ་དེར་བསམ་ཚུལ་བསྐྱར་མ་ཞིག་གནང་རོགས།

    ཨ་ཅེ་ཆུ་སྐྱེས་སྒྲོལ་མ་ལགས། ཉིད་ཀྱིས་དེ་ལྟར་ཁ་གསལ་བོ་སྒོ་ནས་རྒྱབ་སྐྱོར་གནང་བ་དེར་ཐུགས་རྗེ་ཆེ། ངེད་ཅག་ཚང་མས་མུ་མཐུད་དུ་འཇོན་ཚོད་ནུས་ཚོད་ཅིག་ལོས་རྩོད། འདི་ནི་འུ་ཅག་གི་ཕྲག་པར་ལྷུང་བའི་ལྡོག་མེད་ཀྱི་ལས་འགན་ཞིག་རེད།

    Reply
  7. chokey says:
    ལོ་ 17 སྔོན།

    ཐུགས་རྗེ་ཆེ་གནང༌།-རང་གི་མིང་གྲགས་དང་ཐོབ་ཐང་ཆེད་དུ་མ་ཡིན་པར་རྩོད་དང༌། ང་ཚོས་རྒྱབ་ལ་ཡོང་ཆོག རྩོད་དགོས་པ་ནི་བོད་མི་ཚང་མའི་ལས་འགན་རེད།

    Reply
  8. jamyang says:
    ལོ་ 17 སྔོན།

    རྩོད་རྒྱག་དགོས་པ་རེད་ལ་ཁྱོད་ཀྱིས་༼ངས་རྩོད་རྒྱག་རྒྱུ་ཡིན། ༽ཟེར་བར་རྗེས་སུ་ཡི་རངས་ཡོད། འོན་ཀྱང་ཁྱོད་ལའང་ཞན་ཆ་ཞིག་མེད་དམ་སྙམ་པ་ནི་གཞན་རྟེན་གྱི་བསམ་བློའི་དྲི་མ་དེ་རེད། ང་ཚོས་ཐ་ཤལ་གྱི་བསམ་བློ་དེ་མ་དོར་བར་དུ་དུས་ནམ་ཡང་རང་དབང་རང་བཙན་གང་ཡང་ཐོབ་མི་སྲིད་ལ་བོད་མི་རིགས་འདིའང་ཉམས་ཅེ་ཆུང་ནས་ཅེ་ཆུང་དུ་འགྲོ་ངེས་རེད། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese