མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མནར་གཅོད་ཁྲོད་ཀྱི་ཆབ་སྲིད་བཙོན་པ་ཚོ།

བོད་ཀྱི་དུས་བབ།
༢༠༠༩/༠༧/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མི་ཉུང་བ་ཞིག་གིས་ང་ཚོའི་ད་ལྟའི་ཛ་དྲག་གི་དུས་སྐབས་དང་གནས་སྟངས་སེམས་ཀྱིས་མ་བཟོད་པར། ཕྱིར་བོད་དུ་སོང་སྟེ་མི་རིགས་འདིའི་བདེ་དོན་དང་མ་འོངས་གཅིག་གྱུར་ཆེད་གཅེས་པའི་ལུས་སྲོག་བློས་གཏོང་བྱས་ཡོད་ལ། བཙོན་འཇུག་མནར་གཅོད་མྱངས་དང་མྱོང་བཞིན་པའང་གྲངས་ཀྱིས་མི་ལང་བ་ཞིག་ཡོད་པ་ལྟར། མི་ལོ་གསུམ་རིང་བཙོན་ཁང་དུ་མནར་གཅོད་མྱངས་པའི་ལྷ་མོ་སྐྱབས་ཀྱང་གཅིག་མཚུངས་ཡིན་ལ། བོད་མིའི་ཆབ་སྲིད་བཙོན་པ་སྒྲོལ་མ་སྐྱབས་སོགས་ཀྱིས་མུ་མཐུད་སྡུག་སྦྱོང་མནར་གཅོད་མྱོང་གིན་ཡོད་པ་རེད་ཟེར།

ཕྱི་ཚེས་ ༡༥ ཉིན་འདི་གའི་གསར་འགོད་པས་འདི་ལོའི་སྤྱི་ཟླ་ ༥ བའི་ཚེས་ ༡༢ ཉིན་ལྷ་སའི་ཆུ་ཤུར་བཙོན་ཁང་ནས་གློད་གྲོལ་ཐོབ་སྟེ་ཕྱིར་ངྷ་སར་འབྱོར་ཡོད་པའི་ཆབ་སྲིད་བཙོན་པ་ལྷ་མོ་སྐྱབས་ལགས་སུ་ཁོང་ཉིད་ཀྱི་འདས་པའི་ལོ་རྒྱུས་དང་བཙོན་འཇུག་བྱས་པའི་བརྒྱུད་རིམ་ཐད་གླེང་མོལ་བྱས་སྐབས། ཁོང་གིས་རང་ཉིད་ངོ་སྤྲོད་དང་འབྲེལ་བརྗོད་དོན། ང་རང་ཀན་ལྷོ་རྨ་ཆུ་རྫོང་ཆུ་ཁ་མ་ཞང་གི་འབྲོག་སྡེ་ཞིག་ཏུ་སྐྱེས་ཤིང་ཆུང་དུས་སློབ་སྦྱོང་གི་གོ་སྐབས་ཐོབ་མེད། ཡིན་ཡང་ ༢༠༠༣ ལོའི་ཟླ་ ༡ པོའི་ནང་༧གོང་ས་མཆོག་དང་ཡུན་རིང་བྲལ་བའི་རང་གི་གཉེན་ལ་ཐུག་འཕྲད་བྱ་ཆེད། བོད་མི་སྤྱི་མཚུངས་ལྟར་བཙན་བྱོོལ་དུ་འབྱོར་ཞིང་། ༧གོང་ས་མཆོག་དང་གཉེན་ཉེ་ཐུག་འཕྲད་ཀྱི་རེ་བ་འགྲུབ་རྗེས་ལོ་གཅིག་ལྷག་ལ་ཤེས་རབ་དགའ་ཚལ་སློབ་གླིང་ནས་སློབ་སྦྱོང་གི་གོ་སྐབས་ཐོབ་བྱུང་། སྐབས་དེའི་དགེ་སློབ་རྒྱལ་ཞེན་ཅན་དག་གི་བཀའ་དྲིན་ལ་བརྟེན་ནས་ང་ལ་སྔར་མེད་ཀྱི་བསམ་བློའི་གོ་རྟོགས་དང་རྒྱལ་ཞེན་ལྷག་བསམ་གྱི་རྨང་གཞི་བརྟན་པོ་ཞིག་བཞག་སོང་ལ། ༧གོང་ས་མཆོག་གི་བཀའ་སློབ་རིམ་པར་གསན་བསམ་སློབ་གཉེར་བྱས་པ་དང་། ལྷག་པར་དུ་ ༢༠༠༦ ལོའི་དུས་འཁོར་དབང་ཆེན་སྐབས་༧གོང་ས་མཆོག་གིས། བོད་མི་རིགས་ཀྱི་རྩ་དོན་འདི་སྤྱིར་སངས་རྒྱས་ཀྱི་བསྟན་དོན་སེམས་ཅན་གྱི་བདེ་དོན་ཡིན་སྟབས། མགོ་རྒྱལ་བ་རིན་པོ་ཆེ་གཅིག་པུ་མ་ཡིན་པར་བོད་པ་མི་རེ་ངོ་རེ་ལ་འགན་འཁྲི་ངེས་པར་ཡོད་དགོས་པ་མ་ཟད་འགན་ལེན་དགོས་ཞེས་བཀའ་སློབ་གནང་བས་ང་ལ་སྔར་མེད་ཀྱི་ཚོར་བ་ཟབ་མོ་ཞིག་སྐྱེས་ཤིང་། ངའི་ཕ་ཡུལ་གྱི་ཡུལ་མི་ཚོས་སྤུན་ཟླ་ནང་ཁུལ་རྩྭ་ས་རྩོད་གླེང་སོགས་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་རིམ་པར་བྱུང་བ་དེ་དག་སེམས་སུ་དྲན་ཏེ། ད་ནི་རང་ཁ་སོས་ཙམ་གྱི་ཆོག་ཤེས་མི་བརྟེན་པར་རང་གི་ནུས་ཚོད་ཀྱིས་མི་རིགས་ལ་ཕན་པའི་དོན་ཞིག་སྒྲུབ་དགོས་བསམ་སྟེ། ༢༠༠༦ ལོའི་ཟླ་ ༣ པའི་ཟླ་མཇུག་ཏུ་རང་གི་སྲོག་འབུལ་དགོས་ཀྱང་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་དར་བསྒྲེངས་འཛུགས་བྱ་རྒྱུའི་འགྱུར་མེད་ཀྱི་ཆོད་སེམས་སྙིང་ལ་བཅངས་ནས་ཕྱིར་བོད་ནང་ལོག་པ་ཡིན། ངའི་དམིགས་ཡུལ་གཙོ་བོ་ནི། རྒྱལ་དར་དེ་མཛོད་དགེ་རྫོང་ཐང་སྐོར་ཞང་སྲིད་གཞུང་ནང་སྒྲེངས་འཛུགས་བྱས་ཏེ་ས་གནས་བོད་མི་རྣམས་ཀྱི་མི་རིགས་ཀྱི་བདེན་དོན་དང་། ལ་ཞེན། སེམས་ཤུགས་སྤར་འདོད་པའི་ཀུན་སློང་སྐྱེས་སུ་འཇུག་རྒྱུ་དེ་ཡིན། འཆར་གཞི་འདི་མགོ་འཛུགས་ཀྱི་དུས་ནས་ངས་རང་ཉིད་ཕྱིར་ཡོང་གི་ལམ་ཁ་མེད་པ་ཤེས་སྟབས། བལ་ཡུལ་སྣེ་ལེན་ཁང་གི་ལས་བྱེད་མགོན་པོ་དོན་འགྲུབ་ལ་འབྲེལ་བ་བྱས་ཏེ། ངས་རྒྱལ་དར་སྒྲེངས་འཛུགས་ལེགས་འགྲུབ་བྱུང་ཚེ་ཁོང་ལ་ཁ་པར་གྱི་ལམ་ནས་འབྲེལ་བ་བྱས་རྗེས་ཨ་རིའི་རླུང་འཕྲིན་སོགས་སུ་གནས་ཚུལ་ཁྱབ་བསྒྲགས་བྱེད་རྒྱུའི་འཆར་གཞི་ཡོད། ཡིན་ནའང་། ངའི་རྗེས་སུ་གསང་མི་སླང་ལ་འབུད་རྒྱུ་ཇེ་གསལ་དུ་ཕྱིན་མཐར་ཕ་ཡུལ་ནས་ཕྱིར་ཀན་སུའུ་དང་ལྷ་སར་མི་ལོག་ཀ་མེད་བྱུང་ཞིང་།  ངས་སྲོག་འབུལ་དགོས་ཀྱང་ལས་དོན་འདི་སྒྲུབ་པའི་དམ་བཅའ་སྔར་ནས་བཞག་ཡོད་སྟབས། ལྷ་ས་ནས་རྒྱལ་དར་སྒྲེངས་འཛུགས་ཀྱི་འཆར་གཞི་བཀོད་པ་དང་མགོན་པོ་དོན་འགྲུབ་ལ་འབྲེལ་བ་བྱས་ཏེ་དུས་ཚོད་དང་འཆར་གཞི་ཡོངས་སུ་འགྲུབ་ཟིན་ཀྱང་ཉིན་གྲངས་ཁ་ཤས་རིང་འགོར་འགྱངས་ཕྱིན་རྐྱེན། བསམ་ཡུལ་འདས་པ་ཞིག་ལ་ ༢༠༠༦ ལོའི་ཟླ་ ༥ བའི་ཚེས་ ༡༣ གྱི་ཉིན་གུང་ཆུ་ཚོད་ ༡ ཡས་མས་སུ་ང་ལྷ་ས་གྲོང་ཁྱེར་སྐྱི་རུ་ས་གནས་རུ་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་ཏེ། སེ་ར་དགོན་པའི་གཡོན་རིའི་འདབས་ཀྱི་བཀག་ཉར་ཁང་ཞིག་ནས་མནར་གཅོད་ཚད་མེད་བཏང་སྟེ་འདྲི་བརྩད་བྱས་ཤིང་། སྐབས་དེར་ངའི་གནས་ཚུལ་དང་འགུལ་སྐྱོད་ཆ་ཚང་ཁོང་ཚོས་ང་ལ་ཚུར་བཤད་འོང་གི་འདུག་ལ་། མནར་གཅོད་ཚད་མེད་བཏང་མཐར་ངས་ཁས་ལེན་བྱས་པ་ཡིན།  རྒྱ་མིས་མནར་གཅོད་གང་འདྲ་བཏང་ཡང་བཟོད་བསྲན་དང་ད་དུང་མུ་མཐུད་རྡུང་རྡེག་མྱོང་བཞིན་འདུག་དགོས་པ་ནི། མི་རིགས་འདིའི་བདེ་སྡུག་གི་ཆེད་ཁྲིམས་གཅོད་མྱོང་བཞིན་པའི་བཙོན་མ་ཀུན་གྱིས་མྱོང་དགོས་པའི་ལས་དབང་ལྟ་བུ་ཞིག་རེད་ལ། ༢༠༠༧ ལོའི་ཟླ་ ༣ པའི་ཚེས་ ༢༩ ཉིན་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཆབ་སྲིད་དྲིལ་བསྒྲགས་པའི་ཉེས་མིང་འོག་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་དང་། ལོ་གཉིས་ཀྱི་ཆབ་སྲིད་དབང་ཆ་བླངས་བའི་དཔང་ཡིག་དང་གཏན་འབེབས་ཁྱབ་བསྒྲགས་བྱས་རྗེས་ཆུ་ཤུར་བཙོན་ཁང་དུ་ལོ་གསུམ་རིང་བཙོན་འཇུག་བྱས་པ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་གིས། བཙོན་ཁང་གི་གནས་ཚུལ་དང་བོད་པའི་ཆབ་སྲིད་བཙོན་པ་དེ་དག་གི་གནས་སྟངས་ཐད་བརྗོད་དོན། ཆུ་ཤུར་བཙོན་ཁང་ནི་རྒྱ་གཞུང་གི་ཆབ་སྲིད་བཙོན་པ་གཙོས་དཔལ་འབྱོར་ཉེས་ཅན་པ་རྣམས་བཙོན་འཇུག་བྱེད་ས་གཙོ་བོ་ཞིག་རེད། དེར་བཙོན་ཁུལ་བཞི་དང་བཙོན་ཁུལ་རེ་རེ་ལ་ཡན་ལག་མང་པོ་འདུག བདུན་ཕྲག་རེའི་ནང་ཆབ་སྲིད་བཙོན་པ་རྣམས་ལ་ཆབ་སྲིད་སློབ་གསོ་ཟེར་བ་སྤྲོད་ཀྱིན་འདུག་ལ། གཙོ་བོ་༧གོང་ས་མཆོག་ལ་མཚན་སྨོད་དང་བཙན་བྱོལ་བོད་གཞུང་ལ་སྐྱོན་འཛུགས་དང་དགག་པ་བྱེད་དགོས་པ་དང་། དེའི་རྗེས་བདུན་ཕྲག་རེའི་ཆབ་སྲིད་ངོས་ཟིན་སྙན་ཞུ་འབྲི་དགོས་ཀྱིན་འདུག  ཆུ་ཤུར་བཙོན་ཁང་དུ་བོད་ཆོལ་གསུམ་གྱི་ཆབ་སྲིད་བཙོན་པ་མང་པོ་འདུག་ལ། དེའི་ཁྲོད་བསང་ཆུ་རྫོང་ནས་ཡིན་པའི་ཚེ་རིང་དབང་ཕྱུགས་དང་བཀྲ་ཤིས་དོན་འགྲུབ། ཚེ་བརྟན་ནོར་བུ་སོགས་མང་པོར་ཐུག་འཕྲད་བྱུང་སོང་ལ། སྟབས་ཡག་པ་ཞིག་ལ་ང་སྐད་གྲགས་ཅན་གྱི་རྩོམ་པ་པོ་དང་ཆབ་སྲིད་བཙོན་པ་སྒྲོལ་མ་སྐྱབས་དང་མཚན་གཉིས་རིང་མཉམ་སྡོད་ཀྱི་གོ་སྐབས་ཐོབ། ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་རེད། ཡིན་ནའང་། ཁོང་གིས་ང་ལ་ཡིད་སྐྱོ་ཞིང་སེམས་སྡུག་པའི་གནས་ཚུལ་མང་པོ་ཞིག་བརྗོད་བྱུང་། དེ་ནི་ཁོང་ཉིད་བཙན་བྱོལ་དུ་སླེབས་པའི་ལོ་ཟླ་དེ་དག་ཏུ་བཙན་བྱོལ་བོད་གཞུང་གིས་ཁོང་ཉིད་གསང་ཉུལ་བ་ཞིག་ཏུ་ངོས་འཛིན་གྱིས་ལྟ་རྟོག་བྱས་པ་དང་། ཁོང་ལ་དཀའ་ངལ་དང་གནོན་ཤུགས་གང་མང་སྤྲད་སོང་བའི་བློ་ཕམ་ཡོད་ཚུལ་བརྗོད་བྱུང་། ཡིན་ནའང། ཁོང་གིས་མི་རིགས་ལ་བཅངས་བའི་བརྩེ་བ་དང་སེམས་ཤུགས་འདི་ལྟ་བུ་ཞིག་འདུག་ཅེས་བརྗོད་དཀའ་ནའང། ཁོང་གི་སྤོབས་པ་དང་སྙིང་སྟོབས་ཧ་ལས་བ་ཞིག་རེད། བཙོན་ཁང་དུའང་ནམ་རྒྱུན་སློབ་སྦྱོང་བྱེད་བཞིན་ཡོད་འདུག མཚན་གཉིས་ཀྱི་རྗེས་སུ་ངེད་གཉིས་ཁ་ཁར་གྱེས་སོང་བས་མཉམ་སྡོད་ཀྱི་གོ་སྐབས་མི་འདུག  དེ་མིན་ཆབ་སྲིད་བཙོན་པ་བླ་བྲང་འཇིགས་མེད་རྒྱ་མཚོ་ངེད་གཉིས་ཁྱིམ་མཚེས་ཡིན། ལོ་རྒན་པ་ཡིན་པ་མ་ཟད་ནད་ཀྱིས་བཟུང་ཡོད་པས་འགྲོ་འདུག་ལ་དཀའ་ངལ་འཕྲད་ཀྱིན་འདུག ནག་ཆུ་ནས་ཡིན་པའི་རྒན་པོ་ཚེ་རིང་ལྷ་རྒོད་དང་ཁོང་ཚོ་ཁག་ཅིག་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་རེད་ལ། ད་ལྟའི་ཆར་བཙོན་ཁང་ནང་བོད་མིའི་ཆབ་སྲིད་བཙོན་པ་ ༢༠ ལྷག་ཅིག་འདུག་ལ། ང་ཚོའི་དཀའ་ངལ་ཆེ་ཤོས་ནི་ཕན་ཚུན་ཐུག་འཕྲད་དང་ཁ་བརྡ་བྱེད་མི་ཆོག་པ་དེ་རེད་ཟེར།

ཐ་མར་ཁོང་གིས་འབོད་སྐུལ་གྱི་ཚུལ་དུ་བརྗོད་དོན། ང་རང་ལ་མཚོན་ན་མི་ལོ་གསུམ་རིང་བཙོན་འཇུག་བྱས་པ་དང་། བཙོན་གྲོལ་ཐོབ་རྗེས་ཀྱང་ད་དུང་མུ་མཐུད་སུན་གཙེར་བཟོས་མཐར་ཕྱིར་བཙན་བྱོལ་དུ་འབྱོར་བ་རེད། ཡིན་ཡང། མི་རིགས་འདིའི་དོན་དུ་ད་དུང་ལས་དོན་སྒྲུབ་པའི་སྤོབས་པ་དང་སེམས་ཤུགས་ཡོད། ང་ལ་རེ་བ་ཞིག་ཡོད་པ་ནི། བཙན་བྱོལ་བོད་གཞུང་ནས་ཀྱང་བོད་ནང་བཙོན་འཇུག་དང་མནར་གཅོད་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་དེ་དག་ལ་མཐུན་རྐྱེན་དང་རོགས་རམ་ཞིག་གནང་ཐུབ་ན་ཡག་པོ་རེད། ཅེས་བརྗོད་བྱུང།

འབྲེལ་ཡོད་གསར་འགྱུར།

Mobile App

ལོ་ངོ་ ༡༢༧ རྗེས་ནས་སངས་རྒྱས་ཀྱི་རིག་དངོས་ཕྱིར་སློག་བྱས།

ཆུ་ཚོད་ ༦ སྔོན་ལ།
Flood in Bhotekoshi river washes away Nepal-China border bridge-at-Rasuwagadhi
Mobile App

བོད་མཐོ་སྒང་གི་འཁྱག་རོམ་བཞུས་རྐྱེན་བལ་ཡུལ་ནང་ཆུ་ལོག་འབྱུང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༧ སྔོན་ལ།
སྲིད་སྐྱོང་མཆོག་གིས་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་། ༢༠༢༥།༠༧།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་གནས་སྡོད་མངའ་སྡེ་ལྔའི་ནང་ཕྱོགས་ཕེབས་གནང་བཞིན་པ།

ཆུ་ཚོད་ ༨ སྔོན་ལ།
ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཏ་ཕིར་གྷའོ་མཆོག་བཞུགས་སྒར་དྷ་རམ་ས་ལར་ཆེད་ཕེབས་ཀྱིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༤།༠༩།༠༦
Mobile App

འཚེ་མེད་ཞི་བདེའི་གནས་མཆོག་རྒྱ་གར་གྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞི་བདེའི་རླབས་ཆེན་མཛད་པར་ཆེ་བསྟོད་གཟེངས་རྟགས་དབུལ་དགོས་པའི་འབོད་སྐུལ་ཞུས།

ཆུ་ཚོད་ ༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཨོ་གླིང་གྲོས་ཚོགས་ནང་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས།

༢༠༢༥/༠༧/༣༠
འབའ་རྫོང་དུ་འཚོགས་མུས་ཡིན་པའི་ཐུན་ཏེ་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས།
Mobile App

བོད་ནང་འདུ་འཛོམས་དམ་དྲག་བྱེད་ཀྱི་ཡོད་པ་དང་བསྟུན་དྲིལ་བསྒྲགས་ཤུགས་ཆེ་རུ་བཏང་།

༢༠༢༥/༠༧/༣༠

མཆན། 13

  1. ནད་པ says:
    ལོ་ 16 སྔོན།

    ལྷ་དང་སྲུང་མས་བོད་དང་བོད་པ་ཚོ་སྐྱབས་ཐུབ་པའི་ཡིད་ཆེས་གཏན་ནས་མེད། ལྷ་འདྲེ་ལས་འགྲོ་བ་མི་ཟེར་བ་དེ་ནུས་པ་ཆེ་བ་ཡོད། ང་ཚོས་དོན་དངས་ལ་ཁས་ལེན་བྱེད་དགོས།

    མཁས་དབང་དགེ་ཆོས་ཀྱིས་
    རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས།།
    རང་བྱུང་སྙིང་གི་དབུས་སུ་གནས་པ་འདི།།
    རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ།།
    རང་གི་ནུས་པས་སྲིད་ཞུ་ཅུང་ཟད་སྒྲུབས།།
    ཅེས་གསུངས་པ་ལྟར་ང་ཚོས་ང་ཚོ་སྐྱོབ་ཐུབ་པར་ཡིད་ཆེས་བྱས་ཏེ་ལས་དོན་ལབརྩོན་དགོས།།

    Reply
  2. འཁྱམས་པོ། says:
    ལོ་ 16 སྔོན།

    ཨ་་་ ལྷ་མོ་སྐྱབས་ལགས་ འཚམ་འདྲི་དང་བརྟེན་འབྲེལ་ཞུ། སྙིང་སྟོབས་ལ་ཡིད་རང་ཡོད། འཆར་གཞི་དེ་ཡག་པོ་འདུག་འོན་ཀྱང་མ་འགྲུབ་པ་དེ་བློ་ཕང་པ་ལ་་་་ ཡིན་ཡང་སེམས་མ་ཕམ་འབྱུང་འགྱུར་ནི་ད་དུང་ཡང་ཧ་ཅང་རིང་པོ་ཡོད་པ་རེད།
    གྲོགས་པོ་ལགས་ ་་ ་་་ བློ་བདེ་པར་བཞུགས། ཁྱོད་ཀྱི་བསམ་དོན་འགྲུབ་ཡོང་ལྷ་སྲུང་གིས་ཁྱོད་ལ་གྲོགས་མགོན་མཛོད་་་་

    Reply
  3. གནས་ཚང་། says:
    ལོ་ 16 སྔོན།

    ཐོག་མར་ལྷ་མོ་སྐྱབས་ལགས་སུ་བཀྲ་ཤིས་བདེ་ལེགས་ཡོད། ཞོར་དུ་ཞུ་བྱ་ཁ་ཤས་ཡོད་པ་ནི་སྒྲོལ་མ་སྐྱབས་ལགས་ཀྱི་དེབ་ཅིག་རྩོམ་པ་མཐུན་ཚོགས་ཞེས་པས་དཔར་བསྐྲུན་བྱས་ཡོད་པ་མིན་ནམ། དེ་འདྲ་ཡིན་ན་གློད་གྲོལ་ལ་ཕན་པའི་ལས་འགུལ་མི་སྤེལ་དོན་ཅི།

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    བོད་ཀྱི་དབའ་རྒོད་ལྷ་མོ་སྐྱབས་ལགས་སུ་སེམས་བསམ་པའི་གཏིང་ནས་འཚམ་འདྲི་ཡོད། ཁྱེད་རང་ཐེངས་གཉིས་པར་བཙན་བྱོལ་ཏུ་འབྱོར་བ་ཡིན་སྟབས། བཙན་བྱོལ་བའི་ནང་གི་མི་ལ་ལ་ཞིག་གིས་ཁ་ལ་བདག་པོ་མེད་པ་ཉིད་ཀྱིས་ཤེས་གསལ་ཡིན། ཉིད་ལ་ད་དུང་ཡང་དཔའ་ངར་ཞུམ་མེད་ཀྱིས་སྙིང་སྟོབས་ཤིག་ཡོད་རབས་གླེང་བ་དེར་བསྔགས་བརྗོད་ཡོད།
    རྒྱལ་གཅེས་དབའ་བོ་མི་ཉུང་བ་ཞིག་ད་དུང་བཙོན་ནང་དུ་དཀའ་སྡུག་མྱོང་བཞིན་ཡོད་པ་དེར་འབོད་སྐུལ་ཞུས་པ་དེར་དགའ་བསུ་ཞུ། བོད་བཙན་བྱོལ་གཞུང་གིས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་ཡང་དེ་ལྟར་འབོད་སྐུལ་ཞུ་རོགས།

    Reply
  5. གངས་ཕྲུག says:
    ལོ་ 16 སྔོན།

    དང་པོར་ལྷ་མོ་སྐྱབས་ཀྱི་སེམས་སྟོབས་ལ་ཡི་རངས་དང་མནར་གཅོད་མྱངས་བར་གདུང་སེམས་མཉམ་བསྐྱེད་ཡོད།

    བདེ་བ་ཅན་ལགས། དུས་བབ་འདི་མདོ་སྨད་པའི་ཡིན་སྟབས་མདོ་སྨདཀྱི་གནས་ཚུལ་མ་གཏོགས་དབུས་དང་ཁམས་ཀྱི་གནས་ཚུལ་བཀོད་པ་ཧ་ཅང་ཉུང་ཉུང་རེད། ངས་ཀྱང་ཁྱེད་བཞིན་བསམ་ཚུལ་བཤད་མྱོང་ལ་ངན་སྨོད་ཀྱང་བྱས་མྱོངྲ། ང་འུ་ཐུག་ནས་ཉིན་བཅུ་རེའི་མཚམས་མ་གཏོགས་དུས་བབ་ནང་འཛུལ་གྱི་མེད་ལ་མཆན་ཡང་རྒྱག་གི་མེད། འདིར་འཛུལ་སྐབས་ཡུད་ཙམ་ཡུད་ཙམ་བྱས་ནས་གལ་ཆེའི་གནས་ཚུལ་འདྲ་ཡོད་མེད་བསྟ་གི་ཡོད་ལ་གནས་ཚུལ་སྤེལ་ཕྱོགས་ལ་འགྱུར་ལྡོག་ཕྱིན་ཡོད་མེད་བལྟ་གི་ཡོད། བསམ་ཚུལ་བཤད་ན་དངོས་ཡོད་གནས་ཚུལ་ཡིན་མིན་མ་དཔྱད་པར་ལམ་སེང་ཆོལ་ཁའི་འཐེན་འཁྱེར་རེད་ཟེར་གྱི་འདུག འོ་ད་ཉིན་བཅུའི་རྗེས་མཇལ་ཡོང་།

    Reply
  6. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    རང་རིགས་ལ་ཞེན་པ་དཀར་རོ་གདོང་ལ་བྱུག་ཞིང་རང་རིགས་ལ་དུངས་བ་ཟབ་མོ་སྙིང་ལ་བཅིངས་བའི་རྒྱལ་གཅེས་བ་ལ་གུས་བཀུར་དང་བསམ་དོན་འགྲུབ་པའི་ཁ་་གཡང་འབོད་འོ་མ་དཀར་རོ་ཞིག་འབུལ

    Reply
  7. མཁར་རྔ་། says:
    ལོ་ 16 སྔོན།

    གཉིས་པའང་ཆ་ཚང་འཇུག་ཐུབ་མི་འདུག་པས་སླར་ཡང་་་་་་་་་་་་་
    ངོ་མ་འུ་ཚོའི་མི་རིགས་ཀྱི་དཔའ་བོ་དང་རྒྱལ་ཞེན་པ་རང་རེད། གུས་ཞབས་ཆེན་པོ་ཡོད། བསྟོད་སྨད་གང་གི་དྲག་ཆར་བབས་ཀྱང་། དོན་དངོས་དང་། སྒྲོ་འདོགས་བྲལ་བ། དྲང་བདེན་གྱིས་ལམ་ནས་རང་བཞིན་བརྗོད་དགོས་པ་ནི། འཕྲལ་ཕུགས་གང་ལའང་ཧ་ཅང་གལ་འགངས་ཆེ་ལ་དགེ་མཚན་དེ་བས་ཀྱང་ཆེ་བར་མཐོང་།
    གཞན་དུ་་་་་་་་་རང་གཞུང་ནས་གཡོ་ཟོལ་དང་ལྷད་མེད་པའི་དཔའ་བོ་འདི་རིགས་ལ་རྒྱུན་ལྡན་ལས་དམིགས་བསལ་གཟིགས་སྐྱོངས་གནང་རྒྱུ་གཙོ་ཆེ་སྙམ།
    དེ་མིན་་་་་་་་་་བསམ་སྤྱོད་ཅུང་ཟད་ཙམ་རེ་མ་མཐུན་པ་བྱུང་ཚེ། ཉེས་མིང་སྣ་ཚོགས་ཀྱི་མིང་ཆད་དོན་དངོས་མ་དཔྱད་མ་བརྟག་པར་འདོགས་སྲོལ་ངན་པ་ཞིག རང་རེའི་སྤྱི་ཚོགས་ཁྲོད་ཤོག་བུ་སྣུམ་ཟོས་དང་ཆ་མཚུངས་ཤིག་དར་ཁྱབ་འགྲོ་བཞིན་པ་འདི་ཤིན་ཏུ་ནས་མི་ལེགས་པ་ཞིག་རེད།
    ཉེས་པ་གང་ཞིག་ཡོད་ན་ཡོད་པའི་སྒྲུབ་བྱེད་ཁ་གསལ་གཏིང་གསལ། བདེན་དཔང་ཡིད་རྟོན་འཕེར་ངེས་ཤིག་དགོས་པ་ལས། རི་བོང་ཅལ་འདྲོགས་ཀྱི་རྗེས་སུ་སོང་ཚེ། ནམ་ཞིག་རང་གཞན་གཉིས་ཕུང་ལ་སྦྱོར་བྱེད་ཅིག་ལས་མི་སྲིད།
    གཏམ་དཔེར་་་རྒྱ་དོགས་པས་ཕུངས། ཞེས་པ་གོ་ལྡོག་སྟེ་ང་ཚོ་དེ་ལྟར་འགྱུར་གྲབ་འགྱུར་གྲབ་བྱེད་ཀྱིན་མི་འདུག་གམ།
    དེ་ཡང་དོན་དངོས་ལ་མི་དཔྱོད་པར། རང་དོན་ཁོག་བཅུགས། འགྲན་སེམས་དང་ཕྲག་དོགས། ཞེ་འཁོན་དང་ཕྱོགས་འཛིན་སོགས་ཉོན་མོངས་གདོན་གྱིས་མྱོས་པ་རེ་ཟུང་གིས་སྤྱི་དོན་ལ་ཁག་དཀྲིས་ནས་། ཟློས་གར་གྱི་གཡོ་འབག་གྱོན་ཏེ་ཁྲེལ་མེད་པའི་ཆོ་འཕྲུལ་སྣ་ཚོགས་སྟོན་པ་ལས།
    དཔེར་ན་་་་་་་་་་གོང་གསལ་ལྟར་བཙོན་དུང་དུ་མནར་གཅོད་མྱོང་བཞིན་པ་སྒྲོལ་མ་སྐྱབས་ལྟ་བུ་སོགས་ཀྱིས་མཚོན། ༧གོང་ས་མཆོག་དང་། མི་རིགས་ཀྱི་ལར་ཞེན་དོན་དུ་རང་སྲོག་བློས་གཏོང་ཕོད་པའི་སྙིང་སྟོབས་དང་ཤེས་རབ་ལྡན་པ། ཆེ་ས་རྒྱལ་ལོ་དོན་འགྲུབ་དང་། དམིགས་བསལ་སྐུ་ཚབ་རྣམ་གཉིས། ཆུང་ས་སྤྲིང་འཁྱམས་གཉོམ་གྲལ་འཛིན་པ་ཚུན་ལ་གཞི་མེད་པའི་ཉེས་ཅན་དཀྲུག་བཟོས་ཨ་ཐང་ཆད་དགོས་ཀྱི་ལབ་གླེང་མང་དུ་གོ་ཐོས་འདུག
    དེ་མིན་ཉེ་ཆར་ཡང་རྒྱ་རིགས་ཝང་ལས་འཕྲོས་པའི་རྙོག་གཏམ་སོགས་་་་་་་
    མཐར་ནན་གྱིས་ཞུ་་རྒྱུར་་་་་གནད་དོན་གང་ཞིག་གི་བདེན་དོན་ཐག་གཅོད་དང་། གདོང་རིས་ཇི་ལྟ་བ་བཞིན་མཐོང་འདོད་ཤེས་འདོད་ཡོད་མཁན་སུ་ཡིན་ནའང་། དང་པོ་་་རང་ཉིད་བློ་གཟུ་བོར་གནས་ཐོག བླང་དོར་ལེགས་ཉེས་ཀྱི་སྤུ་རིས་འབྱེད་པའི་ཤེས་རབ་དང་བློ་གྲོས་ཀྱི་བང་རྩལ་འདོན་རོགས། དེ་ནི་བླུན་པོ་ཆུ་སྣ་གར་ཁྲིད་ཀྱི་རང་བཞིན་ལས། ཁྱད་དུ་འཕགས་པའི་བློ་རིག་སྐྱེ་སྟོབས་དང་ལྡན་པ་རྣམས་ཀྱི་འོས་འགན་ཉག་གཅིག་རེད།
    ཐལ་ཆ་རེ་ཤོར་ཡོད་ན་དགོངས་དག་འཚལ།

    Reply
  8. མཁར་རྔ་། says:
    ལོ་ 16 སྔོན།

    དང་པོ་ཆ་ཚང་འཇུག་ཐུབ་མི་འདུག་པས་སླར་ཡང་་་་་་་་་་་་་
    ངོ་མ་འུ་ཚོའི་མི་རིགས་ཀྱི་དཔའ་བོ་རང་རེད། གུས་ཞབས་ཆེན་པོ་ཡོད། བསྟོད་སྨད་གང་གི་དྲག་ཆར་བབས་ཀྱང་། དོན་དངོས་དང་། སྒྲོ་འདོགས་བྲལ་བ། དྲང་བདེན་གྱིས་ལམ་ནས་རང་བཞིན་བ%

    Reply
  9. མཁར་རྔ་། says:
    ལོ་ 16 སྔོན།

    ངོ་མ་འུ་ཚོའི་མི་རིགས་ཀྱི་དཔའ་བོ་རང་རེད། གུས་ཞབས་ཆེན་པོ་ཡོད། བསྟོད་སྨད་གང་གི་དྲག་ཆར་བབས་ཀྱང་། དོན་དངོས་དང་། སྒྲོ་འདོགས་བྲལ་བ། དྲང་བདེན་གྱིས་ལམ་ནས་རང་བཞིན་བརྗོད་དགོས་པ་ནི། འཕྲལ་ཕུགས་གང་ལའང་ཧ་ཅང་གལ་འགངས་ཆེ་ལ་དགེ་མཚན་དེ་བས་ཀྱང་ཆེ་བར་མཐོང་།
    གཞན་དུ་་་རང་གཞུང་ནས་གཡོ་ཟོལ་དང་ལྷད་མེད་པའི་དཔའ་བོ་འདི་རིགས་ལ་རྒྱུན་ལྡན་ལས་དམིགས་བསལ་གཟིགས་སྐྱོངས་གནང་རྒྱུ་གཙོ་ཆེ་སྙམ།
    དེ་མིན་་་་བསམ་སྤྱོད་ཅུང་ཟད་ཙམ་མ་མཐུན་པ་རེ་བྱུང་ཚེ། ཉེས་མིང་སྣ་ཚོགས་ཀྱི་མིང་ཆད་དོན་དངོས་མ་དཔྱད་མ་རྟོགས་པར་འདོགས་སྲོལ་ངན་པ་ཞིག རང་རེའི་སྤྱི་ཚོགས་ཁྲོད་ཤོག་བུ་སྣུམ་ཟོས་དང་ཆ་མཚུངས་ཤིག་དར་ཁྱབ་འགྲོ་བཞིན་པ་འདི་ཤིན་ཏུ་ན

    Reply
  10. བསྟན་འཛིན་ཡོན་ཏན། says:
    ལོ་ 16 སྔོན།

    སྙིང་སྟོབས་རང་རིགས་ལ་ཕྱོགས་པའི་རྒྱལ་གཅེས་པ་བཙན་བྱོལ་དུ་ཕེབས་ཐུབ་པ་བྱུང་བར་མཚམས་འདྲི་ཞུ།གཞིས་ལུས་རྒྱལ་གཅེས་པ་རྣམས་ཀྱིས་རྒྱ་ནག་གི་བཙོན་ཁང་དུ་མྱོང་བཞིན་པའི་སྡུག་བསྔལ་རྣམས་རྒྱལ་སྤྱིའི་མིག་མདུན་དུ་བདེན་དཔང་བྱེད་རྒྱུ་འདི་ཤིན་ཏུ་གལ་ཆེ་སྙམ་མོ།

    Reply
  11. ཚེ་རིང་སྐྱིད། says:
    ལོ་ 16 སྔོན།

    མཚམས་འདྲི་ཞུ་རྒྱུ་ཡིན་ལ་གུས་བཀུར་བྱ་རྒྱུ་ཡིན།
    སྒྲོལ་མ་སྐྱབས་ཀྱི་གནས་ཚུལ་གོ་བས་དགའ་བྱུང་ལ་ཁོང་གི་བློ་ཕམ་དང་སྙིང་སྟོབས་སོགས་ལས་མིག་ཆུའང་ཤོར་སོང་།

    Reply
  12. བདེ་བ་ཅན། says:
    ལོ་ 16 སྔོན།

    ལྷ་མོ་སྐྱབས་ལགས་སུ་འཚམས་འདྲིའི་བཀྲིས་བདེ་ལེགས་ཡོད། དམིགས་ཡུལ་བཟང་པོ་་ཞིག་བཟུང་སྟེ་ཕ་ཡུལ་དུ་བསྐྱོད་ཀྱང་ལས་དོན་ལམ་་ལྷོངས་མ་བྱུང་བར་དཀའ་སྡུག་མྱངས་དགོས་བྱུང་བ་རེད་གདུང་སེམས་མཉམ་སྐྱེད་ཡོད།
    བློ་ཕམ་པ་ཞིག་ལ་ཁྱེད་རང་བཙོན་བཅུག་བྱ་ཡུལ་དུ་རྒྱ་མིས་ཀྱང་ཆོལ་ཁ་དབྱེ་བ་ཕྱེ་ནས་བཞག་གི་ཡོད་པ་རེད་དམ། ཁྱོད་ནས་མིང་བཏོན་བྱས་པ་དེ་དག་ཁོངས་ཁམས་དང་དབུས་གཙང་ཁུལ་གྱི་བཙོན་པ་མེད་པ་དེ་འདྲ་ཡ་མཚན་མ་རེད་དམ།
    ད་དུང་ཆུལ་ཤུལ་བཙོན་ཁང་ཟེར་བ་དེར་ཆབ་སྲིད་བཙོན་པ་ཉི་ཤུ་ཙམ་ལས་མི་འདུག་ཟེར་བ་དེ་ཡ་མཚན་དགོས་པ་ཞིག་འདུག ཡག་ཤོས་བྱུང་བ་ང་རང་བཅུག་སའི་ཁོངས་སུ་ ༢༠་ཙམ་ལས་མི་འདུག་ཅེས་བཤད་ན་ཡག་པ་མི་འདུག་གམ། སྔ་ལོའི་ལོ་་མཇུག་ཏུ་ཕྲན་དང་དབྱིན་ཇིའི་དུས་བབས་ཚགས་ཤོག་གི་གསར་འགོད་པ་དེ་འདྲ་དེ་སྔ་ཆུ་ཤུལ་བཙོན་ཁང་དུ་བསྡད་མྱོང་མཁན་དེ་འདྲར་ལོ་རྒྱུས་བཅར་འདྲིའི་ཆེད་དཔར་ལེན་བྱས་པ་ཡིན། སྐབས་དེ་དུས་ཁོང་ཚོས་ཆུ་ཤུལ་བཙོན་ ཁང་དུ་བཙོན་པ་ ༣༠༠ ལྷག་ཡོད་པ་དང་། ཆབ་སྲིད་བཙོན་པ་ཉུང་མཐར་ ༨༠ ལྷག་ཙམ་ཡོད་རེད། ཡིན་ནའང་ནག་ཉེས་ཆེ་ཆུང་དང་བཙོན་ཁང་ནང་མཐའ་གཅིག་ཏུ་མཁྲེགས་བཟུང་བྱ་མཁན་དེ་དག་དམ་དྲག་ཤིན་ཏུ་ཆེ་བའི་ཁང་པའི་ནང་བཅུག་སྟེ་ང་ཚོ་དང་ཐུག་འཕྲད་བྱ་བཅུག་གི་མེད། དཔེར་ན་བོད་ལྗོངས་སློབ་ཆེན་གྱི་སློབ་མ་བློ་བཟང་བསྟན་འཛིན་དང་། བླ་བྲང་འཇིགས་མེད་རྒྱ་མཚོ།་ འབྲས་སྤུངས་ངག་དབང་ཕུལ་བྱུང་སོགས་ནི་ང་ཚོ་དང་ཕན་ཚུན་ཐུག་རྒྱུ་ལྟ་ཞོག་བཙོན་ཁང་དེར་ཡོད་པ་ཡང་མར་གློད་རྗེས་མ་གཏོགས་ཤེས་ཀྱི་མེད། ང་ཚོ་སྡོད་སར་མི་གྲངས་བཅུ་གྲངས་ཤིག་ཡོད་པ་དེ་དག་ཕན་ཚུན་ཐུག་འཕྲད་ཡོད་སོགས་གསུང་གི་འདུག་པས། ཡང་སྙིང་ཁྱེད་ལ་བླ་བྲང་འཇིགས་མེད་རྒྱ་མཚོ་ཐུག་ཡོད་པ་རེད་དམ། ཁྱེད་རང་ནས་ཁྱིམ་མཚེས་ཡིན་ཟེར་བ་དེ་བཙོན་ཁང་དུ་ཁྱིམ་མཚེས་ཡིན་ན་སྐད་ཆ་འདྲ་བྱུང་ངམ། བཙོན་ཁང་དེར་བུད་མེད་བཙོན་པ་ག་ཚོད་ཙམ་ཡོད་པ་རེད་དམ། བཙོན་ཁང་དེར་ལས་བྱེད་ཚང་མ་བོད་པ་རེད་དམ། རྒྱ་རིགས་ལས་བྱེད་ག་ཚོད་ཙམ་ཡོད་དམ་དེ་འདྲ་ཞིག་གསུང་ཐུབ་ཀྱི་རེད་དམ། གང་བསམ་སྐད་ཆ་འདྲིས་པ་ཡིན་པས་དགོངས་་འགལ་མེད་པ་ཞུ། ལན་གནང་འདོད་མེད་ཚེ་ཁྱད་པར་མེད།།

    Reply
  13. ཨརྱ། says:
    ལོ་ 16 སྔོན།

    ལྷ་མོ་སྐྱབས་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ། གཞན་སྒྲོལ་མ་སྐྱབས་ཀྱི་ལྷང་འཇགས་མེད་པའི་ཧི་མ་ལ་ཡ། ཞེས་པའི་དེབ་དེ་དཔར་ཚར་རབས་འདུག་ཀྱང་མཐོང་རྒྱུ་མི་འདུག་དེའི་སྐོར་ཅང་གསུང་རྒྱུ་མེད་དམ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese